སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་རྩོམ་པར་སྐྲུན་གྱི་འགྲེམ་སྤེལ་མཛད་སྒོ་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་རྩོམ་པར་སྐྲུན་གྱ
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་རྩོམ་པར་སྐྲུན་གྱི་འགྲེམ་སྤེལ་མཛད་སྒོ་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-08-28ལྟ་ཀློག (1836)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 2023ལོའི་སྤྱི་ཟླ8ཚེས28ཉིན།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་པོད་བཅོ་བརྒྱད་ཅན་གྱི་《ལྡོང་ཡོན་ཏན་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པའི་པར་སྐྲུན་འགྲེམ་སྤེལ་དང་དཔྱད་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་སོ་ཧྥེ་ཐི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་།  མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་། གཙོས་དགེ་འོས་སློབ་གླིང་།  བོད་ལྗོངས་སློབ་གྲྭ་ཆེན་མོ། དགོན་སྡེ་སོ་སོའི་བླ་སྤྲུལ་དང་དགེ་བཤེས།  གཞན་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་དང་། བོད་ཀྱི་རིག་གནས་ཞིབ་འཇུག་པ་དང་སློབ་གཉེར་བ་སོགས་སྐུ་མགྲོན་མང་བོ་ཚོགས་འདུར་ཞུགས།   ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་རྣམ་གཉིས་ཀྱིས་པར་སྐྲུན་འགྲེམ་སྤེལ་དབུ་འབྱེད་བྱས་པ་མ་ཟད་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་ཆོས་པར་སྐྲུན་གྱི་གསལ་བཤད་གནང་།    ཕྱོགས་སོ་སོ་ནས་ཕེབས་པའི་མཁས་དབང་མང་བོས་༼ལྡོང་ཡོན་ཏན་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས༽དང་འབྲེལ་བའི་གསུང་བཤད་གནང་སྟེ་ཁོང་གི་མཛད་རྗེས་ཀྱི་ཟུར་མི་འདྲ་བ་མང་བོའི་ཕྱོགས་ནས་ཚད་མཐོའི་གདེང་འཇོག་གལ་ཆེན་གནང་བ་དང་།  གསར་འགྱུར་ཁང་སོ་སོས་ཁོང་ལ་བཅར་འདྲི་བྱས། 









སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 97yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་རྩོམ་པར་སྐྲུན་གྱི་འགྲེམ་སྤེལ་མཛད་སྒོ་བསྡུས།   སྤེལ་མཁན།:  སྤེལ་དུས:2023/8/29
རྒན་ལགས་རྟེན་འབྲེལ་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23548432
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།