ཞི་ཅིན་ཕིང་གིས་དངུལ་རྩའི་སྐོར་ལ་གསུང་བཤད་གལ་ཆེན་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་དངུལ་རྩའི་སྐོར་ལ་གསུང་བཤད་གལ་ཆེན་གནང་བ།
ཞི་ཅིན་ཕིང་གིས་དངུལ་རྩའི་སྐོར་ལ་གསུང་བཤད་གལ་ཆེན་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-01-21ལྟ་ཀློག (125)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཞི་ཅིན་ཕིང་གིས་དངུལ་རྩའི་སྐོར་ལ་གསུང་བཤད་གལ་ཆེན་ཞིག་གནང་འདུག

 ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་དེ་ཚེས་16ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་འཚོགས་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་འཕེལ་གྱི་ལམ་བུས་དེང་རབས་དངུལ་རྩ་གོང་འཕེལ་གྱི་དོན་དངོས་ཆོས་ཉིད་ལ་བསྟུན་ཡོད་ལ། རང་རྒྱལ་གྱི་རྒྱལ་ཚུལ་དང་འཚམ་པའི་མངོན་གསལ་དོད་པའི་ཁྱད་ཆོས་དེ་བས་ཀྱང་ལྡན་ཞིང་། ནུབ་ཕྱོགས་ཀྱི་དངུལ་རྩའི་དཔེ་རྣམ་དང་ངོ་བོའི་ཐད་ཀྱི་ཁྱད་པར་ཡོད། ང་ཚོས་རང་ཉིད་ལ་ཡིད་ཆེས་བརྟན་པོ་བྱས་ཐོག ལག་ལེན་ཁྲོད་མུ་མཐུད་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ནས། ལམ་བུ་དེར་ཇི་ཙམ་བསྐྱོད་ན་ལམ་བུ་དེ་དེ་ཙམ་རྒྱ་ཆེ་རུ་འགྲོ་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་ཡིས་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད། 

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་དངུལ་རྩ་གོང་འཕེལ་གྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངུལ་རྩའི་ངོ་བོར་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། དངུལ་རྩའི་ལག་ལེན་གསར་གཏོད་དང་རིགས་གཞུང་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བས། རྩ་ཆེ་བའི་ཉམས་མྱོང་གསོག་འཇོག་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་འཕེལ་གྱི་ལམ་བུ་ཞིག་ཏུ་རིམ་བཞིན་བསྐྱོད་ཐུབ་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་གཞི་རྩའི་དམིགས་འབེན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་ཇི་སྲིད་བར་གྱི་བརྗོད་དོན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཁོར་ལམ་ཐོག་དངུལ་རྩའི་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དངུལ་རྩའི་སྒོ་དབྱེ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་བཅས་རེད། དེ་དག་གི་ཐོག་ནས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་དངུལ་རྩའི་ལས་དོན་ལ་ལྟ་སྟངས་གང་འདྲ་འཛིན་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་ཚུལ་གསལ་པོ་བཤད་ཡོད་ཅིང་།  དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་འཕེལ་གྱི་ལམ་བུའི་གཞི་རྩའི་ལངས་ཕྱོགས་དང་ལྟ་ཚུལ། བྱ་ཐབས་བཅས་མཚོན་པའི་ཚོགས་སྤྱི་ཞིག་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་ནི་སྟོབས་ཆེ་བའི་དཔལ་འབྱོར་གྱི་རྨང་གཞིའི་ཐོག་འཛུགས་དགོས་པ་དང་། འཛམ་གླིང་གི་སྔོན་ཐོན་ལ་སླེབས་པའི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་དགོས་པ་དང་ཆབས་ཅིག འགག་རྩ་དང་ལྟེ་བའི་དངུལ་རྩའི་རྐྱེན་གཙོ་རབ་དང་རིམ་པ་ལྡན་དགོས་པ་སྟེ།  དེ་ཡང་སྟོབས་ཆེ་བའི་དངུལ་ལོར་དང་། སྟོབས་ཆེ་བའི་ཀྲུང་དབྱང་དངུལ་ཁང་། སྟོབས་ཆེ་བའི་དངུལ་རྩའི་ལས་ཁུངས། སྟོབས་ཆེ་བའི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས། སྟོབས་ཆེ་བའི་དངུལ་རྩའི་ལྟ་སྡོམ། སྟོབས་ཆེ་བའི་དངུལ་རྩའི་ཤེས་ལྡན་པའི་དཔུང་ཁག་བཅས་དགོས། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་འཛུགས་པར་དུས་ཡུན་རིང་པོ་འབད་བརྩོན་བྱ་དགོས་པ་དང་། སྙིང་རུས་གཏན་འཁྱོངས་བྱ་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དངུལ་རྩའི་མ་ལག་གང་མགྱོགས་འཛུགས་པ་དང་། ཚན་རིག་དང་མཐུན་པ་དང་བརྟན་པོ་དང་སྐྱོན་བྲལ་གྱི་དངུལ་རྩའི་སྙོམ་སྒྲིག་མ་ལག་དང་གྲུབ་གཞི་ལུགས་དང་མཐུན་པའི་དངུལ་རྩའི་ཁྲོམ་རའི་མ་ལག ལས་བགོས་རོགས་ལས་ཀྱི་དངུལ་རྩའི་ལས་ཁུངས་མ་ལག ཆ་ཚང་གོ་ཆོད་ཀྱི་དངུལ་རྩའི་ལྟ་སྡོམ་མ་ལག སྣེ་མང་ཅན་དང་ཆེད་ལས་ཅན་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་མ་ལག རང་བདག་སྟངས་འཛིན་དང་བདེ་འཇགས་ལས་ཕྱོད་མཐོ་བའི་དངུལ་རྩའི་རྨང་གཞིའི་སྒྲིག་ཆས་མ་ལག་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས། དངུལ་རྩའི་ཉེན་ཁ་དང་ལྷག་པར་དུ་མ་ལག་རང་བཞིན་གྱི་ཉེན་ཁ་ནུས་ཤུགས་ཆེན་པོས་འགོག་སེལ་བྱ་དགོས། དངུལ་རྩའི་ལྟ་སྡོམ་གྱིས་སོ་དང་གྲ་ཡོད་པ་དང་། རྣོ་དང་ཟུར་ཡོད་པའི་རྣམ་འགྱུར་དྲག་ནན་འཛིན་དགོས་པ་དང་། འགག་རྩ་དེ་དངུལ་རྩའི་ལྟ་སྡོམ་སྡེ་ཁག་དང་ལས་རིགས་ལ་དོ་དམ་བྱེད་མཁན་སྡེ་ཁག་གཙོ་བོའི་འགན་འཁྲི་ཁ་གསལ་བཟོ་རྒྱུར་ཐུག་ཡོད་པས། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། ཁྲོམ་རའི་ཞུགས་འཐུས་དང་། གཟབ་ནན་ལྟ་སྡོམ། བྱ་སྤྱོད་ལྟ་སྡོམ་སོགས་ལྷུ་ཚིགས་ཁག་ཚང་མར་ཁྲིམས་འཛིན་ནན་པོ་བྱ་དགོས་པ་དང་། དངུལ་རྩའི་ལྟ་སྡོམ་དོ་དམ་དེ་འཕྲེད་ལ་སྣེ་ཐུག་པ་དང་གཞུང་མཐིལ་ལ་ཐུག་པ་བྱ་དགོས། ས་གནས་ཁག་གིས་ས་ཁོངས་གཅིག་གི་གནས་བབ་ཧྲིལ་པོར་གཞི་ཚུགས་ནས། ཁོངས་གཏོགས་ས་ཆའི་ཉེན་ཁ་ཐག་གཅོད་དང་བརྟན་སྲུང་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་དགོས། ཉེན་ཁ་ཐག་གཅོད་ཀྱི་བརྒྱུད་རིམ་ནང་རུལ་སུངས་ལ་མཐའ་གཅིག་ཏུ་ཆད་གཅོད་དང་། ཀུན་སྤྱོད་ཐད་ཀྱི་ཉེན་ཁར་འགོག་སྲུང་ནན་པོ་བྱ་དགོས། དངུལ་རྩའི་ལྟ་སྡོམ་ནི་ཆ་ལག་ཚང་བའི་ལས་གཞི་ཞིག་ཡིན་པས། དངུལ་རྩའི་དོ་དམ་སྡེ་ཁག་དང་སྤྱི་ཁོག་སྙོམ་སྒྲིག་སྡེ་ཁག ལས་རིགས་ཀྱི་དོ་དམ་སྡེ་ཁག་གཙོ་བོ། ཁྲིམས་འཛིན་ལས་ཁུངས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སོགས་ཚང་མར་དེ་བསྟུན་གྱི་འགན་འཁྲི་ཡོད་པས། ལྟ་སྡོམ་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། འགན་དབང་གཅིག་གྱུར་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲིའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། དངུལ་རྩའི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་དགོས་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་བརྒྱུད་རང་རྒྱལ་གྱི་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་སྒྲིག་སྲོལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། བརྟན་པོ་དང་གཟབ་ནན་ངང་དལ་ལྷོད་དང་ཤུགས་ཚད་ལ་སྟངས་འཛིན་ཡག་པོ་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་གཙོ་གནད་དུ་བཟུང་ནས་དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཞུགས་འཐུས་སྔོན་གྱི་རྒྱལ་དམངས་ཐོབ་ཐང་སྟེང་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་དོན་འཁྱོལ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་ཁྲོད་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལ་དཔེ་བསྡུར། ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཁུ་བསྡུ། སྒོ་འབྱེད་སྲིད་ཇུས་ཀྱི་ཁ་གསལ་ཚད་དང་། བརྟན་འཇགས་རང་བཞིན། སྔོན་དཔག་རང་བཞིན་བཅས་ཆེ་རུ་གཏོང་བ། མངའ་ཁོངས་ཕྱི་རོལ་གྱི་མ་དངུལ་གཏོང་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དངུལ་རྩའི་རྒྱབ་སྐྱོར་བྱ་རྒྱུ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། མངའ་ཁོངས་ཕྱི་ནང་གི་དངུལ་རྩའི་ཁྲོམ་ར་མཉམ་འབྲེལ་མཉམ་མཐུད་ཡོང་བར་ཤུགས་སྣོན་རྒྱག་པ་དང་། མངའ་ཁོངས་ལས་སྒྲོལ་བའི་མ་འཇོག་དང་མ་དངུལ་བསྡུ་རུབ་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་ལྟ་སྐུལ་དོ་དམ་བསྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་བཅས་བྱ་དགོས། སྒོ་དབྱེའི་ཆ་རྐྱེན་འོག་གི་དངུལ་རྩའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས། དངུལ་རྩ་སྤུས་མཐོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱས་ཐོག གཞུང་དྲང་དང་ཁ་དན་ཚིག་གནས་དང་། མཐའ་ཚད་ལས་མི་བརྒལ་བ་བྱེད་པ། དྲང་བདེན་ལ་བརྟེན་ནས་ཁེ་ཕན་ལེན་དགོས་པ་ལས་ཁེ་བཟང་ཁོ་ནར་རྔམ་མི་རུང་བ། བརྟན་པོ་དང་གཟབ་ནན་བྱེད་པ་ལས་འཕྲལ་ཕན་འཕྲལ་གཉེར་བྱེད་མི་ཉན་པ། དྲང་སྲུང་གསར་གཏོད་བྱས་ནས་དོན་དངོས་དང་ཁ་མི་འབྲལ་བ། ཁྲིམས་དང་སྒྲིག་སྲོལ་དང་མཐུན་པ་བྱེད་པ་ལས་རང་སྣང་གང་ཤར་མི་བྱེད་པ་བཅས་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས་མཇུག་ཏུ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དངུལ་རྩའི་བསམ་བློ་གཏོང་སྟངས་དང་དངུལ་རྩའི་ལས་དོན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་དངུལ་རྩ་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་པ། དཔལ་འབྱོར་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། 

ཚའེ་ཆི་ཡིས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་པ་དང་། གཟིགས་རྒྱང་རིང་བ། རྒྱས་བཤད་གནད་ལ་འཕིགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་སྟབས། ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་རྒྱལ་གྱི་དངུལ་རྩ་གོང་འཕེལ་གཏོང་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་ངོས་འཛིན་ཡང་དག་བྱ་རྒྱུ་དང་། དངུལ་རྩའི་ལས་དོན་གྱི་ངོ་བོའི་ཆོས་ཉིད་དང་འཕེལ་རྒྱས་ལམ་བུར་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུ། དངུལ་རྩའི་ལས་དོན་གྱི་འཇོན་ཐང་དང་ཉེན་ཁར་ཁ་གཏད་གཅོག་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། སྙིང་བཅུད་ཀྱི་དོན་གནད། ལག་ལེན་གྱི་བླང་བྱ་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱ་དགོས་ཞེས་བསྟན་གནང་ཡོད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཏང་ཡོན་གྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད། 

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས། མཐོ་སློབ་བཅས། བཅིངས་འགྲོལ་དམག་གི་ཚན་པ་ཁག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞིབ་བསྡུར་འཛིན་གྲྭར་ཞུགས་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་འབྲེལ་ཡོད་ཕྱོགས་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་འགོ་ཚུགས་མཛད་སྒོར་ཟུར་ཞུགས་གནང་ཡོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96yc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573653
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།