ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ།
ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-12-22ལྟ་ཀློག (206)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ།

 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་20ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་འདི་ཤར་ཚུན། ང་རང་དང་ཙུང་ཐུང་ཕུའུ་ཅིང་དབར་ཐུག་འཕྲད་ཐེངས་གཉིས་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བཅས་དབར་འགྲོ་འོང་དམ་ཟབ་བྱས་ཤིང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོའི་ཉོ་ཚོང་ཐད་ང་རང་དང་ཙུང་ཐུང་ཕུའུ་ཅིང་གིས་མཉམ་དུ་བཟོས་པའི་ལོ་འཁོར་གྱི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་2000གི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ནས། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་ལྡེམ་ཤུགས་ཆེན་པོ་དང་རྒྱ་ཆེ་བའི་མདུན་ལམ་མངོན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ནི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྨང་གཞིར་བྱས་ཏེ་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་སང་ལོ་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ཏེ། རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བའི་དགེ་མཚན་ལྡན་པའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་འཕེལ་རིམ་ཁྲོད་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ་དང་གོང་འཕེལ་གཏོང་གཞི་ཆེ་བ། བསམ་བློ་གཏོང་ས་མང་བ། ཡུན་རིང་ལེགས་སུ་འགྲོ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། ཀྲུང་གོས་སྤུས་མཐོའི་གོང་འཕེལ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་སྟེ། ཨུ་རུ་སུ་ཚུད་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་ཕན་ཚུན་གསབ་རེས། སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད། དམངས་སེམས་ཕན་ཚུན་འབྲེལ་བ་བཅས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་ལས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་རྒྱུ། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་པོ་ཡོང་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་སང་ལོ་དང་གནངས་ལོར་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོ་ཡག་པོ་གཉེར་ནས། སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཇུས་འགོད་བྱེད་ཚད་དང་སྤེལ་ཚད་མང་དུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་དབར་མཛའ་གྲོགས་ལྡན་པའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག 

སྨི་ཧྲུའུ་སི་ཅིང་གིས།  ད་ལོ་ཙུང་ཐུང་ཕུའུ་ཅིང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་འཛོམས་ཐེངས་གཉིས་ལེགས་པར་གནང་ཡོད། དེའི་ཐོག་ནས་ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱེད་པའི་འདུན་པ་བཟང་པོ་མཚོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་ཁག་དོན་འཁྱོལ་ནན་ཏན་བྱེད་འདོད་ཡོད། ཁ་སང་ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཀྲུང་གོའི་ཙུང་ལིའི་དུས་བཀག་མཉམ་འཛོམས་ཐེངས་ཉེར་བརྒྱད་པ་བདེ་བླག་ངང་བྱས་ཡོད། ཨུ་རུ་སུའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་དངོས་གཉེར་མཉམ་ལས་བརྟན་པོའི་ངང་འཕར་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་རྒྱུ། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། རིག་གནས་ལོའི་བྱེད་སྒོ་ཡག་པོ་གཉེར་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་དབར་གྱི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་གནང་བའི་འོག་ཀྲུང་གོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཨུ་རུ་སུའི་ཕྱོགས་ནས་ལྷག་བསམ་དག་པའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། འབྲུག་ལོར་ཀྲུང་གོའི་མི་དམངས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།  ལོ་གསར་པའི་ནང་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

སྨི་ཧྲུའུ་སི་ཅིང་གིས་ད་དུང་ཀན་སུའུ་ལ་ས་ཡོམ་བརྒྱབ་པའི་ཐད་ཨུ་རུ་སུའི་སྲིད་གཞུང་དང་མི་དམངས་ཀྱིས་འཚམས་འདྲི་ཞུ་ལུགས་ཞི་ཅིན་ཕིང་ལ་བརྒྱུད་ཞུ་གནང་བ་དང་། ཁོང་གིས། ཨུ་རུ་སུའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས་རོགས་སྐྱོབ་དང་རོགས་རམ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད། དེའི་ཐད་ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། ཀན་སུའུ་དང་མཚོ་སྔོན་དུ་ས་ཡོམ་བརྒྱབ་རྗེས་ཙུང་ཐུང་ཕུའུ་ཅིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་མང་པོ་ཞིག་གི་འཚམས་འདྲིའི་གློག་འཕྲིན་འབྱོར་བྱུང་། ང་ཚོས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་ལས་དོན་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། མིག་སྔར་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོབ་སྟོབས་ཤུགས་དང་དངོས་རྫས་འདང་ངེས་ཡོད་པ་དང་། ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་འོག གནོད་འཚེ་ཕོག་ཁུལ་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་རེད་ཅེས་བསྟན་གནང་ཡོད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23575473
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།