རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ​རྨད་བྱུང་མཚན་ལྡན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ​རྨད་བྱུང་
རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ​རྨད་བྱུང་མཚན་ལྡན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-09-04ལྟ་ཀློག (1136)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཕ་ཡུལ་དང་ངའི་འཚོ་བ།  

རྨད་བྱུང་མཚན་ལྡན།  དངོས་སྟོབས་རིག་པའི་འཛིན་གྲྭ  

ཕ་ཡུལ།   སི་ཁྲོན་ཁྱུང་མཆུ།

       ངེད་ཚང་གི་ཁྱིམ་ཚང་ནི་ཡུལ་སྐོར་ལ་འགྲོ་རྒྱུར་དགའ་བའི་ཁྱིམ་ཚང་ཞིག་ཡིན།ངའི་སློབ་ཆུང་གི་འཚོ་བའི་ཁྲོད་ཀྱི་དབྱར་དགུན་གནང་གི་ངལ་གསོའི་ཕྱེད་ཀ་མང་ཆེ་བ་རླངས་འཁོར་ནང་ནས་ཟད་སོང་ཞེས་བཤད་ནའང་རྫུན་དུ་མི་འགྲོ ང་ཚོ་སི་ཁྲོན་དཀར་མཛེས་ཕྱོགས་ཀྱི་རྫོང་མཁར་མང་པོ་ལ་སོང་མྱོང་།  མཚོ་སྔོན་དང་ཀན་སུའུ་ཕྱོགས་ཀྱི་ས་ཆ་ཡང་མང་པོ་ཞིག་ལ་སོང་བ་དང་ད་དུང་ཡུན་ནན་དང་ལྷ་ས་ལ་ཡང་འགྲོ་མྱོང་།ང་ཚོ་ནམ་རྒྱུན་ངལ་གསོའི་སྐབས་སུ་ཡུལ་སྐོར་ལ་འགྲོ་རྒྱུར་དགའ་བའི་རྐྱེན་གྱིས་ང་ཡང་ས་ཁྲ་ལ་བལྟ་རྒྱུར་ཧ་ཅང་དགའ་བོར་གྱུར།

         དེ་རིང་ཡང་ངས་ས་ཁྲ་བླངས་ནས་བལྟ་སྐབས་ཕ་ཡུལ་མཐོང་བྱུང་།  ངའི་ཕ་ཡུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་འབར་ཁམས་རྫོང་དང་རྔ་བ་རྫོང་།མཛོད་དགེ་རྫོང་།ཟུང་ཆུ་རྫོང་།  ཁྲོ་ཆུ་རྫོང་བཅས་རྫོང་མཁར་ལྔའི་དཀྱིལ་དུ་ཆགས་ཡོད་པའི་ཁྱུང་མཆུ་རྫོང་ཟེར་བ་དེ་ཡིན།ཁྱུང་མཆུ་རྫོང་ནི་གྲོང་རྡལ་དྲུག་དང་ཡུལ་ཚོ་བཞིས་གྲུབ་པའི་འབྲོག་རྫོང་ཞིག་ཡིན།

          ངའི་ཕ་ཡུལ་ཁྱུང་མཆུ་རྫོང་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་བཅུ་ལྷག་ཡོད་པའི་ནང་རྙིང་མའི་གྲུབ་མཐའི་དགོན་སྡེ་ལྔ་ཡོད་པ་དང་།དགེ་ལུགས་པའི་དགོན་སྡེ་གསུམ།  བོན་པོའི་དགོན་པ་གཉིས་ཡོད།   ངའི་ཕ་ཡུལ་དུ་ཆོས་ལུགས་ཀྱི་བསྟན་པ་རབ་ཏུ་དར་ཡོད།

        ངའི་ཕ་ཡུལ་ཁྱུང་མཆུ་རྫོང་དུ་སློབ་གྲྭ་ཡང་མང་པོ་ཡོད་དེ།   སློབ་ཆུང་བཅུ་གཉིས་དང་མཐོ་འབྲིང་དང་དམའ་འབྲིང་གཉིས་ཀ་ཡོད་པའི་སློབ་འབྲིང་གཉིས་བཅས་ཁྱོན་སློབ་གྲྭ་བཅུ་བཞི་ཡོད།   ངའི་ཕ་ཡུལ་གྱི་ཤེས་རིག་གི་གཟི་དཔལ་ཡར་ངོས་ཟླ་ལྟར་འཕེལ་བཞིན་ཡོད།

       ངའི་ཕ་ཡུལ་ཁྱུང་མཆུའི་གནམ་གཤིས་དྲོད་གྲང་སྙོམས་ལ་མཁའ་དབུགས་ཧ་ཅང་གཙང་།ལྷག་པར་དུ་ངའི་ཕ་ཡུལ་གྱི་དབྱར་ཁ་ནི་དག་པའི་ཞིང་ཁམས་ཤིག་ཡིན།ངས་ཁྱེད་ཅག་ལ་ཆེས་ངོ་སྤྲོད་བྱེད་འདོད་པ་ནི་སྙན་གྲགས་ཆེ་བའི་འོམ་ཐང་མེ་ཏོག་གི་རྒྱ་མཚོ་ཞེས་པའི་མཛེས་ལྗོངས་དང་ཟླ་ཚེས་ཁུགས་པའི་མཛེས་ལྗོངས་གཉིས་ནི་རྒྱལ་ཁབ་ཀྱི་ཡུལ་སྐོར་མཛེས་ལྗོངས་རིམ་པ་Aབཞི་ཅན་དང་སྟག་མགོ་རི་བོའི་ཨ་མདོའི་འཚོ་བའི་དམངས་སྲོལ་གོམས་གཤིས་ནི་Aགསུམ་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་སུ་ཚུད་ཡོད།

         དེ་མིན་ལོ་རེའི་དབྱར་ཁར་ཁྱུང་མཆུ་ལ་ནོར་གནག་དུས་སྟོན་དང་རོལ་དབྱངས་དུས་སྟོན་སོགས་ཅུང་ཚད་རིམ་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་སྟེགས་བུ་ཡོད།  སྟེགས་བུ་དེ་ནས་འཁྲབ་སྟོན་བྱེད་ཐུབ་པ་ནི་ཅུང་གཟི་བརྗིད་ཅན་ཞིག་ཡིན།ངའི་ཨ་མས་ནམ་རྒྱུན་སློབ་མ་ཚོར་ཁྲིད་པའི་ཞབས་བྲོ་དང་མཉམ་ལེན་སོགས་སྟེགས་བུ་དེ་ནས་འཁྲབ་སྟོན་བྱེད་ཐུབ།

        མདོར་ན་ངའི་ཕ་ཡུལ་ནི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་ལ་གནམ་གྲུའི་ཐང་ཡང་ཡོད་པས་འགྲིམ་འགྲུལ་སྟབས་ཀྱང་བདེ་བོ་ཡིན་པས་ཁྱོད་རང་ངའི་ཕ་ཡུལ་ཁྱུང་མཆུར་ཕེབས་པར་དགའ་བསུ་བྱེད།

གསལ་བཤད། ལྷུག་རྩོམ་འདི་ནི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་གསུམ་པ་ཐོབ།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557368
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།