ཀྲའོ་ལེ་ཅི་ཡིས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་དང་གླེང་མོལ་མཛད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲའོ་ལེ་ཅི་ཡིས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་ད
ཀྲའོ་ལེ་ཅི་ཡིས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་དང་གླེང་མོལ་མཛད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-06ལྟ་ཀློག (321)རྩོམ་ཁུངས: ཞིན་ཧྭ་གསར་འགྱུར་དྲ་བ། པར་འདེབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་དང་གླེང་མོལ་མཛད་པ་རེད།

 

ཟླ9པའི་ཚེས4ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་དང་གླེང་མོལ་མཛད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་ལའོ་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་ཡིན་ཞིང་། སྲ་བརྟན་འགྱུར་མེད་ཀྱི་ལས་དབང་གཅིག་མཐུན་ཚོགས་པའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ལའོ་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་མུ་མཐུད་དུ་སྐས་རིམ་གསར་བར་སླེབས་ཡོད། ཀྲུང་གོས་ལའོ་ཝུའོ་དང་གཞོགས་འདེགས་དམ་ཟབ་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་གལ་ཆེན་དེ་དོན་དངོས་ཀྱི་མཉམ་ལས་གྲུབ་འབྲས་སུ་བསྒྱུར་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་དགོས།

ཀྲའོ་ལེ་ཅིས་ནན་གྱིས་བསྟན་དོན། ཀྲུང་གོས་ཀྲུང་ལའོ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གོ་རིམ་ཁྲོད་བློ་མཐུན་དང་སྤུན་ཟླའི་མཛའ་བརྩེ་དང་ཁག་ཁུར་མངོན་པར་མཚོན་ནས། ལའོ་ཝུའོ་ཡིས་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་གཏན་འཇགས་དང་དམངས་འཚོ་ལེགས་བཅོས། རྒྱལ་སྤྱི་དང་ས་ཁུལ་གྱི་གར་སྟེགས་སྟེང་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་གི་འབད་བརྩོན་འོག མཐོ་རིམ་སྣེ་ཁྲིད་རྒྱུན་འཁྱོངས་དང་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་བཏང་ནས། ཀྲུང་ལའོ་ལྕགས་ལམ་གྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་དཔེ་མཚོན་གསར་འཛུགས་བྱེད་དགོས། ཀྲུང་ལའོ་སྲོལ་རྒྱུན་མཛའ་བརྩེ་རྒྱུད་འཛིན་དང་དར་སྤེལ་བཏང་ནས། ཆུང་ཞིང་མཛེས་པའི་དམངས་འཚོའི་མཉམ་ལས་ལས་གཞི་དངོས་འབེབས་བྱས་ཏེ། ས་ཁུལ་དང་མཛའ་གྲོང་། ན་གཞོན་སོགས་ཐད་ཀྱི་འགྲོ་འོང་ལ་ཤུགས་བསྣན་ནས། རིག་གནས་དང་སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལའོ་ཝུའོ་ཡིས་སང་ལོར་ཨེ་ཤེ་ཡ་ཤར་ཕྱོགས་མནའ་འབྲེལ་གྱི་རེས་བསྐོར་ཀྲུའུ་ཞིའི་རྒྱལ་ཁབ་གྱི་འགན་ཁུར་བར་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དུ་གཏོང་བ་དང་། ལག་གདང་མཉམ་འབྲེལ་སྒོས་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ལའོ་ཝུའོ་རྒྱལ་ཚོགས་དང་མཉམ་དུ། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་འཆར་འགོད། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་གྲོས་གཞིར་དམ་པོར་དམིགས་ནས་བརྗེ་རེས་གཏིང་ཟབ་བྱེད་པ། རྒྱལ་ཁབ་གཉིས་ཀའི་ས་གནས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ཡི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་འདོད་ཡོད། ཕྱོགས་མང་གྲོས་ཚོགས་འཚོགས་སར་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།

ཀྲའོ་ལེ་ཅི་ཡིས་ཀྲུང་གོའི་འཕེལ་རྒྱས་གོ་རིམ་ཁྲོད་མི་དམངས་དམངས་གཙོའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུང་ལའོ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གོང་འཕེལ་དུ་སོང་བ་དེས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྐྱེ་སྟོབས་དང་ཕུལ་བྱུང་རང་བཞིན་མངོན་པར་མཚོན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སའེ་སུང་ཕིན་གྱིས་བསྟན་དོན། ལའོ་ཀྲུང་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན་ལ། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིས་ལའོ་ཝུའོ་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྱལ་ཡོང་ཡོད། ལའོ་ཀྲུང་ལྕགས་ལམ་གྱིས་དཔལ་འབྱོར་རྙིང་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ལའོ་ཝུའོ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།

གྲོས་མོལ་གྲོལ་རྗེས་ཀྲའོ་ལེ་ཅི་དང་སའེ་སུང་ཕིན་གྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ལའོ་ཝུའོ་རྒྱལ་ཚོགས་བར་གྱི་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད།

ཧའོ་མིན་ཅིན་མཇལ་འཕྲད་ལ་ཞུགས། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572785
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།