ལིས་ཆང་གིས་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གླེང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལིས་ཆང་གིས་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་
ལིས་ཆང་གིས་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གླེང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-03-11ལྟ་ཀློག (84)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།


 ཟླ3པའི་ཚེས6ཉིན། ལིས་ཆང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།

ཟླ3པའི་ཚེས6ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོའི་གཏམ་བཤད་ལ་ནན་གྱིས་གསན་རྗེས། ལིས་ཆང་གིས་ད་ལོ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཐད་གཏན་འཇགས་མིན་པ་དང་ངེས་གཏན་མེད་པ། ཚོད་དཔག་དཀའ་བའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་བ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་དཀའ་ཚེགས་ཀྱིས་འབད་བརྩོན་བྱེད་དགོས། མུ་མཐུད་དུ་ཧུར་ཐག་སྒོས་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་ཀྱི་ཡོ་བྱད་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་བཅས་ལ་ཤུགས་བསྣན་ཏེ། རྒྱལ་ནང་གི་ནང་མཁོའི་སྦས་ཤུགས་བསྐྱེད་པ་དང་དཔལ་འབྱོར་གེགས་མེད་འཁོར་སྐྱོད་འབྱུང་དུ་འཇུག་དགོས། ཤུགས་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་ཁྱད་སྟོབས་གསར་བ་གསར་སྐྲུན་བྱེད་པ་དང་། ཤུགས་ཆེན་པོས་ཞན་ཆར་ཁ་གསབ་དང་ཁྱད་ལྡན་དར་སྤེལ། ཁྱད་ཆོས་གསར་བ་གསར་སྐྲུན་བཅས་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བབ་བསྟུན་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། འབད་བརྩོན་ལྷོད་མེད་ཀྱིས་ཞིང་ལས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ཚད་དང་འདོན་སྤྲོད་ལ་འགན་སྲུང་བྱེད་པར་ཤུགས་སྣོན་དགོས། རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་ཟུང་འབྲེལ་གང་ལེགས་བྱེད་པ་དང་། ཞིང་སྡེ་ནས་སྤར་བའི་མི་གྲངས་གྲོང་ཁྱེར་སྡོད་དམངས་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། རེ་འདུན་ཡོད་པའི་ཞིང་བ་ལས་བཟོ་པ་དག་མཁར་གྲོང་ནས་གཏན་སྡོད་བྱེད་དུ་འཇུག་པ་དང་། ཞིང་སྡེ་རུ་ཡོད་པའི་ཞིང་པའི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཞེས་གསུངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557414
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།