[ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» སྙན་སྒྲོན་གསར་འགྱུར། » [ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།
བརྩམས་ཆོས་གསར་བ།
[ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།
ནང་དོན་གསར་བ།
[ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།
བརྙན་གསར་བ།
[ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།
[ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།
སྙན་སྒྲོན་པ། :   དབྱངས་ཅན། རྩོམ་སྒྲིག་པ།:  ཁཱ་ཤེས་རབ་རྒྱ་མཚོ།
ཉན་གྲངས  : 1580སྤེལ་དུས : 2023-09-10
སྙན་སྒྲོན་གསར་འགྱུར།
[ཤེས་རིག་གླིང་།]སློབ་མ་གསར་བསྡུའི་སྙན་སྒྲོན་གསར་འགྱུར།


     ངེད་སློབ་གླིང་གི་༢༠༢༣ལོའི་སློབ་མ་གསར་བ་བསྡུ་བའི་མཛད་སྒོ་དེ་རིང་སྤེལ་ཅིང་། སློབ་གླིང་གི་དབུ་བཞུགས་ལྷན་ཚོགས་ཀྱི་གཙོ་འགན་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཚོགས་ཐོག་ཏུ་ཕེབས་ཏེ་སློབ་མ་གསར་བ་དང་ཁྱིམ་བདག་རྣམས་ལ་གསུང་བཤད་གནང་། ཁོང་ན་རེ། དེ་རིང་འདིར་དངོས་སུ་ཡོང་ཡོད་པའི་སློབ་མ་གསར་བ་རྣམས་ལ་མཚོན་ན་མང་བོ་ཞིག་རང་རང་ས་ནས་སློབ་གྲྭ་གཞན་པ་རེར་རྒྱུགས་སྤྲད་ནས་འགྲོ་བའི་གོ་སྐབས་ཡོད་ནའང་ད་ལྟའི་བར་ང་ཚོའི་སློབ་གླིང་འདི་ལ་བསྒུགས་ཏེ་གོ་སྐབས་གཞན་པ་རྣམས་ཤོར་སོང་བ་རེད། ད་ལོ་ངེད་སློབ་གྲྭས་སློབ་མ་བསྡུ་བའི་བརྡ་ཐོ་མ་བཏང་ཡང་ཁྱེད་ཚོས་རེ་བ་ཆེན་པོ་བཅང་ནས་བསྒུགས་པ་རྒྱུ་མཚན་དུ་བྱས་ཏེ། ང་ཚོས་ཞིང་ཆེན་ཕྱི་ནང་གི་ཁྱད་པར་མི་བཀར་བར་དེ་རིང་འདིར་རེ་བ་བཟུང་ནས་ཡོང་མཁན་གྱི་སློབ་མ་མང་ཆེ་བ་སློབ་གྲྭའི་ནང་དུ་ལེན་ཅི་ཐུབ་བྱེད་རྒྱུ་ཡིན། སློབ་མ་རྣམས་ཀྱིས་ཀྱང་སྒྲིག་ལམ་བརྩི་སྲུང་དང་སློབ་སྦྱོང་ལ་འབད་པ་ནན་མོ་བྱས་ནས་མ་འོངས་པར་རྒྱལ་ཁབ་དང་ས་གནས། མི་རིགས་བཅས་ལ་ཕན་པའི་ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པའི་མི་སྣ་འཇོན་ཐང་ཅན་དུ་འགྱུར་བར་སྨོན་འདུན་ཞུ། སློབ་མའི་སློབ་གསོའི་བྱ་བ་ནི་སློབ་མ་རང་ཉིད་གཙོ་བྱས་པའི་དགེ་རྒན་དང་ཁྱིམ་བདག་གསུམ་གྱི་ཐུན་མོང་གི་བྱ་བ་ཞིག་ཡིན་པས། ཁྱིམ་བདག་རྣམས་ཀྱིས་བུ་ཕྲུག་སློབ་གྲྭ་ན་ཡོད་དུས་དང་གནང་བའི་དུས་ནམ་ཡིན་ཡང་ཀུན་སྤྱོད་དང་འཇོན་ནུས་སྐྱེད་སྲིང་གི་ཐད་ལ་ཡར་སྐུལ་རོགས་འདེགས་ཀྱི་ནུས་པ་འདོན་རྒྱུ་ཤིན་ཏུ་གལ་ཆེན་ཡིན་ཞེས་གསུངས་ཤིང་། མཇུག་མཐར་ཞིང་ཆེན་ཕྱི་ནང་གི་སློབ་མ་240 བསྡུ་ལེན་བྱས་པའི་ནང་དུ་སློབ་མ་158འབྲིང་རིམ་ཆེད་ལས་འཛིན་ གྲྭར་བླངས་ཏེ་ད་ལོའི་ཟླ་བདུན་པའི་ནང་དུ་རང་སློབ་གྲྭས་རྫོང་དང་ཁུལ། ཞིང་ཆེན་སློབ་གསོ་ལས་ཁུངས་བཅས་ལ་ཡར་ཞུ་བྱས་པ་བཞིན་2023ལོར་འབྲིང་རིམ་ཆེད་ལས་སློབ་མ་190བསྡུས་རྒྱུའི་འཆར་གཞི་ཡི་83 ℅ལེགས་འགྲུབ་བྱུང་ཡོད་པས། 2025ལོར་རྒྱལ་ཁབ་ཀྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཚད་གཞི་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་བཞག

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23556348
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།