རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་གསུམ་པ) སྨན་པ་འཇམ་དབྱངས་ཀླུ་སྒྲུབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་གསུམ་པ) སྨན་པ་འཇམ་
རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་གསུམ་པ) སྨན་པ་འཇམ་དབྱངས་ཀླུ་སྒྲུབ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-19ལྟ་ཀློག (1298)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དངོས་མིང་།   ནག་བཟའ་འཇམ་དབྱངས་ཀླུ་སྒྲུབ། པིར་མིང་། ནག་ག་བུར།

སྐྱེས་དུས།    1973-4-19

བསླབ་གནས།    སྨན་པ་རབ་འབྱམས་པ།

ཕ་ཡུལ།    ཤ་སྦྲང་ནག་བཟའ་སྡེ་བ།

སློབ་གཉེར་དང་ཕྱག་ལས་ཀྱི་བརྒྱུད་རིམ།

1996-2000ལོའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་སྦྱོང་གནང་།  

2000-2002ལོའི་བར་སོག་རྫོང་དང་ཞིང་ཆེན་བོད་སྨན་ཁང་སོགས་སུ་སློབ་སྦྱོང་གནང་།

2002-2004ལོའི་བར་དར་ལག་རྫོང་ཁྲ་གྲོགས་པོའི་དགེ་སྒྲུབ་བོད་སྨན་ཁང་དུ་སྨན་པའི་ལས་ཀ་གནང་།

 2009ལོ་ནས་བཟུང་སློབ་གྲོགས་འགའ་དང་མཉམ་དུ་ཕ་ཡུལ་དུ་ཕ་ཁྱིམ་བདག་སྐྱོང་ཚོགས་པ་ཞེས་པ་བཙུགས་ནས་སློབ་གསོའི་ལས་དོན་ད་ལྟའི་བར་དུ་བསྒྲུབས།

2004-2012བར་གངས་ལྗོངས་སྨན་རྩིས་སློབ་གླིང་གི་སློབ་གཙོ་གཞོན་པའི་འགན་ཁུར་ཞོར་དགེ་རྒན་གནང་།   

2007ལོ་ནས་ཟི་ལིང་དང་ཆབ་ཆ་སོགས་སུ་སློབ་གཉེར་བྱས།

2012ལོ་ནས་བཟུང་ཕ་ཡུལ་འབའ་རྫོང་དུ་ཀླུ་སྒྲུབ་བོད་སྨན་སྒོ་སྟེན་ཁང་གསར་དུ་ཕྱེས།

2021ལོ་ནས་མགོ་ལོག་གངས་ལྗོངས་སྨན་རྩིས་སློབ་གླིང་དུ་ཆེད་ཞུས་དགེ་རྒན་ཆེན་མོའི་འགན་ཁུར་ནས་ཕྱོགས་ཡོངས་ཀྱི་སློབ་མ་མང་བོ་སྐྱོང་བཞིན་བཞུགས་སོ།།

 བརྩམས་ཆོས་ཀྱི་སྐོར་ལ།

༼ཤ་སྦྲང་དགོན་དང་ནག་བཟའ་སྡེ་བའི་ལོ་རྒྱུས་ཕྱི་རབས་གཞོན་ནུའི་རྣ་རྒྱན༽ ༼ནག་བཟའི་རུས་མཛོད་མེས་པོའི་ཞབས་རྗེས་དང་རུས་མཛོད་རྒྱས་པ་པདྨའི་ཕྲེང་བ༽ ༼སྐར་ནག་རྩིས་དང་འབྲེལ་ཤེས་བྱའི་རྣམ་གྲངས་སྔོན་མེད་གཏམ་གྱི་རང་སྒྲ༽  ༼མེ་བཙའ་དང་གཏར་ག་བྱིས་པའི་རྣ་པྲ་སོགས་ཀྱི་ཟིན་བྲིས་བདུད་རྩིའི་བུམ་བཟང༽ ༼གསོ་རིག་རྒྱུད་བཞིའི་ཚིག་འགྲེལ་དཔལ་ལྡན་བླ་མའི་ཞལ་རྒྱུན༽ ༼ས་དཔྱད་ལ་ཉེ་བར་མཁོ་བའི་ཤེས་བྱའི་རྣམ་གྲངས༽ ༼རི་མོ་སྣ་ཚོགས་ཕྱོགས་བསྒྲིགས་མིག་གི་དགའ་སྟོན༽ ༼བླ་མ་ལྔ་བཅུ་བའི་རེག་ཟིག་དད་པའི་གསོས་སྨན༽ ༼སྨན་རྩིས་སྟག་བླ་ནོར་བུའི་གསུང་རྒྱལ་བའི་སྐྱེས་རབས་དང་འབྲེལ་བའི་སྨན་གྱི་སྨོན་ལམ་གྱི་འགྲེལ་བ་སྙིང་གི་ནོར་བུ༽ ༼ཟིན་ཏིག་གཅེས་བཏུས་ཀྱི་ཚིག་འགྲེལ་ཐོར་བུ་ལྷ་རྗེ་གཞོན་ནུའི་འགུལ་རྒྱན༽ ༼སེམས་སེམས་བྱུང་གི་བརྗེད་བྱང་ཕན་བདེའི་ལམ་སྟོན༽༼རྩིས་ཀྱི་ཟིན་བྲིས་བླངས་དོར་སྟོན་པའི་མེ་ལོང༽  ༼ ལྷ་སའི་གསོལ་འདེབས་བདེ་ཆེན་ཞིང་དུ་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བའི་འགྲེལ་བ་དད་པའི་རྒྱ་མཚོ་སྐྱོམ་པའི་རང་སྒྲ༽ ༼དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་འགྲེལ་བ་བྱིས་པ་དགའ་བྱེད༽ ༼སྲུང་འཁོར་འདོགས་སྟངས་ཀྱི་བསྙེལ་ཟིན་འདོད་འབྱུང་ནོར་བུ༽༼ནག་རྩིས་ཀྱི་ཚིག་འགྲེལ་ཐོར་བུ་བྲིས་དྲན་པའི་གསལ་འདེབས༽ ༼དཔྱད་རྩོམ་ཕྱོགས་བསྒྲིགས༽ ༼ཆོ་ག་དང་གསོལ་མཆོད་ཕྱོགས་བསྒྲིགས༽༼གུང་ཐང་སློབ་གཉེར་བསླབ་བྱའི་འགྲེལ་བ་བྱིས་པའི་རྩེད་འཇོ༽ ༼གསོ་དཔྱད་སྨན་ཀྱི་སྐོར་གྱི་ཤེས་བྱའི་རྣམ་གྲངས་ཨ་རུའི་ཐང་མ༽ ༼མདོ་སྔགས་ཀྱི་གཞུང་དུ་མ་ལས་བཏུས་པའི་ཚིག་འགྲེལ་སྣ་ཚོགས་ནོར་བུའི་ཀན་མཛོད༽ ༼ཤ་སྦྲང་དགེ་བཤེས་ཀྱི་བྱུང་བརྗོད་པ་དད་པའི་གསོས་སྨན་སོགས་ལོ་རྒྱུས་ཀྱི་སྐོར་སྔོན་བྱུང་གཏམ་གྱི་གཏེར་མཛོད༽ ༼གུང་བསླབ་བྱའི་ཚིག་འགྲེལ་ཐོར་བུ༽ ༼ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཟིན་བྲིས་དོན་གཉིས་ལྷུན་གྲུབ༽ ༼གཡུ་ཐོག་ཤོག་དྲིལ་སྐོར་གསུམ་བཤད་ཁྲིད་ཀྱི་ཟིན་བྲིས་འཚོ་བྱེད་ཞལ་ལུང༽ ༼དབང་མི་ཏྲ་བརྒྱ་རྩ་ཐོབ་སྐབས་ཀྱི་གསུང་བཤད་ཟིན་བྲིས་གསང་ཆེན་སྒོ་བརྒྱ་འགྱེད་པའི་ལྡེ་མིག༽སོགས་པར་དུ་འཁོད་པ་དང་མ་འཁོད་པའི་གསུང་རྩོམ་མང་བོ་བཞུགས།

དབང་ལུང་ཁྲིད་གསུམ་སོགས་ཐོབ་ཚུལ་གྱི་སྐོར།

ཆུང་དུས་ཁུ་བོ་བློ་བཟང་འོད་ལྡན་གྱི་དྲུང་ནས་ཀློག་བསླབས། དགེ་སློང་བློ་བཟང་མཁས་བཙུན་དང། ཨ་ལགས་བློ་བཟང་ཐུབ་བསྟན་རྣམ་གཉིས་ལས་ཆོ་ག་ཆོས་སྤྱོད་སོགས་བསླབས། བྱ་ཐང་ཨ་ཁུ་བློ་བཟང་ཚང་གི་མདུན་ནས་ནཱ་རོ་མཁའ་སྤྱོད་མའི་དབང་དང་། གཅོད་དབང་སོགས་ཐོབ། ཨ་ཚོགས་དགེ་བཤེས་ཚང་གི་མདུན་ནས། མཁའ་སྤྱོད་མའི་དབང་དང་། དུར་ཁྲོད་བདག་་པོའི་རྗེས་གནང་སོགས་ཐོབ། གཡེར་གཤོང་ཆོས་པ་རིན་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོའི་ཞལ་སྔ་ནས། ཡོན་ཏན་གཞིར་གྱུར་མའི་ཁྲིད་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་། རྒྱུད་རྟོགས་བདུན་རྟོགས་གསུམ་གྱི་ལུང་བཅས་ཐོབ། 

ཨ་ལགས་བྲག་དཀར་རིན་པོ་ཆེ་འི་མདུན་ནས། དུས་འཁོར་སྤྱི་བཀའི་དབང་། ཚེ་དཔག་མེད་ཀྱི་དབང་། བག་ཙེའི་རྗེས་གནང་སོགས་ཐོབ། ཨ་ལགས་སྨད་་སོགས་ཚང་གི་མདུན་ནས། རྟ་མགྲིན་ཡང་གསང་གི་དབང་དང་འཇིགས་བྱེད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། མི་འཁྲུགས་པ། སྨན་བླ་སོགས་ཀྱི་དབང་དང་རྗེས་གནང་། རྟ་མགྲིན་ཡང་གསང་གི་དབང། སྙིང་བོ་བཅུད་བསྡུས་དང། མགོན་ཆོས་སོགས་ཀྱི་ལུང་ཐོབ། གཉན་ཁྲོད་ཆུ་མིག་བརྒྱ་རྩ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་བཅུ་ཆའི་སྦྱིན་བསྲེག་དང་བཅས་པ། རྟ་མགྲིན་ཡང་གསང་གི་བསྙེན་པ། འཇིགས་བྱེད་ཀྱི་བསྙེན་པ། སྔོན་འགྲོ་ཐེངས་གཉིས་སོགས་སྒྲུབ་པ་ལ་གཞོལ། གཅིག་དགུ་གྱ་ལྔ་ལོར་ཨ་ལགས་ལྕང་སྐྱ་རིན་པོ་ཆེའི་ཞལ་སྔ་ནས། པྲ་ཏིའི་སུམ་རྟགས་དང། གུང་ཐང་བསླབ་བྱ་ཁ་ཚང་སོགས་ཀྱི་ཁྲིད་ཐོབ།  

སློབ་དཔོན་འཇིགས་མེད་རྒྱལ་མཚན་དང། བཛྲ་ཚུལ་ཁྲིམས། ལྡོང་ཡོན་ཏན་རྒྱ་མཚོ། རྭ་རྒྱའི་གྲགས་པ་བཟང་བོ། སེ་ར་ཐོགས་མེད། རྡོ་སྦིས་གཅོད་པ་ཚེ་རིང་། མཛོད་ཚ་ཨ་བུ་དཀར་ལོ། རྒན་ཚེ་བཀྲ། རྒན་ཁ་ལོ་སོགས་ཀྱི་མདུན་ནས། སུམ་རྟགས་སྙན་ངག་སྨན་རྩིས་སོགས་ལ་སྦྱངས།  དགེ་རྒན་རྣམ་པའི་གསུང་བཀོད་ལྟར་ལོ་གཅིག་ཙམ་ལ་བྱིས་པའི་འཛིན་གྲྭ་གཅིག་ལ་ཀ་ཁ་སློབ་རོགས་བྱས། མཐར་ཕྱིན་རྗེས་མཛོད་དགེ་ཨ་ཁུ་བསྟན་ཚང་གི་མདུན་ནས་རྒྱུད་བཞིའི་ཁྲིད་ལུང་ཆ་ཚང་གསན། བོད་ལྗོངས་སྨན་རྩིས་ཁང་གི་རྒན་བསྟན་འཛིན་བཀྲ་ཤིས་ཚང་གི་མདུན་ནས་འགྲེལ་བ་ཟླ་ཟེར་སོགས་པོད་བདུན་གྱི་ལུང་ཐོབ།

 རྒན་དབང་འདུས་ཀྱི་མདུན་ནས་རྒྱུད་བཞི་དང། ཀོང་སྤྲུལ་ཟིན་ཏིག་གི་ཁྲིད་རྒྱས་པ་དང་ལུང་བཅས་ཐོབ། རྒན་ཚེ་བཀྲ་ཚང་གི་མདུན་ནས་རྒྱུན་མཐོང་ནད་ཀྱི་རྟགས་དང་བཅས་ཐབས་བཤད་པ་བློ་གསལ་དགའ་སྟོན་དང། ཟིན་ཏིག རྒྱུད་བཞིའི་ཉེས་གསུམ་གསོ་བ། ཨ་ལགས་ཤིང་བཟའ་ཚང་གི་གསོ་རིགས་གི་ཟིན་བྲིས་སོགས་ཀྱི་ཁྲིད་ཐོབ། རྒན་ཨ་བུ་དཀར་ལོ་ཚང་གི་མདུན་ནས། གཡུ་ཐོག་མཁའ་འགྲོ་སྙིང་ཐིག་གི་དབང་ལན་བདུན་དང་། ཁམས་གཙང་གསོ་རིགས་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཀྱི་ལུང་ཚར་གསུམ། བྱིས་པའི་རྣ་པྲ་དང་མི་ཕམ་བྱང་ཁོག་ཡུལ་ཐིག་གི་ཁྲིད། རྡོ་གྲུབ་མགྱོགས་རྩིས་ཀྱི་ཁྲིད། ནད་གདོན་རིམས་ཡམས་སྲུང་བའི་མན་ངག་གཅེས་བསྒྲིགས་ཀྱི་ཁྲིད། ལྷ་རིས་ཀྱི་ཁྲིད། མེས་ཞལ་དང་། བེེ་སྔོན། མན་ངག་བཀའ་རྒྱ་མ། མན་ངག་ལྷན་ཐབས་ལྡེ་མིག་དང་བཅས་པ། གཡུ་ཐོག་ཆ་ལག་བཅོ་བརྒྱད་སོགས་ཀྱི་ལུང་ཐོབ། འཇུ་མི་ཕམ་ཀྱི་གསོ་རིགས་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་བའི་ཁྲིད། རྩ་རྒྱུད་དང། གསོ་བྱེད་ཐབས། བྱ་བྱེད་སྨན་པ། ཕྱི་མ་རྒྱུད་ཆ་ཚང་བཅས་ཀྱི་ཁྲིད་ཐོབ། རྒན་ཁ་ལོ་ཚང་གི་མདུན་ནས། རྩ་མདོ་དང་ཆུ་མདོའི་ཁྲིད། ལུམས་ཀྱི་ལག་ལེན་དང་བཅས་པ་ཐོབ། རྒན་གཡང་དར་ཚང་གི་མདུན་ནས།  བཤད་རྒྱུད་དང་།  མན་རྒྱུད། ཁོང་ནད་གསོ་བ། ཚ་བ་གསོ་བ་བཅས་ཀྱི་ཁྲིད་ཐོབ།

 དགེ་རྒན་བཀའ་དྲིན་ཅན་ཏིང་འཛིན་ཚང་གི་ཞལ་སྔ་ནས། གཡུ་ཐོག་སྙིང་ཐིག་གི་དབང་དང་། རྩ་ཐིག་རླུང་གསུམ་གྱི་ཁྲིད། ཟླ་རྒྱས་འགྲེལ་ཆེན་གྱི་ཁྲིད། ཐུར་མའི་འགྲེལ་བའི་ཁྲིད། ཁམས་གཙང་ཚང་དང་། སྨན་རྩིས་སྟག་བླ་ནོར་བུའི་སྨན་ཡིག་གི་ཁྲིད་ལུང་ཆ་ཚང་། རྒྱུད་བཞིའི་ཁྲིད་ལུང་ཆ་ཚང་།  བདུད་རྩི་བུམ་པའི་དབང་དང་།  བདུད་རྩི་བུམ་པ་སོགས་གཉན་རིམས་བཅོས་སྐོར་གྱི་ཁྲིད་ཆ་ཚང་། བྱང་ལུགས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཆ་ཚང་།  ཙནྡན་མར་ཁུའི་ལག་ལེན། གཡུ་ཐོག་སྙིང་ཐིག་ཆོས་སྐོར་སོགས་ཀྱི་ལུང་ཐོབ། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་དང་། དེབ་ཆིངས་སྒྱོགས་གསུམ་སོགས་ཀྱི་ཁྲིད་ཐོབ།  མཁན་སྤོས་དར་རིན་པོ་ཆེའི་མདུན་ནས།  མན་ངག་བྱེ་བ་རིང་བསྲེལ་སོགས་སྨན་རྩིས་གཉིས་ཀྱི་སྐོར་པོད་ཉི་ཤུ་རྩ་སྟོད་ཀྱི་ལུང་ཐོབ། སྨན་བླའི་དབང་། ལོ་གྱོན་མའི་དབང་། བདུད་རྩི་བུམ་པའི་དབང་། ཨོ་རྒྱན་སྨན་བླའི་དབང་སོགས་ཐོབ། 

བླ་མ་རིན་པོ་ཆེ་ཨ་ཁུ་དཔལ་ལྡན་ཚང་གི་མདུན་ནས།  ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཁྲིད། ལམ་རིམ་འབྲིང་བོའི་ཁྲིད། དབང་མི་ཊྲ་བརྒྱ་རྩ།  རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་ཐོབ།  ཨ་ཁུ་གྲགས་པ་ཚང་གི་མདུན་ནས། རིན་འབྱུང་བརྒྱ་རྩ་དང་། སྒྲུབ་ཐབས་ཆ་ཚང་གི་ལུང་ཐོབ།  བླ་བྲང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཆུང་བ་ཚང་གི་མདུནནས། ཁྲོས་མའི་ཞི་དབང་དང་། དྲག་དབང་། ཁྲོས་མའི་ཆོ་ག་ཆ་ཚང་། མ་ཅིག་རྣམ་བཤད་བཅས་ཀྱི་ལུང་།  གཏོར་མ་བརྒྱ་རྩའི་ཁྲིད་སོགས་ཐོབ།  

གསལ་བཤད།  
    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  
སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།   
15283703999 
15109745084


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23556970
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།