ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་གནས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་གནས་ཚུལ
ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་གནས་ཚུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-12-15ལྟ་ཀློག (192)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།


ཞི་ཅིན་ཕིང་གིས་ཧྥན་མིང་ཀྲེང་དང་མཇལ་འཕྲད་གནང་བ།

 ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་སྲིད་གཞུང་གནས་སར་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་སྲིད་གཞུང་གནས་སར་འབྱོར་སྐབས། ཝེ་ཐེ་ནམ་གྱི་གཞོན་ནུ་དང་ལས་རིགས་ཁག་གི་འཐུས་མི་བརྒྱ་གྲངས་ཀྱིས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་འཁྱེར་ནས་ལམ་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། 

ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཁ་སང་། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་ལྷན་དུ་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བཅུ་གྲངས་ལ་མིང་རྟགས་བཀོད་པར་དཔང་པོ་བྱས་ཡོད། དེ་དག་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ཡོད་པས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་གསལ་བཤད་གང་ལེགས་བྱས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ཕུགས་འདུན་འདུ་ཤེས་གཅིག་མཚུངས་ཡིན་པ་དང་། མདུན་ལམ་དང་ལས་དབང་གཅིག་མཐུན་ཡིན། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་ཐུབ་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་འཕེལ་རྒྱས་བཅས་ཀྱི་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་སྤྲད་ཡོད་པས། ཝེ་ཐེ་ནམ་གྱིས་བཟོ་ལས་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུར་རམ་འདེགས་ཐུབ་རྒྱུ་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེ་བ་དང་དཔལ་འབྱོར་འབྲེལ་བ་ཟབ་མོ་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་བསྐོར་བ་གཅིག”གི་འཐབ་ཇུས་སྦྲེལ་མཐུད་བྱེད་པའི་མཉམ་ལས་འཆར་འགོད་རྩ་གནད་ལ་མིང་རྟགས་བཀོད་ཡོད་པས། རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་ཆེད་བར་ཁམས་གསར་པ་བཏོད་ཡོད། ཀྲུང་གོས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཝེ་ཐེ་ནམ་དང་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་འབྲེལ་བ་ཟབ་ཏུ་གཏོང་བ། མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གསར་པ་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་ཡོད། 

ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་བྱེད་དགོས། ཕྱོགས་གཉིས་པོས་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པ་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བའི་ཐད་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་སྐྱོང་རྒྱལ་སྐྱོང་དང་སྲིད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཆོག་གི་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་དང་། མི་དམངས་དབར་གྱི་མཛའ་གྲོགས་བརྩེ་བ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་མི་རབས་ཀྱིས་གང་མགྱོགས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་རྒྱུན་འཛིན་ཐུབ་པ་བྱེད་དགོས། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་དང་ཝེ་ཐེ་ནམ་གྱི་གསར་བཅོས་སྒོ་དབྱེར་གྲུབ་འབྲས་ཆེན་པོ་ཐོབ་པ་དེ་ནི་རང་ཉིད་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་ཡིན་ལ། ཞི་བདེ་ལྷིང་འཇགས་ཀྱི་འཛམ་གླིང་དང་ལྷག་པར་དུ་སྒོ་དབྱེ་ཁོང་ཡངས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ལས་ཕན་པ་ཐོབ་པ་ཞིག་ཀྱང་རེད། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཟང་ཟིང་བཟོ་རྩིས་བྱེད་མཁན་གང་རུང་ལ་ཕྱོགས་གཉིས་པོས་དོགས་ཟོན་དང་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཐད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 

ཧྥན་མིང་ཀྲེང་གིས་ཝེ་ཐེ་ནམ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས། ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཕུགས་བསམ་གཅིག་མཚུངས་ཡིན་པ་དང་འགྲོ་ལམ་འདྲ་པོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་ཐེངས་རེ་རེ་དང་རྣམ་བཤད་གལ་ཆེན་རེ་རེས་ཝེ་ཐེ་ནམ་ཕྱོགས་ཀྱི་བསམ་བློའི་ངོས་འཛིན་དང་བརྩེ་དུང་ཐད་ཀྱི་ངོས་འཛིན་ཟབ་ཏུ་བཏང་བ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ཡོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་མཛའ་གྲོགས་ལྡན་པ་དང་དེ་བས་ལེགས་སུ་ཕྱིན་ཡོད། ཁ་སང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་གནས་བབ་གསར་པ་གཏན་འཁེལ་གནང་ཡོད། འདི་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ཞིང་། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་གསར་པ་བསྣན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད“ཟུང་འབྲེལ་གཉིས”ཀྱི་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གུས་བཀུར་ཞུ་བ་དང་། ཞུང་ཨན་ཁུལ་གསར་དང་ཧའེ་ནན་རང་མོས་གྲུ་ཁའི་འཛུགས་སྐྲུན་སོགས་ཚུད་པའི་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་ཆེན་པོ་ཐོབ་པར་ཡིད་སྨོན་བྱེད་ཀྱི་ཡོད་ཅིང་། མུ་མཐུད་ནས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་སྨྱན་སྦྱོར་ཐོག་སྤེལ་བའི་རྩོམ་ཡིག་ནང་གི་ལྟ་བ་གལ་ཆེན་ལ་ང་རང་ནས་ཡོངས་སུ་མོས་མཐུན་ཡོད། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་ནི་ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གི་རིམ་པ་མཐོ་ཤོས་དང་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། ཝེ་ཐེ་ནམ་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་ཀྱང་ཡིན། ཝེ་ཐེ་ནམ་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་གལ་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་ཏན་ཏིག་བྱེད་པ། “དེ་བས་དྲུག”གི་དམིགས་འབེན་ལ་བརྩི་སྲུང་ཞུ་བ། མཐོ་རིམ་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། ས་གནས། དམངས་ཁྲོད། འགོག་སྲུང་། བདེ་འཇགས་སོགས་ཐད་ཀྱི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཝེ་ཐེ་ནམ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་དུས་ཚོད་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཡོད་པས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གི་དབྱེན་སྦྱོར་དཀྲུག་ཤིང་དང་འགོག་རྐྱེན་བཟོ་བའི་ཤུགས་རྐྱེན་ཐེབས་མི་སྲིད། ཝེ་ཐེ་ནམ་དང་ཀྲུང་གོའི་དབར་ལས་དབང་གཅིག་མཐུན་མ་ལག་གཏོད་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་ཡིན་ལ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་མཇལ་འཕྲད་ནང་ཞུགས་ཡོད།


ཞི་ཅིན་ཕིང་གིས་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིར་ཝེ་ཐེ་ནམ་གྱི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་རྒྱལ་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་ཕེབས་འབྱོར་ཟིན་སྐབས། ཝང་ཐིང་ཧུའེ་དང་ཝེ་ཐེ་ནམ་ལས་རིགས་ཁག་གི་འཐུས་མིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་ཡིན་པ་དང་། ཕུགས་བསམ་དད་སེམས་གཅིག་མཐུན་ཡིན་པ། མདུན་ལམ་དང་ལས་དབང་ཕན་ཚུན་འབྲེལ་བ། རང་སོའི་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཁྲོད་ཕྱོགས་གཉིས་ཀྱི་འབྲེལ་བར་དམིགས་བསལ་གྱི་གནས་བབ་ལྡན་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་73རིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱལ་ཁབ་རང་བཙན་བརྩོན་ལེན་དང་མི་རིགས་བཅིངས་འགྲོལ་བྱ་གཞག་ཐད་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་པའི་ཁྲོད་རིམ་པ་དེ་བས་མཐོ་རུ་ཕྱིན་པ་དང་། ཕྱོགས་གཉིས་པོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཁྲོད་འབྲེལ་བ་དེ་བས་གཏིང་ཟབ་ཏུ་ཕྱིན་ཡོད། འདི་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་བར་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བའི་ལོ་ཞིག་རེད། ཁ་སང་། ང་རང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་གིས་ལྷན་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཕྱི་ཕྱོགས་ལ་ཀྲུང་ཝེའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཉིས་པོས་མཛའ་གྲོགས་མཐུན་སྒྲིལ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་ཡིན་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཀྲུང་ཝེའི་འབྲེལ་བར་མུ་མཐུད་ལྟ་སྟངས་འཛིན་པ་དང་། མཛའ་གྲོགས་མཉམ་ལས་ཀྱི་ལམ་བུ་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 

གཅིག་ནས་ཕྱོགས་གཉིས་པོའི་འབྲེལ་བར་སྣེ་ཁྲིད་ཡག་པོ་བྱེད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྲོལ་རྒྱུན་བཟང་པོ་དང་བྱ་ཐབས་བཟང་པོར་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། མཐོ་རིམ་གྱི་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཏང་དང་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཉམས་མྱོང་སྤེལ་རེས་དམ་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་དང་ཕུན་སུམ་ཚོགས་སུ་གཏོང་བ། ཕྱོགས་གཉིས་པོའི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས། ཕྱོགས་གཉིས་འབྲེལ་བ་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་ཐོག་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། 

གཉིས་ནས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ཡག་པོ་གཏོང་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ཀ་བསྒྱུར་བཅོས་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པ་དང་། གཉིས་ཕན་མཉམ་ལས་བྱ་རྒྱུར་ལྷན་སྐྱེས་ཀྱི་བཟང་ཆ་ལྡན་ཡོད་ལ་དངོས་ཡོད་ཀྱི་དགོས་མཁོ་ཡང་རེད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། མཉམ་སྦྲེལ་མཉམ་མཐུད་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག སྦགས་མེད་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། 

གསུམ་ནས་གནད་དོན་གྱི་ཕྱོགས་འགལ་དོ་དམ་ཚོད་འཛིན་ཡག་པོ་བྱེད་དགོས། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་གྱི་ངོས་འཛིན་དང་བསམ་འདུན་དེ་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་པ་དང་། འགལ་མེད་མཉམ་གནས་ཐོག་ནས་མཉམ་ལས་ལ་སྐུལ་འདེད་དང་། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། མཚོ་ཐོག་མཉམ་ལས་དང་ལྷག་དོན་དུ་ཐུན་མོང་གསར་སྤེལ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པ་བཅས་ཡིན། 

 ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱིས་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་ནས། རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྤེལ་རེས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལྟ་སྐུལ་ཐད་ཀྱི་ཕན་ཡོད་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་གཅིག་སྒྲིལ་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ནས། རང་སོའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་དང་ནུས་པ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཝེའི་ལས་དབང་གཅིག་མཐུན་མ་ལག་གི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད། 

ཝང་ཐིང་ཧུའེ་ཡིས་ཝེ་ཐེ་ནམ་མི་དམངས་ཀྱི་ཚབ་ཞུས་ནས། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་རྗེས་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣས་ཝེ་ཐེ་ནམ་དུ་འཚམས་འདྲི་གནང་བ་ཞིག་ཡིན་པ་དང་། ཀྲུང་ཝེའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བ་དང་ཏག་ཏག་འཁེལ་ཡོད། ཁ་སང་། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྷན་དུ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པ་མཐོ་རུ་བཏང་སྟེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཀྲུང་ལས་དབང་གཅིག་མཐུན་མ་ལག་ཐུན་མོང་ཐོག་བསྐྲུན་རྒྱུའི་མོས་མཐུན་གནང་ཡོད། དེ་ནི་འགོ་ཁྲིད་རྒན་རབས་པ་ཚོས་བཞག་པའི“ཝེ་ཀྲུང་མཛའ་སེམས་ཟབ། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”དམིགས་བསལ་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་ཐུབ་ངེས་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་འདུ་ཤེས་ལ་ཚད་མཐོའི་ཁས་ལེན་བྱེད་པ་དང་། ཀྲུང་གོར་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་བ། ཀྲུང་གོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་འགན་འཁྲི་འཁུར་མཁན་གྱི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཡོད། ཝེ་ཐེ་ནམ་རྒྱལ་ཚོགས་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བར་གྱི་འབྲེལ་བ་ནི་ཝེ་ཀྲུང་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཝེ་ཐེ་ནམ་རྒྱལ་ཚོགས་ཀྱིས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བར་དམངས་འཚོ་དང་། ཁྲིམས་སྐྱོང་། རུལ་སུངས་ལ་ངོ་རྒོལ་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྡུད་བྱས་ནས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་བརྟན་དུ་བཏང་སྟེ། ཝེ་ཀྲུང་བར་ལས་དབང་གཅིག་མཐུན་མ་ལག་བསྐྲུན་ཆེད་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།


ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་མཇུག་འགྲིལ་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཟླ་12ཚེས་13ཉིན་གྱི་དགོང་མོ་ཆེད་གཏོང་གནམ་གྲུར་བཞུགས་ནས་རྒྱལ་ནང་དུ་ཕྱིར་ལོག་གནང་ཡོད། ཧ་ནོ་དབྱི་ནས་ཞལ་གྱེས་ཏེ་གནམ་ཐང་དུ་ཕེབས་པའི་ལམ་བར་དུ།   ས་གནས་དེ་གའི་མང་ཚོགས་དང་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་འཛོམས་ཐོག ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་ཕེབས་སྐྱེལ་ཞུས་པ་མ་ཟད།  འཚམས་འདྲི་ཡིད་བཞིན་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།

ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་།  ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།   ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།  ཀྲུང་དབྱང་ནང་སྲིད་པུའི་པུའུ་ཀྲང་ཕན་ཐིང་ཀྲོའོ།   ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།   ཀྲུང་དབྱང་ཕྱི་ཕྱོགས་པུའི་པུའུ་ཀྲང་ལི་ཧོའེ་ཀྲུང་སོགས་ཝེ་ཐེ་ནམ་སྲིད་ཏང་གི་འགོ་ཁྲིད་དང་ས་གནས་ཀྱི་འཐུས་མི་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད། 

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད།  ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི།   ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།  སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕྱིར་ལོག་གནང་ཡོད།  



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572290
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།