ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་གྲོས་མོལ་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་གྲོས་མོལ་གནང་
ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་གྲོས་མོལ་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-03-19ལྟ་ཀློག (157)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།

ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་གྲོས་མོལ་གནང་།
 

ཟླ3ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་ཨན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་ཁྱབ་སྒྲོག་གནང་།

 ཟླ3ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨན་ཀོ་ལའི་ཙུང་ཐུང་ལའོ་ལུན་སའོ་ལ་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ལའོ་ལུན་སའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་ན་ནིང་ཀྲུང་ཨན་རྒྱལ་ཁབ་གཉིས་ཀས་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས་པ་རེད། ཀྲུང་ཨའི་འབྲེལ་བས་རྒྱལ་སྤྱིའི་སྣེ་མང་འགྱུར་ལྡོག་གང་མང་གི་ཚོད་བགམ་ཐེག་ཐུབ་པར་གྱུར་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་ཡོད། ཀྲུང་ཨན་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ནི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཡིན་ལ། གྲོགས་པོ་བཟང་བོའི་བར་གྱི་ཕན་ཚུན་རོགས་རམ་དང་ཕན་ཚུན་གཉིས་ཕན། མཉམ་ལས་གཉིས་རྒྱལ་བཅས་ཡིན། དེང་སྐབས་ཟང་ཟིང་ཅན་དུ་གྱུར་དང་འགྱུར་བཞིན་པའི་འཛམ་གླིང་འདིའི་མདུན་དུ། ཕྱོགས་གཉིས་ཀས་མུ་མཐུད་དུ་སྲོལ་རྒྱུན་གྱི་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་བར་རྒྱབ་སྐྱོར་བྱས་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས། ཨན་ཀོ་ལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་པ་བཅས་ཀྱི་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཨན་ཀོ་ལའི་བར་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀའི་འཐབ་ཇུས་འབྲེལ་བའི་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་དུ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཨན་རྒྱལ་ཁབ་གཉིས་བར་མཉམ་ལས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་དང་མཉམ་ལས་ཀྱི་གཞི་ཁྱོན་ཆེ་བ། ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་བཅས་ཀྱི་དགེ་མཚན་ལྡན་པས། གཉིས་ཕན་མཉམ་ལས་ལ་སྦས་ཤུགས་དང་མདུན་ལམ་ཆེན་པོ་ཡོད། ཕྱོགས་གཉིས་ཀས་སྤུས་ཚད་མཐོ་བའི་ངང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ། གཙོ་གནད་རྨང་གཞིའི་སྒྲིག་ཆས་ལས་གཞི་ལག་བསྟར་ཡག་པོ་བྱས་ནས། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་བསྐྱོད་དེ། རྣམ་པ་སྣ་ཚོགས་ཀྱི་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཞིང་ལས་དེང་རབས་ཅན་དང་བཟོ་ལས་ཅན། དཔལ་འབྱོར་སྣ་མང་ཅན་བཅས་སུ་འཕེལ་བར་རོགས་རམ་བྱེད་འདོད་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་བདེ་འཇགས་ལ་འགན་ལེན་བྱ་རྒྱུའི་རེ་བ་ཡོད།  ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་ཚོགས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་བཤམས་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད་དེ། ཀྲུང་གོར་བདེ་འཇགས་དང་སྤུས་ལེགས་ཀྱི་ཐོན་རྫས་སྔར་ལས་གང་མང་མཁོ་འདོན་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་སོགས་ཀྱི་ལས་གཞི་མུ་མཐུད་ལག་བསྟར་ཡག་པོ་བྱས་ནས། ཨན་ཀོ་ལའི་ཕྱི་འགྲིམས་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་མཁོ་འདོན་བྱས་ཏེ། མི་གཞུང་རིག་གནས་བརྗེ་རེས་དང་མི་དམངས་ཀྱི་མཛའ་བརྩེ་སྔར་ལས་ཇེ་དམ་དུ་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱི་རང་བཞིན་གྱི་འཕེལ་རྒྱས་འགོག་ཐབས་བྲལ་ཞིང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ངམ་ཡང་ན་དར་རྒྱས་གོང་འཕེལ་གང་ཡིན་རུང་། འཛམ་གླིང་ཧྲིལ་པོར་མཚོན་ནས་བཤད་ན་ལྷོ་ཕྱོགས་ནི་མེད་དུ་མི་རུང་བ་ཞིག་ཡིན། ཀྲུང་གོ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་ལ་སྲུང་སྐྱོབ་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་སྟེང་གི་བློ་གཏད་ཆོག་པའི་གྲོགས་པོ་དང་ཟླ་གྲོགས་རྣལ་མ་ཞིག་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་བྱེད་ཐབས་སྤྱད་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨན་ཀོ་ལ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་མཉམ་དུ་དར་སྤེལ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལའོ་ལུན་སའོ་ཡིས་ཨན་ཀོ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱས་ནས། ཐའེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ཐའེ་ཝན་གནད་དོན་ཐག་གཅོད་གང་ལེགས་ཐུབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་རྩེ་གཅིག་ཏུ་བྱས་པར་བསྟོད་བསྔགས་བྱས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་རྩ་དོན་དང་། དེ་བཞིན་རྒྱལ་ཁབ་སོ་སོའི་བདག་དབང་དང་རང་བཙན། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཆར་འགོད་དང་། དཔལ་འབྱོར་ཚོང་དོན་དང་ཞིང་ལས། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་བར་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ལའོ་ལུན་སའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ལའོ་ལུན་སའོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23595984
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།