ངག་རིག་དཔལ་གྱིས་དུད་པའི་དབྱངས་བསྟོད་སྙན་ཚིག་ཟླ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ངག་རིག་དཔལ་གྱིས་དུད་པའི་དབྱངས་བསྟོད་སྙན་ཚིག་ཟླ་བ།
ངག་རིག་དཔལ་གྱིས་དུད་པའི་དབྱངས་བསྟོད་སྙན་ཚིག་ཟླ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-27ལྟ་ཀློག (447)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ངག་རིག་དཔལ་གྱིས་དུད་པའི་དབྱངས་བསྟོད་སྙན་ཚིག་ཟླ་བ།

རྩོམ་པ་པོ། དབྱངས་ལྡེའུ། བྲག་གཡབ།
དད་འདུན་འདབ་བརྒྱ་གྲོལ་བའི་སྟེང་། །
དགྱེས་བཞུཊ་རྒྱལ་ཡུམ་ཚངས་སྲས་མར། །
སོར་བཅུ་སྙིང་ཁར་ཟུམ་པ་ཡིས། །
བདག་བློའི་རྨོངས་སྒྲིབ་སེལ་མཛོད་ཀྱེ། །
དགྱེས་འཛུམ་པད་མའི་ཞལ་ཁྱིམ་ངོཊ། །
ཁྲ་མཛེས་སྤྱན་རས་གཟི་སྤུན་ཅན། །
ངག་དབང་དབྱངས་ཀྱི་མ་མ་མཆོག །
སོར་མོའི་འདབ་ཁར་མགྲོན་དུ་བསུ། །
ངག་སྙན་པདྨའི་སྐྱེད་ཚལ་དུ། །
བློ་གྲོས་རྒྱན་ཅན་ལེགས་འཇུག་སྟེ། །
དར་དིར་དབྱངས་ཀྱི་སྙན་པ་ཡིས། །
རིང་ནས་བརྩེ་བའི་ལྷ་དེ་བསུ། །
སྒྲ་སྙན་རླབས་འཕྱུར་རོ་ལྡན་མར། །
ངང་པའི་ཤིང་རྟའི་དགྱེས་དུང་ལས། །
མཛེས་དགུའི་རྒྱན་སྤྲས་བསྐྱེད་པའི་ལྷ། །
ཡིད་ཀྱི་ཚལ་དུ་ད་ཚུར་བྱོན། །
མཐོན་ཀའི་གཡུ་ཡི་ནམ་མཁའ་རུ། །
མངོན་འཕཊ་གཙུག་ཏོར་ཟླ་ཕྱེད་འཛིན། །
ཕང་ཕུང་གཡོ་བའི་ཆུ་འཛིན་དཀར། །
བགྲོད་པའི་ལམ་ཆེན་དོག་པ་བྱས། །
གནག་འཁྱུག་སྐྲ་ཡི་ལན་བུ་རེས། །
སྦྲུལ་འཁྱིལ་སྟངས་ཀའི་འགྱིང་བའི་ཚུལ། །
ངོས་ཡངས་ཕྲག་པའི་ཡར་སྟེང་དུ། །
ཡིད་འཕྲོག་ཉམས་ཀྱིས་མཛེས་པ་ལ། །
ཟུར་ཕུད་རིན་ཆེན་དབུ་རྒྱན་གྱི། །
འགྲམ་ཟུར་པད་མའི་འཛུམ་པའི་ཟུང་། །
དད་གསུམ་ཚོན་བཀྲའི་བུང་བའི་ཁྱུ། །
གང་ཁྱེད་གན་དུ་ཁྲིད་པའི་རྒྱུ། །
བཞིན་དཀར་ཆུ་སྐྱེས་གསར་བའི་འདབ། །
ཁྲ་མཛེས་བུང་སྤུན་འཕུར་ལྡིང་གིས། །
ངག་རིག་སྨྲ་བའི་གཙུག་ལག་ཏུ། །
སྐལ་ལྡན་ལས་སློབ་མགྲོན་བརྡ་འཁུམས། །
སྟོན་མཚན་ཟླ་བའི་བཞིན་འཕྲོག་སྟེ། །
སྲིད་པའི་གྲོང་དུ་བརྫུས་སྐྱེ་བའི། །
རྒྱལ་བའི་ཡུམ་མཆོག་ངག་དབང་མོའི། །
སྤྱན་གྱི་བུང་བ་སྐྱེན་པ་ལ། །
༡༠
དམར་མདངས་ཨུཏྤལ་དམར་པོ་ཡི། །
ལོ་མའི་ཚོན་རྩིའི་བྱུགས་པ་བཞིན། །
ཁྱེད་ཞལ་མཆུ་སྒྲོས་དམར་འདབ་ཀྱིས། །
རཀྟའི་མཚོ་བརྟས་སྐྱེངས་པ་སྟེར། །
༡༡
སྲབ་རིང་མྱུར་ཞགས་འཁྱུག་པ་ཡི། །
སྨྲ་སྒོའི་ཀློང་གི་ལྗགས་ཡང་དེས། །
ཐོག་བྲག་གནས་ལུཊ་འཆད་པའི་དུས། །
ངོ་མཚར་ཡོན་ཏན་བྱེ་བས་འཛིན། །
༡༢
ཟླ་དཀར་འོད་འཚེར་འབྱིན་འདྲ་བའི། །
འོད་དཀར་འཕྲོ་བའི་ཚེམས་བཟང་གྲལ། །
མཛེས་པའི་མུ་ཏིག་དར་རྒྱུས་བཞིན། །
འདྲེན་བྱེད་བཀུག་ལ་ཅི་ཡང་དགོད། །
༡༣
དབུ་ཡི་སྙན་ཅོག་རིང་མོའི་སྣེར། །
གསེར་བྱུར་འདུས་པའི་རྣ་རྒྱན་ཆ། །
ཉི་ཟླའི་སྙན་ཆར་བསྒྲུན་པ་སྟེ། །
འོད་ཀྱི་སྣང་བ་རབ་ཏུ་སྟེར། །
༡༤
གྲེ་གཙང་དབྱངས་ཀྱི་རུ་རྩི་ལས། །
སྙན་ངག་ཞོ་གསར་ལེགས་འོང་བས། །
གནམ་དེང་མཁས་པའི་ཐུཊ་མཚོ་ཀློང་། །
ཁྱོད་སྐུ་གཞོན་ནུ་གཏན་དུ་འཆར། །
༡༥
མཛེས་སྒེག་ལང་ཚོ་རྫོགས་པའི་སྐུར། །
དབང་གཞུ་ཚོན་བཀྲའི་གོས་གསོལ་བའི། །
མཐོ་རིས་འཆི་མེད་ལྡིང་ཁང་གི །
ངག་གི་ལྷ་མཆོག་གཏན་གྱི་སྐྱབས། །
༡༦
རེག་བྲལ་དབྱིངས་སྟོང་བསིལ་ཟེར་འབུམ། །
ཏི་སེ་ངོས་སུ་འོད་འཁྱུད་ལྟར། །
རབ་དཀར་འོ་མཚོ་ལས་འཁྲུངས་སྐུ། །
སྲིད་གསུམ་ཁྱོན་ན་རབ་ཏུ་དཀར། །
༡༧
དབྱིབས་ཟླུམ་མགུལ་སྲོང་རིང་མོའི་ངོས། །
རིན་ཆེན་རིགས་རྫོགས་མགུལ་ཕྲེང་དེ། །
སྐབས་སུམ་གྲོང་ནས་རྙེད་ལགས་སམ། །
མིག་གསུམ་པ་དེས་སྦྱིན་མཛད་དོ། །
༡༨
སྤྲིན་དཀར་ཡོལ་བའི་རླུང་སྤུར་ལྟར། །
བྲང་གཞུང་དར་ཟབ་གོས་དཀར་སྟེང་། །
གཡུ་བྱུར་དོ་ཤལ་རྒྱན་མཆོག་གིས། །
ལེགས་བྱས་བརྒྱན་མཛད་ཚངས་སྲས་ལྷ། །
༡༩
པད་འདབ་དམར་སྐྱའི་མདངས་འཛིན་པའི། །
སྟོད་གཡོག་སྲབ་མཛེས་ལེགས་སྤྲས་མཛེས། །
ངག་རིག་མེ་ལོང་མངའ་བརྙེས་མགོན། །
མ་གྱུར་དོན་སླད་རབ་ཏུ་བྲེལ། །
༢༠
ཕྲ་དཀར་དཔུང་པའི་ཟུང་མཆོག་ལ། །
གསེར་གྱི་ཐག་པའི་ལེཊ་བཅངས་ཤིང་། །
འཇམ་མཉེན་ཕྱག་གི་ཡོ་བ་རུ། །
དངུལ་དཀར་གདུ་བུས་འཐབ་སྒྲའི་སིལ། །
༢༡
ཐོས་གྲོལ་ཏམ་བུའི་རྒྱུད་སྐུད་ཕྲར། །
མཐེ་མཛུབ་སོར་རྩེས་རེག་ཙམ་གྱིས། །
མི་ཟད་དབྱངས་ཀྱི་ཆབ་རྒྱུན་གྱིས། །
འགྲོ་བའི་ཐོས་འཛིན་བརླན་པ་མཛད། །
༢༢
གཞི་ཡངས་ལྷ་ཡི་ལམ་པོ་ཆེར། །
གར་ཉམས་རྫོགས་པའི་སྨིན་ལེཊ་མས། །
གདངས་སྙན་དྲི་ཟའི་འཕང་འགྲོའི་རྒྱུད། །
ངལ་མེད་སོར་རྩེས་འཁྲོལ་ལ་མཁས། །
༢༣
སྐེད་ཕྲའི་པད་མའི་ཡུ་ལྡན་མ། །
སྣ་བརྒྱའི་མེ་ཏོག་སྐེད་ཆིངས་ཏེ། །
མ་འདྲེས་འཇའ་ཡི་གུར་ཁྱིམ་དུ། །
ཡིད་འཕྲོག་ཚུར་བྱོན་ཡིད་དུ་འཇེབས། །
༢༤
འདབ་སྟོང་ཡིད་དགའི་མེ་ཏོག་ཚོམ། །
མཛེས་པའི་ཚོན་བཀྲ་དགོད་པ་ཡི། །
སྨད་ཤམས་ལེགས་མཛེས་རྒྱན་གསོལ་བར། །
དྲི་བཞིན་སིལ་བུས་གཡོ་བ་མཛེས། །
༢༥
དབྱར་སྐྱེས་རོལ་མོ་དཀྲོལ་བའི་མཁར། །
ལུས་ཕྲའི་ལྷ་མོའི་གར་རོལ་ཀློང་། །
དུ་ཀཱུ་ལ་ཡི་གོས་བཀླུབས་པའི། །

རྡོ་རྗེ་དབང་ཕྱུག་ནུ་རྒྱས་མ། །

༢༦
སྤྲིན་དཀར་གཏིབས་པའི་དབང་གཞུའི་ཁྱིམ། །
གར་གྱི་ཡོན་བརྒྱད་རོལ་བ་མོས། །
བག་ཡངས་རྒྱུ་བའི་བྱ་རི་ཀུན། །
རིང་ནས་བཀུག་པ་མ་ལགས་སམ། །
༢༧
ལྡབ་ལྡིབ་ངག་འགྲོས་ཐལ་རྡུལ་གྱིས། །
གསུང་གི་མེ་ལོང་མ་གོས་པར། །
རབ་སྙན་ཚངས་དབྱངས་དྲུག་ཅུའི་གཟུཊ། །
མ་ལུས་འདོད་འཇོ་གདོང་བཞིའི་སྲས། །
༢༨
མགྲིན་ཕྲའི་ལྷུ་དྲུག་གླིང་བུ་ཡིས། །
ཟབ་དོན་ཆོས་སྙན་རབ་འབུད་བའི། །
ལས་སྐལ་འཁོར་ཚོགས་སྨིན་གྲོལ་མར། །
བདེ་གཤེགས་ཀུན་གྱིས་ལེགས་སོ་སྟེར། །
༢༩
བཻ་སྔོན་ཏམ་བུའི་རྒྱུད་དྲུག་ལས། །
ཕྱིན་དྲུག་ཆོས་དབྱངས་རབ་འཁྲོལ་ཞིང་། །
ཐགས་བཟང་ཚེམས་དཀར་རྒྱས་པ་ནས། །
གདངས་སྙན་མགུར་མ་སྙན་པ་ལ། །
༣༠
ཚེམས་བཟང་པད་དཀར་བསྟར་སྒྲིག་ཀློང་། །
སྨྲ་བྱེད་རྐང་པ་དྲུག་ལྡན་གྱིས། །
གཤོག་གླུས་དྲི་ཟའི་གླུར་བསྒྲུན་དུས། །
སྒྲ་དབྱངས་མ་དེ་ཁྱེད་མིན་སུ། །
༣༡
དྲུག་འགྱུར་དབྱངས་རྟ་རྫོགས་པའི་གསུང་། །
གནའ་དེང་འཕགས་བོད་སྙན་སྨྲའི་ཀུན། །
ཡིད་ལ་རྩེ་གཅིག་བསྒོམས་དང་ལྷན། །
ཚིག་ཕྲེང་མཆོད་ཁ་ཅི་ཡང་གསོལ། །
༣༢
སྲིད་གསུམ་འཇིཊ་རྔམ་ནགས་དཀྱིལ་དུ། །
གསུང་མཆོག་སེང་གེའི་ང་རོ་ཡིས། །
ལོག་ལྟའི་བདུད་སྡེ་ཝ་སྐྱེས་བུའི། །
མགོ་བོའི་ཀླད་ཁྲག་ཡོམ་པའང་བྱས། །
༣༣
ལས་ཉོན་སྤྲིན་ནག་འཐབ་པ་ཡི། །
མ་གྱུར་འགྲོ་བའི་སྟོང་དབྱིངས་སུ། །
གསུང་སྐད་རྨ་བྱའི་གར་འཇུག་གིས། །
སྐྱེ་དགུ་ལམ་སྟོན་བྲེལ་བར་མཚར། །
༣༤
དལ་མེད་རྣམ་རྟོག་རླུང་ཆེན་གྱིས། །
འདོད་ལྡན་རྐང་གཉིས་རབ་དེད་ངལ། །
ཞལ་གསུང་དབྱངས་བདུན་རྫོགས་པ་ཡིས། །
ངལ་སངས་སྟེགས་བུ་དཔག་མེད་བསྐྲུན། །
༣༥
ཡིད་གཉིས་སྨག་རུམ་གཏན་བཅོམ་ཞིང་། །
གསུང་གཅིག་འཕྲིན་ལས་མཐའ་ཡས་པའི། །
སྲིད་ཞི་དབྱངས་ཀུན་བསྡུས་པའི་ངག །
ངག་གི་ལྷ་མོ་ལུས་ཕྲ་མ། །
༣༦
ཞལ་སྒོ་ཆུ་རྒྱན་དམར་པོའི་དབར། །
གསུང་སྙན་དྲི་བསུང་འཐིབ་པའི་དཔལ། །
ཡིད་དད་བུང་བའི་གཤོག་གླུ་ནི། །
གཏན་དུ་ཁྱེད་དྲུང་འབུལ་ན་ལེགས། །
༣༧
ཕྲིན་ལས་མངའ་བརྙེས་དབྱངས་ལྷ་མོའི། །
ངག་རིག་དབྱངས་ཀྱི་སྙན་པ་ཡིས། །
སྟོབས་ལྡན་རིག་བྱེད་སྙིང་པོ་ཡི། །
ཡིད་བརྟན་ཆུ་གཏེར་བསྐྱོམས་སོ་ལོ། །
༣༨
བདེན་གཉིས་མཁྱེན་པའི་ཡེ་ཤེས་ཀྱིས། །
འགྲོ་གཉིས་ལམ་སྟོན་ཆེ་མཛད་ཅིང་། །
དོན་གཉིས་རྫོགས་པའི་ཌཱ་ཀི་མས། །
བདེ་བའི་ཞིང་སར་གཤེཊ་སོ་ལོ། །
༣༩
བདག་འཛིན་ལོ་ཏོག་རྒྱས་པའི་ཞིང་། །
ཡེ་སྟོང་བུ་ཆུང་འཛུབ་ཁྲིད་དེ། །
ཤེས་རབ་ཟོར་བའི་རྣོར་དབར་གྱིས། །
རྣམ་རྟོག་བདག་གཅེས་རྩ་བཅོམ་མ། །
༤༠
གཞན་དོན་ཆུ་ཡི་ཟེར་མ་རེ། །
བསྐལ་མང་ཡིད་ཀྱི་རྫིང་སྟིམ་པས། །
ད་ཀོ་ཁྱེད་ཐུགས་པད་མ་མཚོར། །
ཕན་བདེའི་ངང་སེར་ལྷུན་འཇུག་མ། །
༤༡
ཐུགས་རྗེའི་ཨུ་དུམ་ཚལ་ཆེན་ནས། །
མོས་འདུས་གདུལ་བྱའི་རྐང་དྲུག་གཞོན། །
དམ་ཆོས་གེ་སར་སྙིང་བཅུད་ཀྱི། །
སྤྱིན་པའི་ཆོ་ག་སྤེལ་བར་རངས། །
༤༢
སྲིད་ཞི་གྲོང་དུ་མི་གནས་ཤིང་། །
ཡིད་དམ་རྡོ་རྗེ་གཤིས་རྗེས་འགྲོ། །
ཡང་དག་ཚུལ་ཁྲིམས་པད་སྡོང་ལས། །
ལེགས་བསུང་ངེད་པ་རབ་འཐུལ་བ། །
༤༣
སྔོན་དུས་བཟོད་པའི་གོ་ཆ་ཁྲབ། །
འདོར་མེད་གྲོགས་སུ་ལེགས་རྟེན་སྟབས། །
སྐྱེ་འདིར་རྒྱན་བརྒྱད་ལ་སོགས་ཀྱིས། །
ཁྱོད་སྐུ་མཛེས་པའི་ཡུལ་དུ་བཞེངས། །
༤༤
ཉོན་སྒྲིབ་སྲིས་འཁྱམ་འགྲོ་དོན་སླད། །
ངལ་མེད་ན་རག་ཡན་བགྲོད་པའི། །
ཟླ་མེད་བརྩོན་སེམས་རིན་ཅེན་ནོར། །
ཚུལ་ཁྲིམས་གཏེར་དེས་སྦྱིན་པ་ཉིད། །
༤༥
ཆོས་དབྱིངས་སྤྲོས་པའི་མཐའ་བྲལ་ཀློང་། །
ལོངས་སྤྱོད་རྫོགས་སྐུའི་ཚུལ་བཞེངས་ནས། །
དུས་གསུམ་འགྲོ་བའི་དཔུང་གཉེན་དུ། །
ལེགས་བྱོན་མཐོ་རིས་བསམ་གཏན་མ། །
༤༦
སྤྱིན་ཚུལ་བཟོད་བརྩོན་བསམ་གཏན་གྱིས། །
ཐུགས་རྗེའི་གོ་ཆ་བགོས་བགྱིས་ཤིང་། །
རབ་རྣོ་ཤེས་རབ་རལ་གྲི་ཡུར། །
ལེགས་འཇུས་ཉོན་དགྲའི་དཔུང་བཅོམ་བསྔཊ། །
༤༧
ཏང་འཛིན་སྒོམ་པའི་མཚོ་ཆེན་ངོགས། །
བློ་གྲོས་ངང་དཀར་རྩལ་རྫོགས་པས། །
བདེ་གཤེགས་བགྲོད་པའི་སྤྲིན་གྱི་ལམ། །
དུས་ཀུན་ལྡིང་བའི་ཁེངས་ལྡན་མ། །
༤༨
ཡེ་གསལ་ཡིད་ཀྱི་མེ་ལོང་ངོས། །
རྨོངས་པའི་ཡོལ་བའི་མ་བརྟུམ་ཞིང་། །
སྙན་འཇེབས་དབྱངས་ཀྱི་བ་དན་དཀར། །
སྲིད་པའི་ཞིང་སར་བསྒྲེངས་བར་བསྟོད། །
༤༩
འཕྱར་གཡེང་སྒེག་པའི་སྟངས་སྟབས་སྐུ། །
དྲུག་ཅུའི་དབྱངས་རྫོཊ་ཚངས་དབྱངས་གསུང་། །
ཟབ་གཏེར་གསང་བའི་གཏེར་མཛོད་ཐུགས། །
གཏན་དུ་མཆོད་ཚིག་འབུལ་ནོ་ལོ། །
༥༠
ཚིག་ཕྲེང་ཀུན་དཱའི་དགོད་པའི་ཚལ། །
དབྱངས་སྙན་སྨྲ་བའི་ལྷར་མཆོད་ན། །
ཡིད་འཇེབས་ངག་གི་འོད་སྣང་དཀར། །
དད་འདུན་གཙང་བོ་རྒྱས་བསྐྱེད་མཛོད། །
༥༡
འདི་ཀོ་ཁྱེད་སྐུ་གསུང་ཐུགས་ཡོན། །
ཚིག་གི་གསེར་སྐུད་ལ་བརྒྱུས་པའི། །
སྡེབ་སྦྱོར་འོད་ཆཊ་འབྱིན་པའི་ཕྲེང་། །
དབྱངས་ལ་འཁྲེང་བའི་བནྡེས་སྦྱར། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574377
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།