བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གཉིས་པ) མ་ཧཱ་པཎྜི་ཏ་ཀརྨ་ངེས་ལེགས་བསྟན་འཛིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། » བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གཉིས་པ) མ་ཧཱ་པཎྜི་ཏ་ཀརྨ་ངེས་ལེ
བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གཉིས་པ) མ་ཧཱ་པཎྜི་ཏ་ཀརྨ་ངེས་ལེགས་བསྟན་འཛིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-21ལྟ་ཀློག (365)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མ་ཧྰ་པཎྜི་ཏ་ཀརྨ་ངེས་ལེགས་བསྟན་འཛིན།

གྲུབ་མཐའ། བཀའ་བརྒྱུད་པ།  

འཁྲུངས་འདས། ༡༧༠༥-༡༧༥༩

   མ་ཧྰ་པཎྜི་ཏ་ཀརྨ་ངེས་ལེགས་བསྟན་འཛིན་མཆོག་ནི། རབ་བྱུང་གཉིས་པའི་ཤིང་བྱ་ཕྱི་ལོ་(༡༧༠༥)ལོར་སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པར་སྐུ་འཁྲུངས། ཆུང་ངུའི་དུས་ནས་རྒྱལ་དབང་བདུད་འདུལ་རྡོ་རྗེ་དང་། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་མཁས་གྲུབ་དུ་མ་བསྟེན་ནས་མཁས་བཙུན་གྲུབ་པའི་མངའ་བདག་ཆེན་མོར་གྱུར། ཁྱད་པར་དུ་གསོ་བ་རིག་པ་དང་སྐར་རྩིས་རིག་པ་ལ་སྦྱངས་པ་ཕུལ་དུ་བྱུང་། གདན་ས་དཔལ་སྤུངས་སུ་ལྔ་རིག་སློབ་གླིང་ཚུགས་སྐབས་རིག་གནས་སྤྱི་དང་། ལྷག་པར་གསོ་བ་རིག་པའི་སྐོར་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་གྱི་ཡ་གྱལ་ཞིག་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ཕྱི་ལོ་(༡༧༣༢)ལོར་རྩིས་གཞུང་ཉེར་མཁོ་བུམ་བཟང་ངམ་ཀར་མཛོད་བརྩམས། ནད་རིགས་ཐམས་ཅད་ཀྱི་གསོ་ཐབས་ལག་ལེན་མན་ངག་རྒྱུད་རྗེས་སུ་མཐུན་པར་གསོ་དཔྱད་ཀྱི་གཞུང་། སྨན་བསྡུས་ཨེ་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་བ་གསར་བ། གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ།  སྨན་བསྡུས་ཝང་ཕན་བདེ་ནོར་བུའི་བང་མཛོད་ཅེས་པའི་པོད་གཉིས་བརྩམས་པར་མཛད། རྗེ་འདིས་རྒྱ་མཚོ་ཆེན་པོ་ཆུས་ངོམས་པ་མེད་པ་ལྟར་མུ་མཐུད་དུ་མཁས་དབང་ཡོངས་འཛིན་དམ་པ་མང་པོ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་སྣང་བྱེད་བློ་ལྡན་ཡིད་ཀྱི་པདྨོ་ཕྱེ་བ་མ་ཧྰ་པཎྜི་ཏ་ཆེན་པོར་གྱུར། གོང་གི་སྨན་གཞུང་དེ་དག་དང་། སྡོམ་གསུམ་རྣམ་ངེས་འགྲེལ་པ། མཛོད་འགྲེལ་པོད་གཉིས། རྗེ་སི་ཏུ་པཎ་ཆེན་ལ་སྙན་ངག་གི་ལམ་ནས་བསྟོད་པ་ཡིད་འོང་ལྕུག་ཕྲན་གཞོན་ནུ་སོགས། མཁས་པ་ཀུན་གྱིས་ལེགས་བཤད་དང་ཚད་མའི་ཡུལ་དུ་འཛིན་པའི་གསུང་རྩོམ་ཧ་ཅང་མང་། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྡོ་རྗེ་གྲགས་པ་དང་། རྟ་མགྲིན་མགོན་པོ། སྨན་སློབ་འཚོ་བྱེད་ཚུལ་ཁྲིམས་འོད་གསལ་སོགས་མཁས་པའི་མཚན་གྱི་ཅོད་པན་དཔྱངས་པ་མཐའ་ཀླས། དེ་ལྟར་ཕྲིན་ལས་རྒྱས་པར་སྤེལ་ཏེ་མཐར་དགུང་ལོ་ང་བཞི་བཞེས་པ། རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་(༡༧༥༩)ལོའི་བོད་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་སྐུ་གཤེགས།

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23556849
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།