དགེ་རྒན་ལགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དགེ་རྒན་ལགས།
དགེ་རྒན་ལགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-09-10ལྟ་ཀློག (1334)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

དགེ་རྒན་ལགས།

 

བན་ཤུལ་བྱམས་པ་རྒྱལ།

 

དགེ་རྒན་ལགས།ཁྱེད་ནི།

འཇིག་རྟེན་གྱི་ལྗོན་པའི་རྩ་བ་ལ་ཆུ་དང་ཉི་འོད་བསུ་བའི་ལྷ།

ཁྱིམ་བདག་གི་འཁོར་བའི་གཞི་མ་ལ་མེ་ཁ་དྲོན་མོ་གསོ་བའི་མི།

སློབ་མ་ཚོའི་མི་ཚེའི་ལམ་ཁ་ལ་དཀར་གསལ་གྱི་སྣང་བ་འདྲེན་པའི་འོད།

སྤྱི་ཚོགས་ཀྱི་རེ་བའི་རྨི་ལམ་ལ་ལག་ལེན་གྱི་ཕྱག་རྒྱ་གཡོ་བའི་གར།།

 

དགེ་རྒན་ལགས།ཁྱེད་ཀྱིས།

རྒྱུ་འབྲས་ཀྱི་རྒྱ་མ་དྲང་བོར་སློང་བའི་སྤོབས་པ་དེ་གནང་ངོ་།།

ཆོས་ཉིད་ཀྱི་བདེན་པ་གསལ་བོར་གཟིགས་པའི་བློ་མིག་དེ་བསྩལ་ཏོ།།

བདེན་རྫུན་གྱི་ལེགས་ཉེས་རྣམ་པར་འབྱེད་པའི་རིག་པ་དེ་བསྐྱེད་དོ།།

གླེགས་བམ་གྱི་མདུད་རྒྱ་ཆེས་ཆེར་འབྱེད་པའི་ཤེས་རབ་དེ་བསྐྲུན་ཏོ།།

 

དགེ་རྒན་ལགས།

ཉིན་མོའི་སློབ་ཁྲིད་ཀྱིས་ཁྱོད་ཀྱི་རེ་སྨོན་གྱི་མེ་དཔུང་སྦར་ཀྱང་།

མཚན་མོའི་ཟླ་འོད་ཀྱིས་ཁྱོད་ཀྱི་ཁེར་རྐྱང་གི་རྒྱབ་གཟུགས་སྲུང་ལ།

ལོ་ཟླའི་མག་མོག་གིས་ཁྱོད་ཀྱི་ནམ་མཁའ་ལ་ར་རི་འབྲི་ཞིང་།།

འཁོར་བའི་གདུག་རྩུབ་ཀྱིས་ཁྱོད་ཀྱི་རྨི་ལམ་ལ་བརྡབ་གསིག་གཏོང་ཨང་།

 

ཡིན་ནའང་།

སློབ་ཁང་གྲུ་བཞི་ཡིས་ཁྱོད་ཀྱི་རྣམ་ཤེས་ལ་ལོག་མལ་བཟོས་ཤིང་།

སློབ་མའི་ངོ་གདོང་གིས་ཁྱོད་ཀྱི་འཇིག་རྟེན་ལ་ཁ་དོག་བསྐྲུན་པས།

ཁྱོད་ཀྱིས་རང་ཉིད་རྒས་པ་མི་ཚོར་ཞིང་།

ཁྱོད་ཀྱིས་རང་ཉིད་ངལ་བའང་མ་ཤེས་པར།

ཁྱོད་རང་སློབ་ཁང་དུ་རྒས་ཤིང་ཁྲིད་སྟེགས་སུ་འཐིམས་ཨང་།

 

དགེ་རྒན་ལགས།

ཁྱོད་ལ་དགེ་རྒན་ལེགས་པོ་ཞིག་བྱ་འདོད་ཀྱི་དམིགས་ཡུལ་དགོས་པ་ལས།

གླ་བ་ཡག་པོ་ཞིག་གཉེར་འདོད་ཀྱི་ཕུགས་བསམ་དགོས་པ་མ་རེད།

ཁྱོད་ལ་དྲང་བདེན་སྐྱོང་བའི་སྙིང་སྟོབས་དགོས་པ་ལས།

གཡོ་སྒྱུ་འཁྲབ་པའི་རིག་འཁྲུལ་དགོས་པ་མ་རེད།

ཁྱོད་ལ་བྱམས་སེམས་དང་སྙིང་རྗེ་དགོས་པ་ལས།

ཞེ་སྡང་དང་ཁུ་ཚུར་དགོས་པ་མ་རེད།

ཁྱོད་ལ་མཁས་པས་དམན་ས་འཛིན་པའི་བརྟུལ་ཞུགས་དགོས་པ་ལས།

བླུན་པོས་དཔོན་ས་རྩོད་པའི་ཧམ་སེམས་དགོས་པ་མ་རེད།

 

དགེ་རྒན་ལགས། ཁྱེད་ནི་ནམ་ཡང་།

གནས་ལུགས་དང་དྲང་བདེན་གྱི་རྩ་བ་ན་འགྲེངས་ཡོད་པས།

དབང་གི་ཐམ་ཁས་གཡོ་བར་མ་བྱེད་ཅིག

རྒྱུ་འབྲས་དང་ཆོས་ཉིད་ཀྱི་ཟབ་ས་ན་བཞུགས་ཡོད་པས།

ནོར་གྱི་མཛེས་མས་བསླུ་བར་མ་གྱུར་ཅིག

 

དགེ་རྒན་ལགས།

ཁྱེད་ཀྱིས་རང་ཉིད།

འཁོར་བའི་སྡུག་བསྔལ་ལ་བྱོན་པའི་ལྷ་གསོན་པོ་ཞིག་ཏུ་བསྒོམ་པར་གྱིས་དང་།

རང་ངོ་གསལ་བོར་མཐོང་སྲིད་ལ།

ཁྱེད་ཀྱིས་རང་ཉིད།

འགྲོ་བའི་བློ་མིག་ལ་བཏེགས་པའི་འོད་ཆེན་པོ་ཞིག་ཏུ་སེམས་པར་གྱིས་དང་།

ཐུགས་བཞེད་ལྷུན་གྱིས་འགྲུབ་སྲིད།

 

དགེ་རྒན་ལགས།

ཁྱེད་རང་ངེས་པར་དུ།

བླུན་པོ་མང་ས་ལ་སྙིང་རྗེ་ཡིས་བྱོན་དགོས།

མུན་པ་ཟབ་ས་ལ་འོད་སྣང་གིས་འཚེར་དགོས།

གྲང་རེག་རྒོད་ས་ལ་མེ་ལྕེ་རུ་འབར་དགོས།

རྨོངས་པའི་རྩུབ་འགྱུར་ལ་ང་རྒྱལ་གྱིས་འགྲེང་་དགོས།

 

དགེ་རྒན་ལགས།ཁྱེད་ཀྱིས།

དབུ་འཕང་མཐོན་པོར་ཁྱོགས་ལ།

འགྲོ་བའི་སྨོན་ལམ་ཀློང་གི

ཞོགས་པ་རེ་རེའི་ཉི་ཟེར་ལ་སྤྱན་གྱིས་ཡང་་ཡང་གཟིགས་དང་།

ཁྱེད་ཀྱིས་དྲན་ཅིང་སྙེག་པའི་ནམ་མཁའ་དེ་ཇི་འདྲའི་མཐོངས་ཡངས་ཨང་།

 

དགེ་རྒན་ལགས།ཁྱེད་ཀྱིས།

ཕྱག་ཟུང་ཤེད་ཀྱིས་རྐྱོངས་ལ།

ཀུན་ཀྱི་རེ་བའི་ཁམས་ཀྱི་

དབྱར་ཟླ་དྲུག་པའི་སྐྱེ་མཚར་ལ་ཕྱག་གིས་རེག་རེག་མཛོད་དང་།

ཁྱེད་ཀྱིས་རེ་ཞིང་སྒུག་པའི་འཇིག་རྟེན་དེ་ཇི་འདྲའི་མཚར་སྡུག་རྫོགས་ཨང་།

སྤྱི་ལོ༢༠༢༣ལོའི་དགེ་རྒན་དུས་ཆེན་ལ་ཕུལ་བའོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70d བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དགེ་རྒན་ལགས།   སྤེལ་མཁན།: མཚོ་བྱང་ཚུལ་ཁྲིམས། སྤེལ་དུས:2023/9/10
ང་ལ་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་འཕྲིན་སྟེགས་བསྐུར་ན་ཆོག་གམ
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23571175
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།