​དཔོན་སློབ་གཉིས་ཀྱི་དྲི་བ་དྲིས་ལན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »​དཔོན་སློབ་གཉིས་ཀྱི་དྲི་བ་དྲིས་ལན།
​དཔོན་སློབ་གཉིས་ཀྱི་དྲི་བ་དྲིས་ལན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-12-22ལྟ་ཀློག (646)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔོན་སློབ་གཉིས་ཀྱི་དྲི་བ་དྲིས་ལན།


༼༡༽  སློབ་མས། སློབ་དཔོན་ལགས། སེམས་འདུལ་བྱེད་ཀྱི་མན་ངག་གནང་བར་ཞུ་ཞེས་སྐད་ཤུགས་བཏོན་ནས་ཞུས་པས།

སློབ་དཔོན་གྱིས  ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་ཞེས་གསུངས་སོ།།

༼༢༽ ཡང་སློབ་མས།   སློབ་དཔོན་ལགས། ངེད་ཅག་སྟོན་པའི་རྗེས་སུ་ཞུགས་ཀྱང་སྟོན་པའི་ཆོས་གང་ཡིན་གསལ་བོ་མི་ཤེས་པས་བསྟན་དུ་གསོལ་ཞུས་པས།

སློབ་དཔོན་གྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་པར་སྤྱད།།རང་གི་སེམས་ནི་ཡོངས་སུ་འདུལ།།འདི་ནི་སངས་རྒྱས་བསྟན་པ་ཡིན།།ཞེས་གསུངས་སོ།།

༼༣༽ ཡང་སློབ་མས།  གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། ། བགྲོད་པའི་ལམ་དུ་བྱིའུས་རྩོལ་བ་ལྟར། །སྟོབས་བཅུ་མངའ་བ་གང་དུ་གཤེགས་པ་ཡི། །ལམ་མཆོག་དེར་ནི་འཇུག་པར་འདོད་པ་བདག །གནས་ལུགས་དོན་ལ་ལྟ་བའི་བློ་མིག་ཉམས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་འབྱོར་བས་དབུལ། །སྟོབས་ལྡན་ཉོན་མོངས་དགྲ་བོས་རྒྱུན་དུ་གཙེས། །བདག་འཛིན་གཅོང་རོང་ཟབ་མོའི་སྦུབས་སུ་ལྷུང༌། །འདི་འདྲའི་ཉམ་ཐག་གནས་སུ་གྱུར་ལགས་པ། །བརྩེ་ཆེན་ཁྱོད་ཀྱིས་ཡལ་བར་འདོར་ལགས་ན། །དམན་པ་རྣམས་ལ་ཆེས་ཆེར་བརྩེ་བའི་མགོན། །ཁྱོད་ལས་གཞན་པ་གང་ལ་སྐྱབས་སུ་བཟུང༌། །ཞེས་སྨྲེ་སྔགས་འདོན་བཞིན་ཞུས་པས།

སློབ་དཔོན་གྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར་ཡིན་པས། ང་དང་དེ་ལས་གཞན་སངས་རྒྱས་དངོས་སུ་ཕེབས་ཀྱང་ལམ་མ་ནོར་བ་བསྟན་ནས་རྗེས་སུ་འཛིན་པ་མ་གཏོགས་པ། སྡིག་པ་ཆུས་འཁྲུ་བ་སོགས་ནི་བྱར་མེད་པས། ཅིས་ཀྱང་རང་གིས་བརྩོན་པ་བསྐྱེད་དགོས། བླ་མ་དང་སངས་རྒྱས་ཀྱི་གསུང་ཁ་གཏན་ནས་མི་ལེན་པར་གསོལ་བ་རྐྱང་རྐྱང་བཏབ་ནས་བསྡད་པས་ཅིར་ཕན་གསུངས།

༼༤༽ སློབ་མས། ལེགས་སོ།།ད་ནས་བཟུང་གུས་རྟག་ཟུང་གིས་བརྩོན་པར་འདོད་དོ།།ཞེས་ཞུས།

སློབ་དཔོན་གྱིས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱིས་མིར་སྐྱེས་ལ། །ཕན་དང་གནོད་པའི་དོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་གསུངས་སོ།།
ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་སྐལ་མཉམ་འགའ་ཞིག་ལ་ཕན་པ་ཅུང་ཟད་རེ་འབྱུང་སྲིད་དམ་སྙམ་ནས་མདོ་དང་བསྟན་བཅོས་ལས་བཏུས་ཏེ་བཀོད་པའོ།།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23547713
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།