སློབ་གླིང་གསར་འགྱུར། ཤེས་རིག་གླིང་གིས་དགེ་རྒན་དུས་ཆེན་སྐབས་སོ་དགུ་བ་བསུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། ཤེས་རིག་གླིང་གིས་དགེ་རྒན་དུས་ཆེན་སྐབས་
སློབ་གླིང་གསར་འགྱུར། ཤེས་རིག་གླིང་གིས་དགེ་རྒན་དུས་ཆེན་སྐབས་སོ་དགུ་བ་བསུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-10ལྟ་ཀློག (658)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


   2023ལོའི་སྤྱི་ཟླ་9ཚེས་10ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་ལས་བཟོ་ཡོངས་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་དགེ་རྒན་དུས་ཆེན་སྐབས་སོ་དགུ་བ་མཉམ་དུ་རོལ།  ད་ལོའི་དགེ་རྒན་དུས་ཆེན་སྟེང་དུ་མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱི་བྱེད་པོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཀྱང་སྐུ་དངོས་སུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུང་རྒྱུར།  ང་རང་ལ་མཚོན་ན་དགེ་རྒན་ལས་བཟོ་བ་ཐམས་ཅད་ཀྱི་ནང་གི་རྒན་པ་ལྟ་བུ་རེད། བཟང་རུང་ངན་རུང་སློབ་གྲྭ་འདི་གཉིས་ཀྱི་ཕ་མ་ལྟ་བུ་རེད།  སློབ་གྲྭ་གཉིས་ཀྱི་འཕེལ་རྒྱས་ནི་སློབ་གྲྭ་གཉིས་ཀྱི་ནང་དུ་བཞུགས་པའི་དགེ་རྒན་ལས་བཟོ་བ་ཡོངས་ཀྱི་བཀའ་དྲིན་ཡིན། དེ་ང་ཧ་ཅང་གསལ་བོ་ཡིན། ཞེས་དང་། ཡང་ཁོང་གིས།  རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་མ་ཤེས་ན། དགེ་རྒན་ཞིག་ལ་མཚོན་ནའང་སློབ་མ་སྐྱོང་ཐུབ་རྒྱུ་དཀའ་མོ་ཡིན་པས། དེའི་ཕྱོགས་ལའང་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན།  དེ་བས། དགེ་རྒན་ནི་རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་དང་མིའི་རིགས་ཀྱི་བསམ་བློ་དང་ཁ་ཕྱོགས་ལ་འགྱུར་བ་གཏོང་མཁན་ཡིན་པས།  རང་གིས་ཁ་ཕྱོགས་གསལ་བོ་ཞིག་ངོས་ཟིན་རྒྱུ་དེ་གལ་ཆེན་ཡིན། ཞེས་དང་། ཡང་ཁོང་གིས།  མི་རིགས་དང་ས་གནས་ལ་ཕན་ཐོགས་པ་དང་། རང་གི་རིགས་རྒྱུད་མཆེད་ཁུངས་ལ་འགན་ཁུར་ཐུབ་པ་དེ།  ཕྱི་ན་མི་དངོན་པའི་བསམ་བློའི་ནང་དུ་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཞིག་ཡོད་པའི་རྟགས་ཡིན། ང་ཚོའི་བྱ་བ་འདི་ནི་དབུལ་སྐྱོར་གྱི་བྱ་བ་ཞིག་ཡིན། དེ་བས་ཀྱང་ཤེས་རབ་ཀྱི་སྦྱིན་པ་ཡིན།  འདི་ལས་ཚོགས་བསགས་ཤིག་མེད། ཅེས་དང་།  ཡང་ཁོང་གིས། དགེ་རྒན་ལས་བཟོ་བ་རེ་རེ་ལ་རང་ལ་འགན་ཁུར་དགོས་པའི་ལས་ཀ་རེ་ཡོད། དེ་ནི་ལྷག་བསམ་ཟོལ་མེད་ཀྱིས་འགན་ཁུར་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན། རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་བྱུང་ན་རང་ཉིད་ཀྱི་བྱ་བ་དེ་ཡང་དོན་དང་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད།  དེ་བས་སུ་ལ་མཚོན་ནའང་སོ་སོའི་བྱ་བ་དེ་རང་རང་གི་མི་ཚེ་འདིའི་ནང་དུ་དོན་དག་གལ་ཆེན་ཞིག་ཏུ་འགྱུར་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན། ཞེས་སོགས་ཕ་མས་བུ་ལ་གདམས་པ་བཞིན་མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་ལས་བཟོ་བ་ཡོངས་ལ་བཀའ་སློབ་ཟབ་མོ་གནང་བར་མ་ཟད། སློབ་གྲྭ་གཉིས་ཀྱི་དགེ་རྒན་ལས་བཟོ་བ་ཡོངས་ཀྱིས་ལུས་རྩལ་དང་རིག་རྩལ་སྣ་ཚོགས་འཁྲབ་སྟོན་དང་འགྲན་སྡུར་བྱས་ནས་མཛའ་མཐུན་གྱི་དགོད་སྒྲས་དགེ་རྒན་དུས་ཆེན་གྱི་ཉིན་གཅིག་བཀྲ་ཤིས་པའི་ངང་བསྐྱལ་བ་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱིས་དགེ་རྒན་དུས་ཆེན་ལ་རི་མོ་དང་གློག་གཞུ་སྣ་ཚོགས་བཟོས་ཤིང་།  གློག་གཞུའི་འོག་ཏུ་མཉམ་དུ་འཚོགས་ནས་སློབ་གླུ་གསེང་མཐོར་མཐེན་ནས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས།  


གསལ་བཤད།  གོང་གི་གསུང་ཚིག་རྣམས་ཁོང་གིས་གསུང་བཤད་གནང་སྐབས་སུ་གང་ཟིན་ཇི་བཞིན་ཡིག་ཐོག་ཏུ་ཕབ་པ་ཡིན། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། q91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23578227
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།