བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གསུམ་པ) པཎྜི་ཏ་ཚེ་དབང་ཀུན་ཁྱབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གསུམ་པ) པཎྜི་ཏ་ཚེ་དབང་ཀུན་ཁྱབ།
བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གསུམ་པ) པཎྜི་ཏ་ཚེ་དབང་ཀུན་ཁྱབ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-10-13ལྟ་ཀློག (316)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པཎྜི་ཏ་ཚེ་དབང་ཀུན་ཁྱབ།

གྲུབ་མཐའ། བཀའ་བརྒྱུད་པ།

འཁྲུངས་འདས། ༡༧༡༨-༡༧༩༠

པཎྜི་ཏ་ཚེ་དབང་ཀུན་ཁྱབ་མཆོག་ནི། རབ་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ་(༡༧༡༨)ལོར་ཡབ་འབེ་སྒྲོལ་མགོན་དང་ཡུམ་བསོད་ནམས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ཟུར་མང་དགོན་དང་ཉེ་བར་འབེ་དམ་ཐོག་སྒང་དུ་སྐུ་འཁྲུངས། ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་ནས་ཀརྨ་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་བདུན་གྱི་ཐོག་ཟུར་མང་ཀརྨ་བསྟན་འཛིན་དབང་ཕྱུག་གི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ཀརྨ་ཀུན་ཁྱབ་ཏུ་གསོལ།  དགུང་ལོ་དགུ་ནས་བཅོ་ལྔ་བར་ཆོ་ག་ཆོས་སྤྱོད་བློ་འཛིན་དང་། སྒྲ་རྩིས་སོགས་ཐུན་མོང་རིག་གནས་སྐོར་གསན་བསམ་མཛད། ཆུ་བྱི་ཕྱི་ལོ་(༡༧༣༢)ལོར་སི་ཏུ་པཎ་ཆེན་ལ་ཐོག་མར་མཇལ། ཆུ་གླང་ཕྱི་ལོ་(༡༧༣༣)ལོར་སི་ཏུ་པཎ་ཆེན་ལས་འཇམ་དབྱངས་རྗེས་གནང་དང་ཀར་ལུགས་བདེ་མཆོག་ལྷ་ལྔ་དང་ཕག་མོ་ལྷ་ལྔའི་རྗེས་གནང་ཞུས། ཤིང་སྟག་ཕྱི་ལོ་(༡༧༣༤)ལོར་ཟུར་མང་དགེ་ལྡན་དགོན་གྱི་ཁྲི་སྤྲུལ་བློ་བཟང་རྣམ་རྒྱལ་ལ་ཕར་སྒྲ་ཀ་ལ་པའི་ས་རིས་ཀྱི་རི་མོ་བསླབས། ཚུར་ལ་ཕུག་ལུགས་པའི་སྐར་རྩིས་འགའ་རེ་གསན། ཕྱི་ལོ་(༡༧༣༥)ལོར་དཔལ་སྤུངས་སུ་ཕེབས་ནས་རྗེ་དབོན་ཀརྨ་ངེས་ལེགས་དང་བསམ་གཏན་སྐུ་མཆེད་མཇལ། ལོ་དེར་མགོན་པོ་བེར་གྱི་བསྐང་གསོལ་ཆེན་མོ་བློ་འཛིན་མཛད། ཀར་ལུགས་ཀྱི་འདོན་ཆོག་རྣམས་ལ་བྱང་ཆུབ་པར་མཛད། ས་རྟ་ཕྱི་ལོ་(༡༧༣༨)གནམ་ལོ་གསར་ཚེས་ཀྱི་དབོ་ཟླ་བའི་ནང་སི་ཏུ་པཎ་ཆེན་གཙོས་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། སི་ཏུ་པཎ་ཆེན་གྱི་མདུན་ནས་རླུང་སེམས་གཉིས་མེད་ཀྱི་ཁྲིད་དང་། སྒྲོལ་དཀར་ཚེ་ཁྲིད། བདེ་ཆེན་ཞིང་སྦྱོང་གི་ཁྲིད། སྙན་ངག་མེ་ལོང་མའི་དོགས་གཅོད་ཐོར་བུ་བཅས་ཞུས། ས་ལུག་ཕྱི་ལོ་(༡༧༣༩)ལོར་རྒྱལ་རོང་བསམ་གཏན་དགོན་དང་། ཁྲོ་ཆུ་ཤུ་བྷཾ་དགོན་དུ་གྲྭ་བཙུན་རྣམས་རབ་བྱུང་གི་སྡོམ་པ་དང་དབང་ལུང་ཆོས་ཁྲིད་གནང་། ཁོང་གི་གསུང་རྩོམ་ནི། སི་ཏུའི་རང་རྣམ་གྱི་རྩོམ་འཕྲོ་བསྐྱངས། སྒྲ་དང་རྩིས། ཀཾ་ཚང་ཆོས་འབྱུང་ཟླ་བ་ཆུ་ཤེལ་གྱི་ཁ་སྐོང་། ཀུན་རིག་དང་མི་འཁྲུགས་སོགས་ཆོ་གའི་རྣམ་བཤད་སྣ་ཚོགས། གྲུབ་མཐའི་བཞེད་ཚུལ་གྱི་རྣམ་བཞག  པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་གླེང་མོལ་བྱས་པའི་ཟིན་བྲིས་སོགས་ཐུན་མིན་ཁྱད་ཆོས་ཡོད་པའི་གསུང་རྩོམ་ཧ་ཅང་མང་། སི་ཏུ་པཎ་ཆེན་གྱི་དགོང་རྫོགས་སུ་དུས་འཁོར་སྒྲུབ་ཆེན་གསར་དུ་བཙུགས། ཕྱི་ལོ་(༡༧༩༠)ལོར་སྐུ་གཤེགས།  

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23592991
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།