​ཞི་ཅིན་ཕིང་ནས་བྱང་ཤར་ཁྱོན་ཡོངས་དར་རྒྱས་གཏོང་བའི་ཐད་ནན་སྟོན་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​ཞི་ཅིན་ཕིང་ནས་བྱང་ཤར་ཁྱོན་ཡོངས་དར་རྒྱས་གཏོང་བའི་ཐད་ནན་སྟོན་
​ཞི་ཅིན་ཕིང་ནས་བྱང་ཤར་ཁྱོན་ཡོངས་དར་རྒྱས་གཏོང་བའི་ཐད་ནན་སྟོན་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-11ལྟ་ཀློག (202)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།

ཞི་ཅིན་ཕིང་ནས་དུས་རབས་གསར་པར་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། བྱང་ཤར་གྱི་ལས་འགན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བའི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་7ཉིན་གྱི་ཕྱི་དྲོ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་དུས་རབས་གསར་པར་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་དང་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཆེན་པོ་ལྔ་ལ་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་བྱང་ཤར་ས་ཁུལ་གྱི་ལས་འགན་གལ་ཆེན་སྟངས་འཛིན་ནན་པོ་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ཀྱི་ལས་འགན་ཨང་དང་པོ་དེ་དང་གོང་འཕེལ་ཀྱི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་ལས་འགན་གཙོ་བོ་དེ་སྟངས་འཛིན་ནན་པོ་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དམིགས་ཚད་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཟང་ཆ་དར་སྤེལ་གང་ལེགས་དང་ཞན་ཆ་གསབ་རྒྱུ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་དང་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱ་རྒྱུ་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། དམིགས་ཚད་ལ་དམ་འཛིན་ལྷོད་མེད་བྱེད་པ། སྒྲུབ་ཕོད་པ་དང་དངོས་སྒྲུབ་ཀྱི་རྣམ་པའི་ཐོག་ནས། སྤུས་ཚད་མཐོ་བའི་གོང་འཕེལ་དང་རྒྱུན་མཐུད་ངང་དར་རྒྱས་ཡོང་བའི་ལམ་བུ་གསར་པ་ཞིག་ཧུར་ཐག་གཏོད་པ་དང་། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེན་ཧྲན་ཅེ་དང་། ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕེང་། ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཅིང་ཅུན་ཧའེ། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཆིང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་ནས། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད།

ཚང་མའི་གཏམ་བཤད་ལ་གསན་པའི་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། 2018ལོའི་ཟླ་9པར་ཧྲེན་དབྱང་དུ་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཚུན། བྱང་ཤར་ཞིང་ཆེན་གསུམ་དང་དེ་བཞིན་ནང་སོག་གིས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་གསར་པ་ཐོན་པ་དང་ཕན་འབྲས་གསར་པ་ཐོབ་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་“གྲུ་གནོན་རྡོ” ཡི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། ཐོན་ལས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། ནུས་རྒྱུའི་བདེ་འཇགས་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། རྒྱལ་སྲུང་བདེ་འཇགས་ཀྱི་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ། སྒྱུར་བཅོས་སྒོ་འབྱེད་ལ་རྣམ་པ་གསར་པ་མངོན་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། བྱང་ཤར་གྱི་ཐོན་ཁུངས་ཆ་རྐྱེན་ཅུང་བཟང་བ་དང་། ཐོན་ལས་ཀྱི་རྨང་གཞི་ཅུང་བརྟན་པ། ས་བབ་ཀྱི་བཟང་ཆ་དམིགས་བསལ་ཡིན་པ། གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད། མིག་སྔར། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་གོ་སྐབས་གལ་ཆེན་འཕྲད་ཡོད་དེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་བྱ་རྒྱུ་དེ། བྱང་ཤར་ས་ཁུལ་གྱིས་ཚན་སློབ་དང་ཐོན་ལས་ཀྱི་བཟང་ཆ་དེ་གོང་འཕེལ་ཀྱི་བཟང་ཆར་བསྒྱུར་རྒྱུར་ཕན་ཐོགས་ཡོད་པ་དང་། གོང་འཕེལ་ཀྱི་རྣམ་པ་གསར་པ་གཏོད་པར་བྱང་ཤར་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། བྱང་ཤར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག བྱང་ཤར་གྱིས་སླར་ཡང་བློ་སྟོབས་ཆེར་བསྐྱེད་དང་། གཡུར་ཟའི་གྲུབ་འབྲས་གཏོད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། བྱང་ཤར་གྱི་ཁྱད་ལྡན་བཟང་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་རྨང་གཞི་ནི་དངོས་གཞིའི་དཔལ་འབྱོར་ཡིན་ཞིང་། འགག་རྩ་ནི་ཚན་རྩལ་གསར་གཏོད་ལ་ཐུག་ཡོད་ལ། ཁ་ཕྱོགས་ནི་ཐོན་ལས་རིམ་སྤོར་བྱ་རྒྱུ་དེ་རེད། རང་བརྟེན་གསར་གཏོད་ཀྱི་འགག་རྩ་འདི་དམ་པོར་བཟུང་སྟེ། བསགས་འབོར་སྲ་བརྟན་དང་། འཕར་སྣོན་རྒྱ་སྐྱེད། ཐོན་ལས་སྦྲེལ་ཐག་སྣུར་བསྲིངས། ཟུར་སྣོན་རིན་ཐང་མཐོར་འདེགས་བཅས་ཀྱི་ཐད་ལ་ཤུགས་རྒྱག་དགོས། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་སུ་སྒྱུར་བཀོད་མགྱོགས་སུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་གོང་འོག་ཏུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས། ཅུང་འཐུས་སྒོ་ཚང་བའི་ཐོན་ལས་སྦྲེལ་ཐག་དང་ཐོན་ལས་ཁྱུ་ཚོགས་ཆགས་པར་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། ཚན་སློབ་གསར་གཏོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་སུ་གཏོང་བ། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་བཅས་བྱེད་དགོས། ཐོན་ལས་གླིང་ཁུལ་སྐྱེད་སྲིང་ཧུར་ཐག་དང་། ཁ་གཏད་མཉམ་ལས་ལ་ཤུགས་སྣོན། ཚན་ཞིབ་གྲུབ་འབྲས་དོན་འཁྱོལ་དང་གཞན་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། སྔོན་ཐོན་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་དང་། མ་འོངས་པའི་ཐོན་ལས་སྐྱེད་སྲིང་ཧུར་ཐག སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཆགས་པར་བྱེད་པ། གོང་འཕེལ་ཀྱི་འགུལ་ནུས་གསར་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། རླུང་གློག་དང་། འོད་གློག ཉིང་རྡུལ་གློག་སོགས་ནུས་ཁུངས་གཙང་མ་གོང་འཕེལ་མགྱོགས་སུ་གཏོང་བ་དང་། རླུང་དང་འོད་མེ་རྡུལ་ཉིང་གསོག་འཇོག་བཅས་གཞི་གཅིག་ཅན་གྱི་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱ་དགོས། འབྱུང་ཁམས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཤར་གྱི་འབྱུང་ཁམས་ཁོར་ཡུག་དང་སྐྱེ་དངོས་ཐོན་ཁུངས་ཀྱི་བཟང་ཆར་བརྟེན་ནས། དེང་རབས་ཀྱི་སྐྱེ་དངོས་དང་གྲངས་གཞི་ཆེན་པོ་སོགས་གསར་དར་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་འཕེལ་གཏོང་བ་དང་། གངས་འཁྱགས་ཀྱི་དཔལ་འབྱོར་དང་རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་གཏོང་དགོས། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་མུ་མཐུད་ཟབ་སྤེལ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དར་རྒྱས་གཏོང་བའི་ཆེད་དམིགས་བྱ་སྤྱོད་ལག་བསྟར། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ། གཞུང་ཁོངས་མ་རྩ་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད། འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས། ཀྲུང་དབྱང་དང་ས་གནས་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས། ཀྲུང་དབྱང་དང་ས་གནས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱེད་དགོས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་། སྐུལ་ལྕག ཁྲིད་སྟོན་བཅས་བྱེད་པ་དང་། ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པའི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་སྔར་ལས་མང་བ་ལག་བསྟར་བྱས་ཏེ། དབང་བའི་ལམ་ལུགས་སྣ་མང་གི་ཁེ་ལས་མཉམ་དུ་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཆགས་པར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་དེ་འགག་གཏོར་བྱེད་ས་གཙོ་བོར་བརྩིས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་རྨང་རྡོ་ལྟ་བུ་ཞིག་བྱ་རྒྱུ་ནི་བྱང་ཤར་གྱི་འགན་འཁྲི་ཨང་དང་པོ་དེ་རེད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་དང་། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་སྟེ། རྒྱུན་གཏན་གྱི་དུས་སུ་ཐོན་སྐྱེད་ཐུབ་པ་དང་མཁོ་སྤྲོད་འདང་ངེས་ཐུབ་པ། དམིགས་བསལ་གྱི་གནས་ཚུལ་འོག་རོགས་སྐྱོར་བྱེད་ཐུབ་པ་དང་རྒྱབ་རྟེན་བཅོལ་ཆོག་པ་བཅས་བྱེད་དགོས། མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་ཞིང་ཁ་སྔོན་ལ་ཚད་གཞི་མཐོ་བའི་ཞིང་ཁར་བསྒྱུར་བཀོད་གཏོང་བ་དང་། ས་ཞིང་ནག་པོ་སྲུང་སྐྱོང་དང་ལག་བསྟར་བྱེད་པའི་ཁྱབ་ཁོངས་མཉམ་དུ་རྒྱ་སྐྱེད་གཏོང་བ། གཙང་པོ་དང་མཚེའུ་འབྲེལ་མཐུད་དང་། ཞིང་ཆུ་གཏོང་ཁུལ་ཆེ་གྲས་མུ་མཐུད་བསྒྱུར་བཀོད་བྱེད་པའི་ལས་གྲྭ་མཐུན་སྦྱོར་ལག་བསྟར་བྱེད་པ། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་སྤེལ་བ། རྨོ་འདེབས་ལ་འཚམ་པ་དང་། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་འབབ་ཆེན་པོ་དང་ཐོན་འབབ་བརྟན་པོ་བཅས་ཀྱི་དེང་རབས་ཅན་གྱི་ཞིང་ས་ལེགས་པོ་འཛུགས་སྐྲུན་བྱེད་དགོས། ཟས་རིགས་ཆེན་པོའི་ལྟ་བ་ལག་བསྟར་དང་། བྱང་ཤར་གྱི་ཐོན་ཁུངས་སྣ་ཚོགས་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད། དེང་རབས་ཀྱི་སྐྱེ་ཁམས་གསོ་སྤེལ་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། འབྲུ་རིགས་དང་། དཔལ་འབྱོར། གཟན་རྩ་བཅས་གཅིག་གྱུར་འཆར་འགོད་དང་། ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ལས་རིགས་མང་པོ་མཉམ་དུ་དར་རྒྱས་གཏོང་བའི་ཐོན་ལས་མ་ལག་ཆགས་པར་བྱས་ཏེ། ཞིང་ལས་དེ་ཐོན་ལས་ཆེ་གྲས་སུ་འགྱུར་བར་བྱ་དགོས། ཞིང་ལས་ཐོན་རྫས་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་ཚགས་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ། རིན་ཐང་གི་སྦྲེལ་ཐག་མཐོ་རུ་གཏོང་བ། ཞིང་ལས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་བསྐྲུན་ནས། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་པའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། བྱང་ཤར་ནི་རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་མོ་འབྱེད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་ཞིང་། རང་རྒྱལ་གྱིས་ཨ་ཤེ་ཡ་བྱང་ཤར་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་སྦྲེལ་མཐུད་ཁྲོད་བཟུང་བའི་ཐབས་ཇུས་ཀྱི་གནས་བབ་དང་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། མདུན་གྲལ་གྱི་འདུ་ཤེས་དང་སྒོ་དབྱེའི་འདུ་ཤེས་ཟབ་ཏུ་བཏང་ནས་ཤར་རྒྱུད་མཚོ་རྒྱུད་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་སྦྲེལ་མཐུད་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། བྱང་ཤར་ས་ཁུལ་གྱི་དེང་རབས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཆ་ཚང་བའི་ངང་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ་དང་། སྣུམ་རླངས་མདོང་ལམ་དང་། མྱུར་བགྲོད་ལྕགས་ལམ་དྲ་བ་དང་ལྕགས་ལམ་དྲ་བ། གློག་དྲ་དང་གློག་ཤུགས་ཕྱིར་སྐྱེལ་གྱི་བགྲོད་ལམ་གསར་པ། ཐོན་གསར་པའི་སྒུལ་བདེའི་འཕྲིན་གཏོང་དང་གྲངས་གཞིའི་དྲ་བ་བཅས་མགྱོགས་མྱུར་ངང་རིགས་པས་ཁུངས་སྐྱེལ་དང་འཛུགས་སྐྲུན་བྱེད་པ། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་མཐུན་སྦྱོར་ངང་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས། ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་འཛུགས་སྐྲུན། ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་ནས། བྱང་ཤར་དེ་ཉིད་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་སྔར་བས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། སྒྲིག་སྲོལ་དང་། སྒྲིག་གཞི། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་དགོས་པ་དང་། འགག་སྒོ་སྒྲོལ་ནུས་དང་སྟབས་བདེ་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མི་འབོར་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། མི་འབོར་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་བརྟེན་ནས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས། ཀུན་ཕན་བུ་བཅོལ་བུ་གསོའི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྱིམ་ཚང་གི་བུ་བཙའ་དང་བུ་གསོ། སློབ་གསོ་བཅས་ཀྱི་ཁུར་པོ་ཡང་དུ་བཏང་སྟེ། འོས་འཚམ་གྱི་ཕྲུ་གུ་སྐྱེ་ཚད་དང་མི་འབོར་གྱི་གཞི་ཁྱོན་རྒྱུན་འཁྱོངས་བྱེད་དགོས། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བྱང་ཤར་གྱི་མཐོ་རིམ་སློབ་གྲྭའི་སློབ་གཉེར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་དང་ལྷག་པར་དུ་ན་གཞོན་རྣམས་ཀྱི་སློབ་གསོ་མྱོང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་དགོས། གསར་གཏོད་ཐོན་ལས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་པ་ཆེ་རུ་གཏོང་བ། ལས་གཏོད་གསར་གཏོད་ཀྱི་སྟེགས་བུ་སྔར་ལས་མང་བ་གཏོད་པ་བཅས་བྱས་ནས། བྱང་ཤར་ས་ཁུལ་དུ་ཤེས་ལྡན་མི་སྣ་སྡོད་པ་དང་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་ཁུངས། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་བཀོད་སྒྲིག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། མཐའ་མཚམས་གྲོང་ཚོའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ད་ཡོད་མི་འབོར་གནས་ཐུབ་པའི་བརྩོན་ལེན་བཅས་བྱེད་པ་དང་ཆབས་ཅིག་མཐའ་མཚམས་ཚོང་དོན་དང་། མཐའ་མཚམས་ཡུལ་སྐོར། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། མཐའ་མཚམས་གྲོང་ཁྱེར་དུ་ལས་རིགས་སློབ་གསོའི་སློབ་གླིང་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པ། རྫོང་གྲོང་དང་གྲོང་རྡལ་ཆུང་ངུའི་ཐོན་ལས་ཀྱི་ཐེག་ནུས་དང་མི་འབོར་གཅིག་སྡུད་བྱེད་ནུས་ཆེ་རུ་གཏོང་བར་རོགས་རམ་བཅས་བྱ་དགོས། སྔར་ལས་ནུས་ལྡན་གྱི་མཐའ་སྲུང་ཁ་གསབ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཆབ་སྲིད་ཀྱི་འབྱུང་ཁམས་སྔར་བས་ལེགས་སུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས། བྱང་ཤར་ལྗར་འགོག་མཉམ་འབྲེལ་དམག་གི་སྙིང་སྟོབས་དང་། ཏ་ཆིང་སྙིང་སྟོབས། བྱང་ཕྱོགས་ཐང་རྒོད་ཆེན་མོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས། ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་ཆབ་སྲིད་བྱས་རྗེས་ལྟ་བ་འཛུགས་རྒྱུ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རུལ་མི་ཕོད་པ་དང་། རུལ་མི་རུང་བ། རུལ་མི་འདོད་པ་བཅས་བྱ་རྒྱུར་སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་ཡོན་དང་ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་སྲུང་དང་། སྤྱོད་གཙང་སྲིད་གཉེར། སྤྱོད་གཙང་ལས་སྒྲུབ་བཅས་བྱ་རྒྱུར་སྐུལ་མ་གཏོང་དགོས། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་ཐོག ཁྲོམ་རའི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱ་དགོས། ཉེ་ཞིང་གཙང་བའི་སྲིད་ཚོང་འབྲེལ་བ་གསར་པ་ཁྱོན་ཡོངས་ནས་འཛུགས་པ་དང་། ཏང་ཡོན་དང་ལས་བྱེད་པས་གཅིག་ནས་དམངས་གཉེར་ཁེ་ལས་ཀྱི་གོང་འཕེལ་ཐད་སེམས་ཁུར་བྱས་ནས་རང་འགུལ་ཐོག་དཀའ་ངལ་སེལ་རོགས་བྱ་དགོས་ལ། གཉིས་ནས་སྤྱོད་གཙང་གི་མཐའ་ཐིག་བརྟན་སྲུང་ཡང་བྱ་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་ནས་གནད་དོན་ཐག་གཅོད་དང་། འགལ་བ་སེལ་བ། འབྲེལ་བ་མཐུན་སྦྱོར་བཅས་བྱེད་མཁས་པོ་དགོས་པ་དང་། ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་ཐོག་ནས་ནག་འཇོམས་ངན་སེལ་བཅས་བྱས་ནས། ཁེ་གཉེར་གྱི་བྱེད་པོ་དག་ལ་དེ་བས་བརྟན་པ་དང་། ཕྱི་གསལ་ནང་གསལ། ཚད་ལྡན། སྔོན་དཔག་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་གཏོད་དགོས། ས་གནས་ཀྱི་བུ་ལོན་ཉམས་ཉེན་དུས་ཚོད་དམ་འཛིན་གྱིས་སེལ་བ་དང་། དངུལ་རྩའི་ལས་ཁུངས་འབྲིང་ཆུང་གིས་ཉེན་ཁ་ཐག་གཅོད་བྱ་རྒྱུ་མགྱོགས་སུ་གཏོང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་ཤུགས་ཆེར་གཏོང་བ། སྐྱོན་བྲལ་གྱི་དངུལ་རྩའི་ཁོར་ཡུག་བསྐྱར་བཞེངས་བཅས་བྱ་དགོས། བྱང་ཤར་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བར་དང་ཤར་ལྷོའི་མཚོ་འགྲམ་ས་ཁུལ་བར་ཕན་ཚུན་ལས་བྱེད་པ་མངགས་རེས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལས་བྱེད་པའི་དཔུང་ཁག་གི་གྲུབ་གཞི་ལེགས་སུ་གཏོང་བ་དང་། ཆེད་ལས་ཅན་གྱི་བྱང་ཚད་མཐོ་རུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གསུམ་དབྱེ་བ་འབྱེད་རྒྱུ་དོན་འཁྱོལ་བྱེད་པ། འགན་སེམས་ཆེ་བ་དང་འཇོན་ཐང་ཆེ་བའི་ལས་བྱེད་པར་སྐུལ་ལྕག་དང་སྲུང་སྐྱོབ་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འཇོན་ཐང་ཅན་ཡར་འགྲོ་ཐུབ་པ་དང་། ཕུལ་བྱུང་ཅན་ལ་བྱ་དགའ་ཡོད་པ། འཇོན་ཐང་ཞན་པ་འོག་ཏུ་འཇོག་པ། ནུས་མེད་ཅན་དོར་བ་བཅས་ཀྱི་གནས་སྟངས་བཟང་པོ་ཞིག་ཆགས་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་པའི་གཞི་རྩའི་འགན་སྲུང་ཞིག་རེད། རེས་འཁོར་དང་པོ་དང་རེས་འཁོར་གཉིས་པའི་བརྗོད་གཙོའི་སློབ་གསོ་གཉིས་སྦྲེལ་མཐུད་མཉམ་མཐུད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་བཏོན་པའི་དམིགས་འབེན་བླང་བྱ་དང་གཙོ་གནད་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་ཐུབ་པ་བྱ་དགོས། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློས་བློ་སྦྱོང་བྱས་ཐོག ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱེད་པ་དང་། སེམས་ཤུགས་དང་ཧུར་སེམས་ཇེ་ཆེར་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་བཏང་ནས། ཏང་ཡོན་དང་ལས་བྱེད་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཚན་རིག་དང་མཐུན་པའི་ངང་ལས་ཀར་ཇུས་འགོད་བྱེད་པའི་ནུས་པ་དང་། དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ། དོན་འཁྱོལ་ཐད་དམ་འཛིན་བྱེད་པའི་ནུས་པ་བཅས་ཆེ་རུ་གཏོང་དགོས། སྤུས་མཐོའི་གོང་འཕེལ་ལ་དམིགས་ནས། ཏང་ཡོན་དང་ལས་བྱེད་པས་གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་གནད་འཕིགས་སྒོ་ནས་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར། ཚན་རིག་གི་རྣམ་འགྱུར་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་བཅས་བྱ་དགོས། དག་ཐེར་བཅོས་སྒྲིག་ལ་ཤུགས་སྣོན་གྱིས་ཏང་ཡོན་དང་ལས་བྱེད་པས་ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་ཐག་གཅོད་བྱ་རྒྱུར་སྐུལ་མ་བཏང་སྟེ། སྤྱོད་ཚུལ་གསར་པ་དང་གཞུང་དྲང་གི་ཐོག་ནས་མི་དམངས་མང་ཚོགས་ཀྱིས་གོང་འཕེལ་ལ་བཅངས་པའི་སེམས་ཤུགས་འཕེལ་བར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། འབྲུབ་ཆུ་རྒྱས་པ་ནས་བཟུང་བྱང་ཤར་གྱི་ས་ཁུལ་འགའ་ཤས་སུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་ཡོད། ཏང་ཀྲུང་དབྱང་གིས་ཆུ་ལོག་གི་གནོད་སེལ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། རེ་བར་བྱང་ཤར་ཞིང་ཆེན་གསུམ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས། མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་རྒྱུ་ཡོང་བར་འགན་སྲུང་དང་། གནོད་འཚེ་ཕོག་ཁུལ་གྱི་སློབ་མ་རྣམས་ལ་སློབ་གྲྭ་འགྲིམ་ས་ཡོད་པར་འགན་སྲུང་བྱེད་དགོས་པ། གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བ་བྱ་དགོས། ད་དུང་སྟོན་དུས་འབྲུབ་ཆུ་རྒྱས་རྒྱུར་དོགས་ཟོན་ཆེན་པོ་བྱས་ནས། ཉེན་འགོག་གནོད་སེལ་གྱི་གྲ་སྒྲིག་ཨང་གསར་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཐོག དུས་རབས་ཀྱི་འོས་འགན་ལ་དམ་འཛིན་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱ་རྒྱུའི་ཐད་འགག་གཏོར་གསར་པ་ཐུབ་པ་བྱེད་པ་དང་། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཞབས་ཞུ་དེ་བས་ཡག་པ་བསྒྲུབ་དགོས། གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྤྲོད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ས་ཁོངས་ཀྱི་གསར་གཏོད་མཐོ་ས་གཏོད་རྒྱུ་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་དང་སློབ་སྦྱོང་ཞིབ་འཇུག་ཉེར་སྤྱོད་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་པ། ཆུ་ཚད་མཐོ་བའི་གསར་གཏོད་ཀྱིས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང། ཁེ་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ལམ་ལུགས་རང་བཞིན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ། ནང་སྐྱེས་ཀྱི་གོང་འཕེལ་གསོན་ཤུགས་སྐུལ་སློང་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་བརྟན་པོར་བཙུགས་ཐོག ཏན་ཏན་ཏིག་ཏིག་ངང་དམངས་འཚོའི་ལས་ཀ་རེ་རེ་བཞིན་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་འདུག

ལི་ཀན་ཅེ་དང་། ཧོ་ལི་ཧྥེང་། མུའུ་ཧུང་། ཅང་ཞིན་ཀྲེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572456
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།