རྟེན་འབྲེལ་གྱི་ཐོག་མ་བླ་མ་བསྟེན་ཚུལ་གལ་ཆེའོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »རྟེན་འབྲེལ་གྱི་ཐོག་མ་བླ་མ་བསྟེན་ཚུལ་གལ་ཆེའོ།།
རྟེན་འབྲེལ་གྱི་ཐོག་མ་བླ་མ་བསྟེན་ཚུལ་གལ་ཆེའོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-12-22ལྟ་ཀློག (603)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

རྟེན་འབྲེལ་གྱི་ཐོག་མ་བླ་མ་བསྟེན་ཚུལ་གལ་ཆེའོ།།

 བཛྲ་ཚུལ་ཁྲིམས་རྒྱ་མཚོ།

བསྟེན་ནོ་བསྟེན་ནོ་བླ་མ་བསྟེན།།

བླ་མ་ལམ་གྱི་རྩ་བ་ཡིན།།

རྣམ་གྲོལ་འདོད་ན་བླ་མ་བསྟེན།།

རྣམ་མཁྱེན་འདོད་ནའང་བླ་མ་བསྟེན།།

མིག་གིས་བལྟས་ནས་བྱས་ཆོག་པའི།།

འཇིག་རྟེན་བྱ་བའང་སློབ་དགོས་ན།།

རང་ཉིད་རྒྱུས་མེད་རྣམ་གྲོལ་ལམ།།

བླ་མ་མེད་པར་ག་ལ་རྙེད།།

དེང་སང་ལ་ལས་བླ་མ་ལ།།

དད་གུས་ཧ་ཅང་བྱེད་དོན་མེད།།

མཁོ་ངེས་དཔེ་ཆའམ་དྲ་ལམ་ནས།།

ཤེས་དགོས་ཤེས་བྱ་ཤེས་ཕྱིར་ཟེར།།

འོན་ཀྱང་བླ་མའི་མན་ངག་ལ།།

འབྲེལ་བ་མེད་པར་ཤེས་བྱ་ཡི།།

རྣམ་གྲངས་མང་བོ་བསགས་ཙམ་གྱིས།།

ཐར་དང་ཐམས་ཅད་མཁྱེན་མི་ཐོབ།།

རང་རྒྱུད་རྟ་རྒོད་མ་ཐུལ་བ།།

བླ་མ་མེད་པར་འདུལ་མི་ཐུབ།།

དེ་ཕྱིར་ཐར་འདོད་བླ་མ་ལ།།

བསྟེན་དགོས་གསུངས་ལ་བདག་ཡིད་ཆེས།།

ང་ནི་རང་གི་དགེ་རྒན་ལ།།

དགའ་མོད་དོན་གྱི་གནས་ལུགས་ལ།།

དེ་བས་དགའོ་ཞེས་ནུབ་ཕྱོགས།།

མཁས་པས་གསུངས་པ་བདེན་ཞེས་ཟེར།།

འོན་ཀྱང་ངས་ནི་གནས་ལུགས་རྣམས།།

མཚན་ལྡན་བླ་མའི་དྲིན་ལས་ཤེས།།

དེ་ཕྱིར་བསམ་སྦྱོར་དག་པ་ཡིས།།

བླ་མ་བསྟེན་ལ་ལྷག་པར་དགའ།།

ཡི་དམ་བླ་མ་ལས་ལྷག་པར།།

བཟུང་ན་དངོས་གྲུབ་ཐོབ་མིན་ཡང་།།

སྒྲ་བསྒྱུར་མར་བའི་བྱུང་བ་ལ།།

གཟིགས་ན་གསལ་བར་ཤེས་ནུས་སོ།།

ཐེག་ཆེན་ལམ་གྱི་ཡོན་ཏན་ཀུན།།

མཚན་ལྡན་བླ་མ་ལས་བྱུང་ཕྱིར།།

བླ་མར་མི་དད་གདམས་ངག་མཆོག །

ཐོབ་ཚུལ་མེད་ཅེས་ཇོ་བོ་གསུངས།།

འཇམ་མགོན་བླ་མའི་ཐུགས་ཀྱི་བཅུད།།

བྱང་ཆུབ་ལམ་རིམ་ཆེན་མོར་ཡང་།།

བླ་མ་བསྟེན་ཚུལ་མདོ་རྒྱུད་བཞིན།།

གསུངས་ལ་ཡིད་ཆེས་ཅིས་མི་བྱེད།།

བླ་མ་ཟུར་དུ་བཞག་བྱས་ཏེ།།

ས་དང་ལམ་གྱི་ཡོན་ཏན་ཞིག །

ཐོབ་ཚུལ་མེད་ཕྱིར་དད་གུས་ཀྱིས།།

བླ་མ་བསྟེན་པ་ཤིན་ཏུ་གཅེས།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548860
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།