རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅོ་ལྔ་བ) ས་སྒང་འཇམ་དབྱངས་མཁྱེན་རབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 12 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅོ་ལྔ་བ) ས་སྒང་འཇམ་དབ
རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅོ་ལྔ་བ) ས་སྒང་འཇམ་དབྱངས་མཁྱེན་རབ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-01-21ལྟ་ཀློག (2061)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར།

   ས་སྒང་འཇམ་དབྱངས་མཁྱེན་རབ་ལགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མལོ་དགུའི་སྟེང་ནས་རྔ་ཡུལ་ས་སྒང་དགོན་ཐུབ་བསྟན་དགེ་འཕེལ་གླིང་གི་ཆོས་གྲལ་དུ་ཞུགས་ཏེ། དགེ་བའི་བཤེས་གཉེན་དམ་པ་བློ་ལྡན་གྱི་མདུན་ནས་དགོན་པའི་ཆོ་ག་རྒྱུད་སྡེ་དང་འདོན་དབྱངས་རྟ་བཅས་ལེགས་པར་སྦྱངས་ནས་ལོ་ལྔའི་རིང་ལ་དབུ་མཛད་ཆེན་མོའི་འགན་ཁུར། ས་སྒང་བླ་མ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་བླངས། བླ་མ་འཇམ་དབྱངས་ཐུབ་བསྟན་ཆོས་གྲགས་སང་དང་། རྗེ་དཀར་རིན་པོ་ཆེ་ངག་དབང་ཀུན་དགའ་རིན་ཆེན། ཁྱབ་བདག་བཀའ་འགྱུར་བ་ཆེན་མོ་མཁན་འཆི་མེད་ཚེ་རིང་སོགས་ཀྱི་མདུན་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་དང་། དཔལ་ས་སྐྱ་བའི་གདམས་ཟབ་ལམ་འབྲས་བུ་དང་བཅས་པའི་དབང་ལུང་མན་ངག་སོགས་ལེགས་པར་ཐོབ་སྟེ། དཔལ་ཀྱེ་རྡོ་རྗེའི་བསྙེན་ཆེན་ལ་སོགས་པའི་མཚམས་དང་ཉམས་ལེན་ལ་ཅི་ནུས་ཀྱིས་གཞོལ་བར་བྱས། དགེ་རྒན་འཇམ་དབྱངས་མགོན་པོ་ཚང་དང་། རྫོང་སར་མཁན་ཆེན་ཐུབ་བསྟན་རབ་གསལ། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་འཇིགས་མེད་རྒྱལ་མཚན། བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ་ལ་སོགས་པའི་མཚན་ལྡན་གྱི་བླ་མ་དང་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་བཅས་ལ་སྦྱངས་པ་གནད་སྨིན་མཛད་པ་དང་།

ཐོས་བསམ་སློབ་གཉེར་བྱེད་པའི་ཞོར་ལ་རྩོམ་ལུས་སྣ་ཚོགས་ཀྱི་སྒོ་ནས་བརྩམས་པའི་རྩོམ་ཡིག་བརྒྱ་ཕྲག་ལྷག་གངས་རྒྱན་མེ་ཏོག་དང་། གུར་ཀུམ་ཆུན་པོ་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་མི་འདྲ་བ་བརྒྱ་ལ་ཉེ་བ་ཞིག་གི་སྟེང་དུ་བཀོད་པར་མ་ཟད། རྩོམ་ཡིག་འགའ་ལ་ཚད་ལྡན་གྱི་བྱ་དགའ་ཡང་ཐོབ། ཉིས་སྟོང་བརྒྱད་ལོར་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་རྣམ་པའི་ཐུགས་བཀོད་ལྟར་དུ་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་རྒན་དུ་གདན་འདྲེན་ཞུས་པ་དང་། མི་ལོ་བཅུ་གསུམ་ལྷག་གི་རིང་ལ་སློབ་གྲྭ་དེ་ནས་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་ཁུར་ནས་སློབ་མ་ཡོངས་ལ་སུམ་རྟགས་དག་གསུམ་དང་ཡིག་གཟུགས་སོགས་ཁྲིད་པར་ནན་གྱིས་བརྩོན་པས་གྲུབ་འབྲས་འབུར་དུ་ཐོན་པར་ཕྱོགས་ཡོངས་ནས་དགའ་བསུ་དང་གདེང་འཇོག་བླ་མེད་ཐོབ། མགོ་ལོག་ཁུལ་སློབ་གསོ་སྡེ་ཁག་གིས་གདན་ཞུས་བཞིན་ལོ་ངོ་དུ་མར་དུས་ལྟར་ཕེབས་ནས་མགོ་ལོག་ཁུལ་གྱི་རྫོང་དྲུག་གི་གཞི་རིམ་གྱི་དགེ་རྒན་མང་བོར་སློབ་མ་སྐྱོང་ལུགས་དང་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་ཟབ་ཁྲིད་གནང་བས་ཕན་པ་མངོན་གསལ་བྱུང་། གཞན་ཡང་མཚོ་སྔོན་རླུང་འཕྲིན་ཁང་དང་དགོན་སྡེ། སློབ་གྲྭ་དང་མང་ཚོགས་སོགས་ཕྱོགས་ཀུན་ལ་ཕེབས་ཏེ་སློབ་གསོ་དང་འཆད་ཁྲིད་གནང་དང་གནང་བཞིན་བཞུགས་པ་དང་།

ལྷག་པར་དུ་ས་སྒང་དགོན་པའི་བླ་མ་ལམ་འབྲས་པ་སྟེ་འཇམ་དབྱངས་ཐུབ་བསྟན་ཆོས་གྲགས་ཚང་དང་བཞད་པ་བསྟན་པ་རྒྱ་མཚོ། མདོ་ཁམས་པ་ཚེ་རིང་དབང་རྒྱལ། སྡེར་ནང་ས་བྲིས་པ་སེང་གེ་དར་རྒྱས་སོགས་ཀྱི་མདུན་ནས་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་སྦྱངས་བ་མཐར་སོན་མཛད་དེ། མདོ་ཁམས་རྫ་རྒྱུད་འབུམ་རྙིང་དགོན་ཤེས་རིག་སློབ་གླིང་དང་། མགོ་ལོག་གྱང་རིང་དགོན་རྨ་རྒྱལ་ཆོས་རིག་སློབ་གླིང་། ཁང་སར་ཇོ་ནང་དགོན་འཇིགས་མེད་ཤེས་རིག་དར་རྒྱས་སློབ་གླིང་། མདོ་སྨད་བཅུ་ཕྲག་རིག་པའི་སློབ་གླིང་། གནམ་མཚོ་གསེར་སྡེར་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་ངུར་སྨྲིག་གསར་བའི་སློབ་གྲྭ། རྔ་ཡུལ་བསེ་དགོན་ཨེ་ཝཾ་ཅོག་སྒར་བཙུན་མའི་དགོན་མི་འགྱུར་བསམ་གཏན་གླིང་གི་རིག་གནས་ཆེད་སྦྱོང་འཛིན་གྲྭའི་བཙུན་མ་ཚོ་བཅས་ཀྱི་གྲྭ་བཙུན་མང་བོར་དབུས་བྲིས་ཀྱི་ཡིག་གཟུགས་སྣ་ཚོགས་དང་བརྡ་སྤྲོད་སོགས་ལོ་ཟླ་དུ་མར་ཟབ་ཁྲིད་བྱས་པས་གྲུབ་འབྲས་ངོ་མཚར་བ་བཞག་དང་འཇོག་བཞིན་ཡོད།

གཞན་ཡང་རྔ་ཡུལ་བསེ་དགོན་ཆེན་གྱི་བསྟན་བདག་རྣམ་གཉིས་སྟེ་བསེ་སྤྲུལ་ཀུན་དགའ་ཕུན་ཚོགས་དང་མཁར་སྤྲུལ་བཀྲ་ཤིས་དོན་གོ། ཨ་དཔལ་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས། གྱང་རིང་དགོན་པའི་མཆོག་སྤྲུལ་བྱང་ཆུབ།སྙན་དགོན་མཆོག་སྤྲུལ་བློ་བཟང་ཉི་མ། རྩིས་མདའ་དགོན་བསྟན་གཉིས་དར་རྒྱས་གླིང་དང་ལྷ་རི་དགོན་གཉིས་ཀྱི་སྤྲུལ་སྐུ་ཆོས་དབྱིངས་སྤྲོས་བྲལ་སོགས་དགོན་སྡེ་མང་བོའི་བསྟན་བདག་དང་བླ་སྤྲུལ་མང་བོ་ལའང་ཡིག་གཟུགས་སྣ་ཚོགས་ཁྲིད་ནས་སྐྱེད་སྲིང་བཟང་བོ་བྱས།

རྔ་ཡུལ་ས་སྒང་དགོན་དང་ཀིརྟི་དགོན། གདོང་རི་དགོན་དང་དྷཱིཿཕུ་དགོན་སོགས་དགོན་པ་འགའི་གྲྭ་བཙུན་རེ་ཟུང་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མགོ་ལོག་དགེ་ཐོན་སློབ་གྲྭ། རྔ་བའི་བོད་ཡིག་སློབ་འབྲིང་སོགས་ཀྱི་སློབ་མ་བརྒྱ་ཕྲག་མང་བོར་ཡིག་གཟུགས་སྣ་ཚོགས་ཞིབ་ཁྲིད་གནང་ནས་གྲུབ་འབྲས་ལེགས་པོ་ཐོབ་པས་ཞིང་ཆེན་དང་ཁུལ།རྫོང་རིམ་པ་ནས་བྱ་དགའ་ཡང་གང་མང་ཐོབ། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་ཐང་ཀ་དང་ཡིག་གཟུགས་སྒྱུ་རྩལ་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་མི་ཡིན། 

བརྩམས་ཆོས་ལ་ཀུན་རྟོག་པིར་གྱི་རྩེད་འཇོ་དང་། བྱིས་པའི་དག་ཡིག་གི་འགྲེལ་བ་གཞོན་ནུའི་མགུལ་རྒྱན། ས་པཎ་དག་སྡེབ་ཀྱི་འགྲེལ་བ་བློ་གསལ་བློ་སྒོ་འབྱེད་པའི་ལྡེ་མིག བསླབ་བྱ་སྙིང་གི་འོད་སྣང་གི་འགྲེལ་བ་བློ་གསལ་ཀུན་ད་དགྱེས་པའི་ཟླ་ཟེར། སྣང་གསུམ་རྒྱུད་གསུམ་གྱི་བསྡུས་དོན་ཐར་འདོད་ལམ་སྟོན། སྡོམ་གསུམ་གྱི་དྲི་བ་དང་དྲིས་ལན་སུམ་བརྒྱ། སྤྱི་ཚོགས་གླེང་བརྗོད་སོགས་དེབ་འགའ་མཆིས་སོ།།


གསལ་བཤད།  
    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་དྲྭ་ཚིགས་རྩོམ་སྒྲིག་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70d བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
24230276
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།