རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་ཙུང་ཐུང་འགའ་དང་མཇལ་འཛོམས་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་ཙུང་ཐུང་འགའ
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་ཙུང་ཐུང་འགའ་དང་མཇལ་འཛོམས་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-08-26ལྟ་ཀློག (444)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རིང་ཕྱི་རྒྱལ་གྱི་ཙུང་ཐུང་འགའ་དང་མཇལ་འཛོམས་གནང་། 

ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་ཟླ་8པའི་ཚེས་24ཉིན་གྱི་སྔ་དྲོ་ཡུའེ་ཧན་ནེ་སི་པའོ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རིང་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུ་དང་མཇལ་འཛོམས་གནང་བ་རེད། 

ཞི་ཅིན་ཕིང་གིས། ཙུང་ཐུང་སྐུ་ཞབས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་པས་ཀྲུང་གོར་མཛའ་བརྩེ་ཟབ་མོ་བཅངས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་གི་ཡོད། དེ་བས་རྒྱལ་སྤྱིའི་བྱ་དོན་ནང་བདེན་དོན་བསྐྱངས་བ་དང་། དྲང་གཏམ་གསུངས་བས། ང་ཚོས་སེམས་གཏིང་ནས་བསྔགས་བརྗོད་ཞུ་བཞིན་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་ནུས་རྒྱུ་གཙང་མ་ཚུད་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱས་ནས་ན་སྨི་པི་ཡའི་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད། 

ཞི་ཅིན་ཕིང་གིས། ལོ་རྒྱུས་མྱོང་བ་དང་འབད་འཐབ་ཀྱི་བརྒྱུད་རིམ་གཅིག་མཚུངས་ཡིན་པ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་དབར་གཅིག་སེམས་གཅིག་ལ་སྦྲེལ་ཡོད། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་དུས་མཚུངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ་སོགས་ཀྱི་གྲོས་འགོ་རབ་དང་རིམ་པ་བཏོན་པ་བརྒྱུད། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་འདྲ་མཉམ་གྱི་དབང་ཆ་བརྩོན་ལེན་བྱས་ཡོད་ཅེས་བསྟན་ཡོད།

 ཀེན་ཀོ་པུས། ན་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་ནི་འགྱུར་མེད་ཀྱི་གྲོགས་པོ་ཞིག་ཡིན་ལ་དེ་བས་ང་ཚོར་དཀའ་ངལ་འཕྲད་སྐབས་ བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡས་མི་རིགས་རང་བཙན་བཅིངས་འགྲོལ་བརྩོན་ལེན་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་པ་དང་ཆབས་ཅིག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཁེངས་སྐྱུང་གནང་བ་དེས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ན་སྨི་པི་ཡའི་ཕྱོགས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བློ་སྒོ་ཕྱེ་ཐུབ་པ་བྱུང་ནས་ན་སྨི་པི་ཡའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་མ་འཇོག་མཉམ་ལས་བྱེད་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

 ཞི་ཅིན་ཕིང་གིས་མ་ལ་ཝེའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་8ཚེས་24ཉིན་གྱི་སྔ་དྲོ་ཡུའེ་ཧན་ནེ་སེ་པའོ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ནང་ཞུགས་རིང་མ་ལ་ཝེའི་ཙུང་ཐུང་ཁྲ་ཁེ་ཝེ་ལ་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས། ཙུང་ཐུང་སྐུ་ཞབས་ནས་འགན་བཞེས་ཚུན། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་གནང་བཞིན་ཡོད་པས། ངས་དོན་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་མ་ལ་ཝེས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་འགྲོ་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། མུ་མཐུད་ནས་མ་ལ་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རང་ནུས་གང་གཅོག་གི་རོགས་རམ་བྱ་འདོད་ཡོད། ཕྱོགས་གཉིས་པོས་མུ་མཐུད་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཐོག རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མ་ལ་ཝེའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་མ་ལ་ཝེ་སོགས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་འདྲ་མཉམ་དང་དྲང་བདེན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཁྲ་ཁེ་ཝེ་ལས། མ་ལ་ཝེ་ལ་དཀའ་ངལ་འཕྲད་པའི་དུས་སྐབས་སུ་ཀྲུང་གོས་རྟག་ཏུ་འཕྲལ་མ་ཉིད་དུ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། མི་རིང་བའི་གོང་ང་རང་ཀྲུང་གོར་འཚམས་འདྲི་ཞུ་སྐབས་སྣེ་ལེན་གཟབ་རྒྱས་གནང་བྱུང་། སེམས་ནང་དུ་ཀྲུང་གོ་ནི་མ་ལ་ཝེའི་གྲོགས་པོ་ངོ་མ་དང་། གཅེན་གཅུང་ངོ་མ། རོགས་ཟླ་ངོ་མ་བཅས་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། མ་ལ་ཝེ་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོད། མ་ལ་ཝེ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཛའ་གྲོགས་དང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་དང་མཇལ་འཛོམས་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་8ཚེས་24ཉིན་གྱི་སྔ་དྲོ་ཡུའེ་ཧན་ནེ་སི་པའོ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ནང་ཞུགས་སྐབས་དབྱི་རན་གྱི་ཙུང་ཐུང་ལའེ་ཞི་དང་མཇལ་འཛོམས་གནང་ཡོད། 

ཞི་ཅིན་ཕིང་གིས་དབྱི་རན་འབོ་གསེར་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ད་ཐེངས་འབོ་གསེར་འགོ་ཁྲིད་པའི་ཐུག་འཕྲད་ཐོག་ཁོངས་གཏོགས་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་རེད། ཁོངས་གཏོགས་རྒྱལ་ཁབ་གསར་པ་ཚང་མ་ནི་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཤ་སྟག་ཡིན་པས། འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པའི་ཡིད་ཆེས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་དང་མཉམ་དུ་འབོ་གསེར་སོགས་ཕྱོགས་མང་ལས་སྟེགས་ཐོག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཕྱོགས་མང་རིང་ལུགས་སྐྱོན་བྲལ་ངང་གོང་འཕེལ་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས། ད་ལོའི་སྤྱི་ཟླ་2པར་སྐུ་ཞབས་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཕེབས་པ་ཐུགས་གྲ་ལེགས་འགྲིག་བྱུང་རྗེས། རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་གིས་ང་ཚོར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་། དབྱི་རན། སོ་ཏི་ཨ་རབ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་དབྱི་རན་དང་སོ་ཏི་ཨ་རབ་དབར་ཞི་བས་མཐུན་ཐབས་མངོན་འགྱུར་བྱུང་ནས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་ཐེབས་པར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ།  ཀྲུང་དབྱིའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ལའེ་ཞི་ཡིས།  དབྱི་རན་ཕྱོགས་ཀྱིས་དབྱི་རན་འདི་ཉིད་འབོ་གསེར་གྱི་ཁོངས་གཏོགས་ངོ་མར་འགྱུར་བའི་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་འབྲེལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན། དེས་དབྱི་རན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྒུལ་ནུས་གསར་པ་བསྣན་ཡོད་ཅིང་།  རྒྱལ་ཁབ་གཉིས་པོས་ཕྱོགས་མང་ལས་སྟེགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ  གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་དང་སོ་ཏི་ཨ་རབ་དབར་སྐད་ཆ་ཤོད་རེས་དང་ཞི་བས་མཐུན་འགྲིག་བྱེད་པར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབོ་གསེར་གྱི་ཁོངས་གཏོགས་རྒྱལ་ཁབ་རྒྱ་ཆེར་བཏང་བ་དེའི་ཐོག་ནས་ཕྱོགས་རྐྱང་པའི་རིང་ལུགས་ཐུར་ལམ་དུ་འགྲོ་བཞིན་ཡོད་པ་གསལ་བཤད་བྱས་ཡོད།  དབྱི་རན་ཕྱོགས་ལ་དབྱི་རན་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573357
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།