​བོད་ཀྱི་རྩམ་པར་འཛམ་གླིང་གི་ཨང་དང་པོ་ཐོབ་འདུག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​བོད་ཀྱི་རྩམ་པར་འཛམ་གླིང་གི་ཨང་དང་པོ་ཐོབ་འདུག
​བོད་ཀྱི་རྩམ་པར་འཛམ་གླིང་གི་ཨང་དང་པོ་ཐོབ་འདུག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-10-27ལྟ་ཀློག (2503)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


    འཇར་མན་གྱི་དུས་ཚོད2023ལོའི་ཟླ10ཚེས24ཉིན་གྱི་ཆུ་ཚོད17:30ཙམ་ལ། ཀྲུང་གོའི་འཐུས་མི་རུ་ཁག་ལIBMའཛམ་གླིང་བག་སོབ་བཟོ་བའི་འགྲན་སྡུར་གྱི་ཨང་དང་པོ་ཐོབ་པ་མ་ཟད། རྣམ་གྲངས་རྐྱང་པ་གཉིས་ཀྱི་ཨང་དང་པོ་བླངས་ནས། ཧྥ་རན་སེ་དང་། རི་པིན། འཇར་མན་སོགས་གཡོས་སྦྱོར་སྐད་གྲགས་ཡོད་པའི་རྒྱལ་ཁབ་ལས་རྣམ་པར་རྒྱལ་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ནས་སླར་ཡང་ཨང་དང་པོ་བླངས་ཡོད།

    ད་ཐེངས་འགྲན་སྡུར་ལ་ཞུགས་མཁན་ཀྲུང་གོའི་འཐུས་མི་རུ་ཁག་གི་འཚོ་བཅུད་ལྡན་པའི་བག་སོབ་ལ་ཧྲང་ཧའེ་བོད་སྐྱོར་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་གཞིས་རྩེ་བོད་ལྗོངས་ཞིབ་འཇུག་བཟའ་བཅའ་ཚད་ཡོད་ཀུང་སིས་མཉམ་དུ་གསར་སྤེལ་དང་མཁོ་འདོན་བྱས་པའི་གཞིས་རྩེའི་ནས་བསྙལ་བའི་ས་བོན་དང་རྩམ་པ། དེ་བཞིན་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་མཉམ་དུ་བསྲེས་པས། འཛམ་གླིང་དུ་ཀྲུང་གོའི་བག་སོབ་ཀྱི་ཐུན་མོང་མ་ཡིན་པའི་ཆ་མངོན་ཐུབ་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་གཡོས་སྦྱོར་ལས་རིགས་ཀྱི་རྒྱུན་སྤྱོད་གྲོ་ཞིབ་མང་ཆེ་བ་ནུབ་ཕྱོགས་རྒྱལ་ཁབ་ཆེ་ཁག་ནས་ཐོན་གྱི་ཡོད། ཡིན་ནའང་ད་ཐེངས་བོད་ཀྱི་རྩམ་པ་འཛམ་གླིང་གི་འགྲན་སྡུར་ལ་ཐོན་པ་དང་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་ལས། ས་མཐོའི་བདེ་ཐང་གི་བཟའ་བཅའ་འདིར་འཛམ་གླིང་གཡོས་སྦྱོར་ལས་རིགས་ཀྱི་ཁས་ལེན་ཐོབ་པ་མ་ཟད། གཡོས་སྦྱོར་ལས་རིགས་རྩེར་སོན་ལ་གདམ་ག་གསར་པ་ཞིག་མཁོ་འདོན་བྱས་ཡོད། ཧྲང་ཧའེ་བོད་སྐྱོར་གྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་འགྲན་སྡུར་ལ་ཨང་དང་པོ་ཐོབ་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་གཡོས་སྦྱོར་ལག་རྩལ་ངོམས་པ་མ་ཟད། འཛམ་གླིང་ལ་བོད་ཀྱི་ནས་སོན་ལེགས་སུ་གཏོང་བའི་ལག་རྩལ་གྱི་ཕུལ་བྱུང་གྲུབ་འབྲས་མངོན་པར་བྱས་ཡོད། སླད་ཕྱིན་བོད་ཀྱི་ནས་ལ་མི་དེ་བས་མང་བས་ངོས་འཛིན་དང་ཁས་ལེན་འཐོབ་པའི་ཡིད་ཆེས་ཡོད་ཅེས་བཤད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574879
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།