སློབ་གླིང་གསར་འགྱུར། གཟའ་ཕུར་བུའི་ཤེས་རིག་འགྲན་གླེང་ཆེན་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། གཟའ་ཕུར་བུའི་ཤེས་རིག་འགྲན་གླེང་ཆེན་མོ།
སློབ་གླིང་གསར་འགྱུར། གཟའ་ཕུར་བུའི་ཤེས་རིག་འགྲན་གླེང་ཆེན་མོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-28ལྟ་ཀློག (1363)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་གསར་འགྱུར།  གཟའ་ཕུར་བུའི་ཤེས་རིག་འགྲན་གླེང་ཆེན་མོ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཤེས་རིག་འགྲན་གླེང་ནི་གཟའ་འཁོར་རེ་རེའི་གཟའ་ཕུར་བུའི་ཕྱི་དྲོར་དམ་བཅའ་ཆེན་མོ་དང་རེས་མོས་སུ་འཁོར་བཞིན་ཡོད་ཅིང་།  འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཐུན་མོང་མ་ཡིན་པའི་བོད་རང་གི་སློབ་གསོའི་བྱེད་ཐབས་ཀྱི་བྱ་འགུལ་གྱི་རྣམ་གྲངས་མང་བོ་ཞིག་ཡོད་པའི་ནང་གི་སློབ་གསོའི་བྱ་འགུལ་ཆེས་གལ་ཆེན་ཞིག་ཡིན་པ་དང་།  དགེ་སློབ་ཡོངས་མཉམ་ཞུགས་གནང་ནས་བྱ་འགུལ་སྤེལ་གྱིན་ཡོད། དེ་ལ་རྩོད་རིགས་འགྲན་སྡུར་དང་། སྐད་རིགས་འགྲན་སྡུར། ཁྲིམས་ལུགས་ཤེས་བྱའི་འགྲན་སྡུར། ལོ་རྒྱུས་ཤེས་བྱའི་འགྲན་སྡུར། རིག་པ་གང་མྱུར་འགྲན་སྡུར།སྐབས་བབས་སྦྱང་བྱ་འགྲན་སྡུར། རིག་རྩལ་འགྲན་སྡུར་བཅས་ཀྱིས་གྲུབ་པ་དང་། འཛིན་གྲྭ་གོང་འོག་གི་འགྲན་ཞུགས་པ་རྣམས་ཀྱིས་འགྲན་སྡུར་ལེའུ་ཚན་སོ་སོའི་ནང་དོན་ལྟར་འགྲན་སྡུར་བྱེད་ཅིང་། དགེ་རྒན་རྣམས་ཀྱིས་འགྲན་ཞུགས་པ་སོ་སོའི་རྩོད་པའི་རིགས་ལམ་དང་། གནས་ལུགས་དང་གོ་རྒྱ་ཡི་ཟབ་ཚད།  སྐད་རིགས་སྣ་ཚོགས་ཀྱི་བྱང་ཆ། རིག་པ་དང་སྤོབས་པའི་མྱུར་ཚད།  ཁྲིམས་ལུགས་རྒྱུན་ཤེས་ཀྱི་ཆུ་ཚད། སྦྱང་བྱ་དག་གི་ཤེས་ཚད།  རིག་རྩལ་སྣ་ཚོགས་ཀྱི་བློ་འགུག་གི་ནུས་པ།  སློབ་མ་རེ་རེའི་སྤོབས་པའི་ཟིལ་ཤུགས་སོགས་ལ་དམིགས་ནས་དྲང་སྙོམས་ཀྱིས་སྐར་གྲངས་སྟེར་བཞིན་ཡོད་ཅིང་། མཇུག་ཏུ་དགེ་རྒན་རྣམས་ཀྱིས་དྲང་ལྡོག་ཅི་རིགས་ཀྱིས་སྤྱི་སྡོམ་གྱི་དཔྱད་བརྗོད་གནང་བ་ཡིན། 

སློབ་གསོའི་ཐབས་ལམ་འདི་ལ་བརྟེན་ནས་སློབ་མ་རྣམས་ལ་ཕྱོགས་མང་བོ་ཞིག་གི་ངོས་ནས་འཇོན་ནུས་བསྐྱེད་སྲིང་གི་ནུས་པ་ཐོན་བཞིན་ཡོད་པར་མ་ཟད།  དགེ་སློབ་ཡོངས་མཉམ་དུ་ལེའུ་ཚན་མི་འདྲ་བའི་འགྲན་སྡུར་རེ་རེར་ཞུགས་ནས་དགོད་སྒྲ་དང་ཐལ་མོ་སྡེབ་སྒྲས་ཚོམས་ཆེན་འགེངས་བཞིན་ཡོད་ཅིང་།  དེས་ཀྱང་དགེ་སློབ་མང་བོ་ཞིག་གི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་ངལ་དུབ། མདོར་ན་སློབ་སྦྱོང་དང་མདུན་ལམ་གྱི་གེགས་རྐྱེན་དུ་གྱུར་བའི་སེམས་ཚོར་མང་བོ་ཞིག་ཀྱང་གནས་སྐབས་རིང་གཏིང་ནས་སེལ་བཞིན་ཡོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23578002
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།