བཤེས་གཉེན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གཙང་ཨ་རིག་འོབས་ཐུང་སྡེ་བར་ཕེབས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »བཤེས་གཉེན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གཙང་ཨ་རིག་འོབ
བཤེས་གཉེན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གཙང་ཨ་རིག་འོབས་ཐུང་སྡེ་བར་ཕེབས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-08-21ལྟ་ཀློག (1693)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅།། ངེས་དོན་བོད་ཀྱི་སློབ་གསོ་བ་ཆེན་མོ་བཤེས་གཉེན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་ངེད་གཙང་ཨ་རིག་དངོས་མ་འོབས་ཐུང་སྡེ་བའི་སློབ་མའི་འཐུས་ཚབ་མི་སྣ་སྟེ་ཤེས་རིག་འོད་སྣང་ལས་ཤག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་རབ་རྒྱན་ཆུ་ཡོས་ལོའི་སྤྱི་ཟླ་༧ཚེས་ཚེས་༡༥ཉིན་ཁོང་གི་ཞབས་ཟུང་བཀྲ་ཤིས་རི་མོ་དངོས་སུ་གནས་འདིར་བཅགས་ཤིང་། ཚེས་༡༦ཉིན་འདུས་སྡེ་སྐྱ་སེར་སྟོང་ཕྲག་དྲུག་ལྷག་ལ་བཀའ་སློབ་ཀྱི་སྐྱེས་བཟང་ལེགས་པར་བསྩལ། འདི་ནི་ས་གནས་འདིའི་ལོ་རྒྱུས་རང་བཞིན་གྱི་དགེ་མཚན་དང་ཡང་དག་པའི་མཛད་རྗེས་ཤིག་ལ་བཞག་ཀྱང་ཆོག་པར་སེམས། སྤྱིར་ས་གནས་འདི་ལ་མཚོན་ན་སློབ་གསོ་ནི་ཉམ་ཆུང་ལ་སློབ་གསོར་འཛིན་པའི་ལྟ་ཚུལ་ཡང་ཤིན་ཏུ་ཕྲ། འོན་ཏེ་མི་གཤིས་ལེགས་ལ་བསམ་པ་དགེ་ཞིང་སྔོན་སྲོལ་བཟང་བོར་རྒྱུན་འཛིན་དང་གཙིགས་སུ་འཛིན་པ་ཞིག་ཡིན་པས་ངེད་ས་གནས་མང་ཚོགས་འདི་ཡང་ཉམ་ཐག་པ་ཞིག་མིན། ངེད་སྡེ་བའི་སློབ་མའི་འཐུས་ཚབ་ཤེས་རིག་འོད་སྣང་ལས་ཤག་ནི་ཤེས་ཡོན་པའི་རུ་ཁག་ཅིག་སྟེ་ཡ་རབས་ཀྱི་ལུགས་དང་ལྡན་ཞིང་དྲང་བོར་གནས་པ་རྒྱང་རིང་མཐོང་ཐུབ་པའི་བློ་མིག་དང་ལྡན་པས་ན་ཐེངས་འདིའི་ལས་ཀ་འདི་ཡང་ཆེས་བླ་ན་མེད་ལ་བསྟོད་པར་འོས་པའི་གནས་སོ་ཞེས་བདག་གིས་སྨྲ་བར་སྤོབས།  ད་རེབ་ཁོང་ཚང་གི་དུས་སུ་བབ་པའི་ཆར་ལྟར་སྐབས་བབ་གསུང་བཤད་གནད་ལ་ཁེལ་བའི་ལེགས་བཤད་འདི་སྐལ་བཟང་གི་སྐྱེ་བོ་གཞན་དག་གིས་ཀྱང་ལོངས་སུ་སྤྱོད་ཐུབ་ན་སྙམ་པའི་ཀུན་སློང་གིས་སློབ་མའི་སྨྱན་སྦྱོར་ཚན་ཆུང་གིས་ཡུན་རིང་དུས་ཚོད་སྤྱད་དེ་སྒྲིག་འགོད་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། ཐེངས་འདིའི་བྱ་འགུལ་གཙོས་ཡར་སྐུལ་རང་བཞིན་གྱི་བྱ་བ་མང་དུ་སྒྲུབ་སྐབས་བཤེས་གཉེན་དམ་པ་སྔགས་ཆེན་རིན་པོ་ཆེ་ཡོངས་འཛིན་ཤཱཀྱ་རྒྱ་མཚོ་ཚང་དང་། དགེ་བའི་བཤེས་གཉེན་རྩིས་རམས་པ་བློ་བཟང་དར་རྒྱས་ཚང་།  དབུ་ཟུར་སློབ་གཙོ་ཨ་ཁུ་འཇིགས་མེད་རྒྱ་མཚོ་ཚང་།  ཕྲན་བཅས་འོད་སྣང་ལས་ཤག་གི་བློ་འདོན་པ་ཡིན་པར།  ཁོང་རྣམ་པ་གསུམ་གྱིས་ལམ་སྟོན་ཡང་དག་པ་གནང་པར་ཕྲན་གྱིས་རང་སྡེའི་སློབ་མ་ཡོངས་ཀྱི་ཚབ་ཏུ་ཐུགས་རྗེ་ཆེ་ཞུས་པ་ཡིན། དེ་བཞིན་སྡེ་བའི་དབུ་ཁྲིད་ལས་བྱེད་རྣམ་པ་ཚོ་དང་། འཚོ་བར་མཐུན་སྦྱོར་དང་བྱ་བར་རོགས་འདེགས་གནང་མཁན་རྒན་བློ་བཟང་ཤེས་རབ་ཁྱིམ་མི་ཡོངས། འོད་སྣང་ལས་ཤག་གི་སློབ་མའི་ཁྱིམ་བདག་རྣམ་པ། ཚོགས་པ་འདིའི་ཡར་སྐུལ་བྱ་བ་དུས་རྒྱུན་སེམས་སུ་ཉར་ནས་ཞལ་འདེབས་གནང་མཁན་བཅས་ཁྱོན་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

  བཤེས་གཉེན་བཀའ་དྲིན་ཅན་ཁོང་གདན་འདྲེན་ཞུ་རུ་ཐེངས་ལྔ་ལ་སོང་། དེ་ཡང་བར་བགེགས་མང་བོ་ཞིག་གི་རྐྱེན་ལས་མ་གཏོགས། ཐེངས་དང་བོ་ནས་ཁོང་ཚང་ཕེབས་པའི་ཞལ་བཞེས་ལེགས་པོ་ཐོབ། ནམ་ཡང་ཁོང་ཚང་གིས་ངེད་ཚོར་ད་སྐབས་སྟབས་བདེ་རེད་དངོས་སུ་ཡོང་མི་དགོས་དྲྭ་ལམ་ནས་གྲོས་བྱེད་ཆོག་ཅེས་གསུངས་ན་ཡང་། ཆོས་ཀྱི་ཆེ་བ་དང་བླ་མ་ལ་སྙིང་ནས་གུས་པ་མཚོན་ཕྱིར་དངོས་སུ་སྐུ་དྲུང་ལ་བཅར་བ་མ་གཏོགས་ཁ་པར་ལམ་ནས་གང་ཡང་ཞུས་པ་མིན། 

  དེ་ལྟར་བཤེས་གཉེན་རིན་པོ་ཁོང་གིས་བོད་གངས་ཅན་པའི་ཆོས་རིག་གི་རྒྱལ་མཚན་གྱེན་དུ་འདེགས་པར་ནམ་ཡང་མཛད་པ་སྐྱོང་བར་ཐུགས་བྲེལ་ཤིན་ཏུ་ཆེ་ན་ཡང་།ཐུགས་བརྩེ་བས་གཟིགས་ཏེ་ངེད་ས་གནས་སུ་ཕེབས་པར་མ་ཟད།རིན་བྲལ་གསུང་གི་གདམས་པ་མང་དུ་བསྩལ་པར་ངེད་ཅག་སྐྱ་སེར་ཐམས་ཅད་ཀྱིས་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་ཐུགས་ནས་འདོར་བ་མེད་པའི་སྐྱབས་འཇུག་ལན་བརྒྱར་ཞུ་བ་ལགས་སོ།།

  ཞེས་གཙང་དགོན་ཆོས་ཀྱི་གྲོང་ཁྱེར་དོན་ཀུན་གྲུབ་པ་རབ་བརྟན་གླིང་གི་གནས་མཆོག་ནས། གཙང་གཟུགས་མཛེས་རྒྱ་མཚོར་འབོད་པས་མཚུངས་མེད་བཤེས་གཉེན་རིན་པོ་ཆེའི་གསུང་བཤད་བརྙན་ཕབ་སྒྲིག་གཟོ་བྱས་པའི་མཚམས་སྦྱོར་གྱི་དོད་དུ་རབ་རྒྱན་ཆུ་ཡོས་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པར་བྲིས་སོ།།







སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557536
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།