ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།
ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-10-20ལྟ་ཀློག (283)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་18ཉིན་གྱི་ཉིན་དགུང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས།  ཙུང་ཐུང་ཕུའུ་ཅིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ལ་ཐེངས་གསུམ་བསྟུད་མར་ཞུགས་པ་དེའི་ཐོག་ནས་ཨུ་རུ་སུའི་ཕྱོགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས།  ཨུ་རུ་སུ་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་པའི་རོགས་ཟླ་གལ་ཆེན་ཞིག་ཡིན།   ཀྲུང་གོ་དང་ཨུ་རུ་སུའི་ཤར་ཐིག་རང་བྱུང་སོལ་རླངས་སྦུག་ལམ་སོགས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དོན་ངོ་མའི་ཕན་པ་ཐོབ་ཡོད།  ཀྲུང་གོས་ཨུ་རུ་སུ་དང་དེ་བཞིན་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས། ཆུ་ཚད་དེ་བས་མཐོ་བ་དང་བང་རིམ་དེ་བས་གཏིང་ཟབ་པའི་ས་ཁོངས་མཉམ་ལས་བྱ་འདོད་ཡོད།   ཀྲུང་གོ་དང་མོང་གོལ་ཨུ་རུ་སུ་བཅས་ཀྱི་རང་བྱུང་སོལ་རླངས་སྦུག་ལམ་རྣམ་གྲངས་ལ་གང་མགྱོགས་དོན་ངོ་མའི་འཕེལ་རིམ་ཐོན་པ་དང་།  ལེ་དབར་ཁྲི་ཡི་ཇ་ལམ་ཞེས་པའི་རྒྱལ་ཁོངས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་དོན་གཉེར་ཡག་པོ་བྱས་ཏེ།  ཀྲུང་གོ་དང་མོང་གོལ་ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་དེ་ཉིད་སྤུས་ཀ་ལེགས་པའི་འབྲེལ་མཐུད་གོང་འཕེལ་ལམ་བུ་ཞིག་ཏུ་བསྐྲུན་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།  

ཞི་ཅིན་ཕིང་གིས། ཇི་སྲིད་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་།  ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས།   གཉིས་ཁེ་མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་སྐབས་འཕྲལ་གྱི་ཐབས་ཇུས་ཤིག་མིན་པར་ཡུན་རིང་གི་བྱེད་ཐབས་ཤིག་རེད། སང་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་འཕྱུགས་མེད་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞི་ཚུགས་ཏེ། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས།  ཨུ་རུ་སུའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་མི་རིགས་བསྐྱར་དར་གྱི་ལམ་བུའི་ཐོག་སྐྱོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།   གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨུ་རུ་སུའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་མཉམ་ལས་སྤེལ་བ།  2024ལོ་ནས་2025ལོ་བར་གྱི་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོ་གོ་སྐབས་སུ་བྱས་ནས།  སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་དགོས་ཞེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས།   མི་རིང་བའི་གོང་། འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལོ་རྒྱུས་རང་བཞིན་གྱིས་མང་དུ་སོང་བ་དེའི་ཐོག་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བའི་སེམས་ཤུགས་མངོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་སང་ལོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཁ་ཧྲན་ཐུག་འཕྲད་ཡག་པོ་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་།   ཨུ་རུ་སུ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས།    རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ།   འབྲུ་རིགས་བདེ་འཇགས་དང་།   ནུས་རྒྱུའི་བདེ་འཇགས།   དེ་བཞིན་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་རྒྱུ་བཅས་ལ་སྲུང་སྐྱོང་བྱ་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དང་དེ་བཞིན་ས་ཁུལ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད། 

ཕུའུ་ཅིང་གིས་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་།  ཁོང་གིས།  ཀྲུའུ་ཞི་ཞི་ཅིན་ཕིང་ནས་ལོ་བཅུའི་གོང་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཡིད་བཞིན་ལེགས་འགྲུབ་བྱུང་ནས་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད།  ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བརྗོད་གཙོའི་གཏམ་བཤད་ལ་ཚད་མཐོའི་གདེང་འཇོག་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་དང་དགོངས་པར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རླབས་ཆེན་བྱ་གཞག་འདིར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ལ་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།  

ཕུའུ་ཅིང་གིས།  ད་ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ལེགས་པར་གནང་བ་དང་།  ང་ཚོས་གནད་དོན་གལ་ཆེན་མང་པོ་ཞིག་གི་ཐད་འབྲེལ་གཏུག་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་བྱུང་བ་དེ་དག་དོན་འཁྱོལ་ནན་ཏན་བྱེད་བཞིན་ཡོད། རྒྱལ་སྤྱིའི་དུས་བབ་ཀྱི་འཕོ་འགྱུར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་བརྒྱའི་འགྱུར་ལྡོག་ཆེན་པོའི་འཐབ་ཇུས་ཀྱི་བརྡར་གཅོད་དེར་རྦད་དེ་ར་འཕྲོད་བྱས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲིག་གཞིའི་ནང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ནས།  རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་དང་།  དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་།   ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས།  ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སང་ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ།  ཨུ་རུ་སུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་འདོད་ཡོད་ཅེས་གསུངས་ཡོད། 

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574177
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།