ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་
ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-03-11ལྟ་ཀློག (92)རྩོམ་ཁུངས: ཀྲུང་གོའི་བོད་ཀྱི་དྲ་བ།པར་འདེབ།

ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ།

 

ཟླ་3ཚེས་8ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་དང་གྲོས་ཞིབ་གནང་བ་རེད།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་འདུར་ཞུགས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད། ཀྲའོ་ལེ་ཅིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་འཐུས་ཚོགས་ལ་དཀྲིས་པའི་ལས་འགན་ཁོང་དུ་ཡང་དག་ཆུད་པ་དང་། འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་བླང་བྱར་རང་འགུལ་ངང་འཚམ་པར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་པོ། གནས་ལུགས་ཆེན་པོ་བརྟན་པོར་བསྲུངས་བ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཀྲའོ་ལེ་ཅིས་སྙན་སྒྲོན་གནང་སྐབས་གསུངས་དོན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་བས་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད། གཅིག་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་ལས་འགན་བསྒྲུབས་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། རྩ་ཁྲིམས་ལག་བསྟར་བྱེད་པར་འགན་ལེན་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་བཟོས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པ་མ་ཟད། ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་ཀྱང་བཅད་ཡོད། གཉིས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་དེར་དམ་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དེ་བས་ཚན་རིག་དང་མཐུན་ལ་ཆ་ཚང་བ་དང་གཅིག་གྱུར་དང་དབང་གྲགས་ལྡན་པ་ཞིག་ཡོང་བར་སྐུལ་འདེད་བཏང་ཞིང་། ལོ་གཅིག་རིང་། ཁྱོན་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་34ལ་གྲོས་ཞིབ་བྱས་པའི་ནང་21ལ་གྲོས་འཆམ་བྱུང་བ་དང་། དེའི་ནང་དུ་བཅའ་ཁྲིམས་བཟོས་པ་6དང་། བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་8 བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཆོད་དོན་ཁག་7བཟོས་པ་བཅས་ཚུད་ཡོད། གསུམ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་དཀྲིས་པའི་ལྟ་སྐུལ་དབང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་བཏང་ཞིང་། “གཞུང་གཅིག་ཁང་གཉིས”ཀྱི་སྙན་སྒྲོན་ཁྱོན་བསྡོམས་22ཉན་འཇོག་དང་གྲོས་ཞིབ་དང་། བཅའ་ཁྲིམས་ཁག་5ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར། ཆེད་དོན་འདྲི་རྩད་2དང་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཁག་7སྒྲིག་འཛུགས་བྱས་ནས་སྤེལ་བ། གྲོས་ཆོད་2བཟོས་པ་བཅས་བྱས་པ་དང་། ད་དུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེངས་གྲངས་157212བསྒྲུབས་ཡོད། བཞི་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་འཇོན་ཐང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཤིང་། འཐུས་མིའི་ལས་དོན་ཨུ་ལྷན་འཛུགས་རྒྱུ་གོ་སྐབས་སུ་འཛིན་པ་དང་། རྒྱུན་ལས་ཨུ་ལྷན་དང་འཐུས་མིའི་དབར་འབྲེལ་གཏུག་དང་འཐུས་མི་དང་མི་དམངས་མང་ཚོགས་དབར་འབྲེལ་གཏུག་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། འཐུས་མིའི་ལས་དོན་གཏིང་ཟབ་སྤེལ་བ་དང་རྒྱ་སྐྱེད་བཏང་ཡོད། ལྔ་ནས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ཧུར་ཐག་སྤེལ་ཡོད། དྲུག་ནས“ལས་ཁུངས་བཞིའི”ངེས་གནས་དང་བླང་བྱ་ལྟར། རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།

སྙན་སྒྲོན་གནང་སྐབས་ཀྲའོ་ལེ་ཅིས་གསུངས་དོན། ང་ཚོས་ལས་དོན་ཁྲོད་ད་དུང་ཧེ་བག་དང་མི་འདང་བའི་ཆ་འགའ་ཞིག་གནས་པ་དེ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པས་ཁེངས་སྐྱུང་ངང་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་པ་དང་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

སྙན་སྒྲོན་གནང་སྐབས་ཀྲའོ་ལེ་ཅིས་གསུངས་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིང་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། གོ་གནས་བསྐོ་འཐེན་དབང་ཆ་བཅས་ལག་བསྟར་ནན་ཏན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་གཏོད་ཆེད་ཁྲིམས་སྐྱོང་འགན་ལེན་བྱེད་དགོས།

ཀྲའོ་ལེ་ཅིས་སྙན་སྒྲོན་ནང་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་བཀོད་སྒྲིག་གནང་བ་སྟེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་ལེགས་པར་སྒྲུབ་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ། རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཚགས་ཚུད་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། 2023ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། “གཞུང་དྲང་དང་ལས་ཕྱོད”ལས་དོན་གྱི་བརྗོད་དོན་གཙོ་བོར་དམིགས་པ། རང་སྟོབས་ཁྲིམས་འཛིན་མཐའ་འཁྱོངས་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་དང་དམངས་ཆེད་ཁྲིམས་འཛིན་གཏིང་ཟབ་དང་ཏན་ཏིག་བཅས་བྱས་ཏེ་འདྲི་གཅོད་ལས་དོན་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁག་21081བདག་སྤྲོད་དང་གྱོད་གཞི་ཁག་17855གྱོད་ཐག་བཅད་པ་དེ་དུས་མཚུངས་ལས་54.6%དང་29.5%སོ་སོར་འཕར་ཡོད། རྒྱལ་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་གྱོད་གཞི་ཁག་4557.4བདག་སྤྲོད་དང་གྱོད་གཞི་ཁག་4526.8གྱོད་ཐག་བཅད་པ་དེ་དུས་མཚུངས་ལས་15.6%དང་13.4%སོ་སོར་འཕར་ཡོད།

སྙན་སྒྲོན་ནང་ཀྲང་ཅུན་གྱིས་ཕྱོགས་ལྔའི་ཐད་ནས་2023ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་སྟེ། གཅིག་ནས་སྤྱི་ཡོངས་ལ་ཞབས་འདེགས་ཏན་ཏིག་ཞུས་ཏེ་རང་འགུལ་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱས་པ་དང་། གཉིས་ནས་དམངས་ཆེད་ཁྲིམས་འཛིན་ཏན་ཏིག་བྱས་ཏེ་རང་སྟོབས་ཁྲིམས་འཛིན་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་འགན་ལེན་བྱེད་ཟབ་ཏུ་བཏང་བ། གསུམ་ནས་སྔོན་ཚུད་ལ་དམ་འཛིན་དང་མ་འབྱུང་སྔོན་འགོག་ཏན་ཏིག་བྱས་ཏེ་རང་སྟོབས་ཁྲིམས་འཛིན་ལ་བརྟེན་ནས་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ། བཞི་ནས་འདྲི་གཅོད་དོ་དམ་དང་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རང་སྟོབས་འགན་སྒྲུབ་ལ་བརྟེན་ནས་ཁྲིམས་འཛིན་དྲང་གཞག་འགན་ལེན་བྱས་པ། ལྔ་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་རང་སྟོབས་འགན་སྒྲུབ་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་བཅས་རེད།

ཀྲང་ཅུན་གྱིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2024ལོར་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཏེ་འདྲི་གཅོད་ལས་དོན་གྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཧུར་ཐག་ཞུ་རྒྱུ་རེད། རང་སྟོབས་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་བསྒྲུབ་པར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམ་འཛིན་ནན་པོ་བྱས་ནས་འདྲི་གཅོད་ལས་དོན་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ། ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བའི་ཁྲིམས་ཁང་གི་དམག་ཧྲག་ནུས་ཤུགས་ཡོད་རྒུས་གསོ་སྦྱོང་བྱ་རྒྱུ་རེད། ཡིད་ཆེས་བརྟན་གཏོང་དང་། གསར་གཏོད་ཡར་བརྩོན། དམ་པ་དོན་གཉེར། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། 2023ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ཏེ་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་གྱོད་གཞི་ཚང་མ་ཡག་པོ་བསྒྲུབས་པས་ཞིབ་དཔྱོད་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་སྣ་ཚོགས་ཁྲི་425.3ཞིབ་གཅོད་བྱས་པ་དེ་དུས་མཚུངས་ལས་28.9%འཕར་ཡོད།

སྙན་སྒྲོན་གནང་སྐབས་དབྱིང་ཡུང་གིས་2023ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་སྟེ། གཅིག སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་བསྒྲུབས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གཉིས། དམངས་ཆེད་ཁྲིམས་འཛིན་ནས་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ། གསུམ། ཁྲིམས་སྐྱོང་ཆེད་འགན་འཁྲི་འཁུར་ནས་ཞིབ་དཔྱོད་ལྟ་སྐུལ་གྱིས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་བཏང་བ། བཞི། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཞིབ་དཔྱོད་དབང་ཆ་ཁྲིམས་ལྟར་ཡང་དག་སྤྱད་ཐུབ་པར་བྱས་པ། ལྔ། རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཞིབ་དཔྱོད་ཀྱི་དམག་ཧྲག་གསོ་སྐྱོང་བྱས་པ་བཅས་རེད།

དབྱིང་ཡུང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2024ལོར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཆབ་སྲིད་ཐད་དམིགས་པ་དང་། ཁྲིམས་སྐྱོང་ཐད་ཤུགས་རྒྱག་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིབ་དཔྱོད་ལས་དོན་གྱི་དེང་རབས་ཅན་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་བསྙོན་མེད་དོན་དམ་འདིར་ཁྲིམས་ལྟར་ཞབས་འདེགས་ཞུ་བ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ངང་ལག་ལེན་བསྟར་བ། མི་དམངས་མང་ཚོགས་ཚོར་ཉམས་ལེན་ཐུབ་པ་དང་དངོས་ཕན་ཐོབ་པའི་དམངས་ཆེད་ཞིབ་དཔྱོད་ཏན་ཏིག་བྱེད་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་རྒྱུན་སྲིང་ལྷོད་མེད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཞིབ་དཔྱོད་བྱ་གཞག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572648
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།