མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།
མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-08-23ལྟ་ཀློག (2548)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མི་ལོ་བཅུ་གཅིག་གི་ན་གཞོན་ལྗང་ཁུ།
   རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྩེ་རོང་ཆོས་མཆོག་སོགས་གཙོས་ས་གནས་ཀྱི་སློབ་ཆེན་སློབ་མས་རོགས་སྒྲུབ་འོག་སྤྱི་ལོ་ཉིས་སྟོང་དྲུག་ལོ་ནས་བཟུང་བཙུགས་ཏེ་མི་ལོ་བཅོ་བརྒྱད་འགོར་ཡོད། ད་ལྟའི་བར་འཛིན་གྲྭ་བརྒྱ་དང་སོ་གཅིག་སློབ་མ་སུམ་སྟོང་བདུན་བརྒྱ་ལྷག་བསྐྱངས་པས་རང་རྫོང་དང་རྫོང་གཞན་ཡ་རྫི་དང་རེབ་གོང་།སོག་རྫོང་།རྐང་ཚ།མགོ་ལོག འབལ་རྫོང་བཅས་ནས་སློབ་མ་མང་བོ་གསབ་ཁྲིད་བྱས་པའི་གྲུབ་འབྲས་མི་དམན་པ་བླངས། ས་གནས་ཀྱི་འགོ་ཁྲིད་དང་མང་ཚོགས་ཀྱི་རེ་བ་ཇི་བཞིན་རོང་བོ་སྡེ་གསུམ་གྱི་གཙོས་ཞིབ་འཇུག་སློབ་མ་དང་སློབ་ཆེན་སློབ་མས་རང་འགུལ་གྱིས་རོགས་བསྒྲུབ་བླ་མེད་གནངས་ཏེ་བསྒྲུབས་པ་ཤ་སྟག་ཡིན། སྤྱི་ལོ་༢༠༢༣ལོའི་ཟླ་༧ཚེས་༤ཉིན་རྩེ་གཞོངས་མཉམ་སྤྱོད་གསབ་སྦྱོང་གི་རྐང་འཛིན་དགེ་རྒན་རྣམས་དང་རྒྱུན་ཞུགས་འཛིན་གྲྭ་བཅུ་གཅིག་གིས་༼བཀྲ་ཤིས་འཛོམས་པ་ཡག་མོའི་སྐབས་དང་པོ་༽སྟོན་ཟླ་ར་བར་སྦྲ་རྒན་དུད་པ་ཅན་ཞིག་གི་ནང་རོལ་དུ་འདུ་འཛོམས་བྱུང་ཞིང་། དུད་དྲེག་ལུད་པའི་འཁར་ཟངས་དུ་འོ་ཇ་མངར་མོའི་མྱོང་བཅུད་དང་། ཤ་དང་ཀ་ར་སིལ་ཏོག་གི་སྡེར་ཁ།བཏུང་བ་ཇ་ཆང་གི་སྐོམ་པ་སེལ་བའི་བསིལ་ཁུ་སྣ་མང་གིས་དགའ་སྟོན་གཟབ་རྒྱས་བཤམས།དགེ་རྒན་གྱིས་བསྟོད་པའི་སློབ་སྟོན་ཡག་པ། སློབ་མས་དགའ་ཚོར་གདོང་གི་འཛུམ་མདངས་རྒྱས་པ། དགོད་པ་དབང་མེད་ཤོར་བའི་ཧབ་ཆ་རིང་བ།སྤྲོ་བ་ཉམས་འགྱུར་རྒོད་པོའི་རྩེད་འཇོ་ལ་ལྟོས་པ་ཙམ་གྱིས་ཚོར་བ་དཔོག་མི་ཐུབ་པ་སྟེར་ངེས། གསབ་སྦྱོང་གི་འཚོ་བ་ནི་མངར་སྐྱུར་ཁ་གསུམ་དང་དཀའ་སྡུག་མཉམ་བསྲེས་ཀྱི་བགྲོད་པ་རིང་མོས་སློབ་སྦྱོང་གི་བྱེད་སྒོ་ལ་མཉམ་གནས་དང་། འཚོ་བ་གོ་སྐྱའི་བསྐྱལ་ལ་དབྱར་དགུན་གྱི་དྲོ་འཁྱག་གདོང་གི་བསུས་པ་དེང་དུས་སུ་དཀོན་མོ་འདུག་པར་སྣང་བས་ང་ཚོ་ལ་ཕྱིར་དྲན་མང་ལ། གཏམ་རྒྱུད་མོད། དེ་བས་མི་ལོ་བཅུ་གཅིག་ལ་ངོ་ཐུག་མྱོང་ལ་མ་མྱོང་པའི་རྒྱུན་ཞུགས་འཛིན་གྲྭ་བཅུ་གཅིག་ནི་དེ་རིང་གི་ན་གཞོན་ལྗང་ཁུ་དེའོ།།

          རོང་སྨྱུག་རྩེན་དུ་འབོད་པས།  ༢༠༢༣  ༨  ༢༠ཉིན།

གསབ་སྦྱོང་གཙོ་སྒྲུབ་པ་རྩེ་རོང་ཆོས་མཆོག


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 7 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: བཟོ་ཚང་མགོན་པོ་སྐྱབས། སྤེལ་དུས:2023/8/24
རྩེ་ཁོག་ཞེས་བྱའི་ཕ་ཡུལ་ལུང་བ་འདིར། ། གཞོངས་སྤྱོད་སློབ་གསོའི་བ་དན་འཕྱར་བཞིན་དུ། ། མཉམ་བྲལ་ལྷག་བསམ་གཙང་མའི་ཡ་ལད་ཀྱིས། ། སྐྱོད་ལམ་ཆག་ཆེ་ཉམ་ང་བཟློག་ཅིང་སླེབས། ། གསབ་ཆའི་ཤེས་ཡོན་བུམ་པ་གང་བྱོའི་སྟབས། ། སྦྱོང་ཐར་དམ་པའི་དཔལ་དུ་ཉམས་ཀྱིས་སྒེག ། ࿐རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་ནི་གྲྭ་བཙུན་དང་མི་སྐྱ་དཀྱུས་མ་འགས་ལྷག་བསམ་གྱིས་བཀྱགས་པའི་ཕ་ཡུལ་གྱི་སྐྱ་རེངས་ཡིན། ལྷག་བསམ་ནི་འདི་ཕྱིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ལགས་པས། བླ་མེད་ཀྱི་བྱ་བ་འདིའི་མཛད་འཕྲིན་དར་རྒྱས་ཡུན་གནས་ཤོག 🙏
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: རྭ་སང་གངས་རླུང་། སྤེལ་དུས:2023/8/24
གྲྭ་རྐྱང་མྱི་རྐྱ་དག་གིས་མུ་ནས་མུ་བསྲིངས་བའི་མཛད་རྗེས་ཀྱི་རྡོ་རིང་།
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: སྤེལ་མཁན།:གླག་རྒོད། སྤེལ་དུས།:༢༠༢༣/༨/༢༤ སྤེལ་དུས:2023/8/24
དཔྱིད་དཔལ་ལྗང་སྨྱུག་དང་ལྷན་དུ།། ལྷག་དཀར་དང་བླངས་པ་རེ་འགས།། དཀའ་སྤྱད་ལོ་ཟླ་རུ་འཐུམ་ཞིང་།། སྤྲོ་སྣང་དཔེ་ངོས་སུ་དཔར་བའི།། ན་གཞོན་ལྗང་ཁུ་ཚོ་བཀྲ་ཤིས།།
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: རྣོ་འབར། སྤེལ་དུས:2023/8/24
དཀའ་ངལ་དང་མྱི་ཁ་ལ་མགོ་སྒུར་མ་མྱོང་བའི་མཉམ་སྐྱོད་གསབ་སྦྱོང་འཛིན་གྲྭ
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: རོང་བོ་མྱི་ཆུང་། སྤེལ་དུས:2023/8/23
མིང་གན་ངའི་གྲོགས་འདས་པོ་རྩེ་སྲས་ལགས་ཀྱི་པིར་མིང་རེད། དེ་ལྟར་བྱེད་དོན་ཅི།
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: 𝑨𝒍𝒊𝒄𝒆 སྤེལ་དུས:2023/8/23
རྩེ་རོང་ཆོས་མཆོག་ནི་ཕ་ཡུལ་གྱི་སློབ་གསོའི་སྣེ་ཁྲིད་པ་ཡིན།
  མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།   སྤེལ་མཁན།: དྲང་མོ་མདའ། སྤེལ་དུས:2023/8/23
ཁོ་ཚོས་ཁེག་ཚད་ཅིག་ཁུར་ནས་ཐོན་ཚད་ཅིག་ལ་འགྲོ་ཟེར་བཞིན་ལོ་ཟླ་དང་ན་ཚོད་ཕ་ཡུལ་ཀྱི་སློབ་གསོར་འཐུམ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23557016
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།