རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་ཙོང་ཐུང་འགའ་དང་མཇལ་འཛོམས་གནང་བ། གསར་འགྱུར་ཕྱོགས་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་ཙོང་ཐུང་འགའ
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་ཙོང་ཐུང་འགའ་དང་མཇལ་འཛོམས་གནང་བ། གསར་འགྱུར་ཕྱོགས་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-07-31ལྟ་ཀློག (889)རྩོམ་ཁུངས: ཞིན་ཧྭ་གསར་འགྱུར་དྲ་བ། པར་འདེབ།

ཞི་ཅིན་ཕིང་གིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ་རུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་མོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་58སོང་རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས་མཛའ་གཅུགས་ཟབ་མོ་ཆགས་ཡོད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ་ཀྲུང་མོ་རྒྱལ་ཁབ་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་གྱི་གྲོགས་པོ་བཟང་པོ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་གྱི་རོགས་ཟླ་བཟང་པོ་བྱས་ནས། ལག་གདང་དཔུང་སྦྲེལ་གྱིས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཡོད། ན་ནིང་ལོ་མཇུག་ཏུ་ང་ཚོས་སོ་ཏི་རི་ཡ་ཏེར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་ཞུགས་པ་དང་འབྲེལ། ཐུག་འཕྲད་ཀྱང་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། སྐུ་ཉིད་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་ལ་འཆར་གཞི་གསར་པ་འགོད་ཐུབ་པའི་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ལངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་སྔར་རྒྱུན་བཞིན་མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པར་རྒྱབ་སྐྱོར་བྱས་ཏེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་མོ་རི་ཐ་ནི་ཡའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མོ་རི་ཐ་ནི་ཡ་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་མུ་མཐུད་བྱེད་པ། མོ་རི་ཐ་ནི་ཡར་རོགས་རམ་བྱེད་པའི་ཞིང་ལས་དང་འབྲོག་ལས་ཀྱི་ལག་རྩལ་དཔེ་སྟོན་ལྟེ་གནས་གཉིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཤ་མོ་སྐྱེ་རྩྭའི་འདེབས་འཛུགས་ལག་རྩལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཉ་ལས་དང་། ཞིང་ལས། འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་མོ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་འགྲོ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་དངོས་ཡོད་པའི་ཀྲུང་གོའི་ཁེ་ལས་མོ་རི་ཐ་ནི་ཡའི་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། འདི་ལོ་ནི་ཀྲུང་གོས་མོ་རི་ཐ་ནི་ཡར་སྨན་བཅོས་རུ་ཁག་མངགས་ནས་ལོ་55འཁོར་བའི་ལོ་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་མོ་རི་ཐ་ནི་ཡར་ཆུ་ཚད་མཐོ་བའི་སྨན་བཅོས་རུ་ཁག་མངགས་རྒྱུ་དང་། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཁུང་ཙི་སློབ་གླིང་དང་རྒྱ་ཡིག་སློབ་ཁྲིད་ཡག་པོ་གཉེར་བར་རྒྱབ་སྐྱོར་བྱས་ནས་རིག་གནས་དང་། གཞོན་ནུ། གསར་འགྱུར། ས་གནས་སོགས་ཀྱི་སྤེལ་རེས་མཉམ་ལས་ཕུན་སུམ་ཚོགས་སུ་བཏང་སྟེ། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་མཛའ་གཅུགས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་འདོད་ཡོད།

ཅ་ཙི་ཝ་ཉིས་གསུངས་དོན། མོ་ཀྲུང་རྒྱལ་ཁབ་གཉིས་པོར་མཛའ་གཅུགས་ཟབ་མོ་ལྡན་པས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དམ་ཟབ་དང་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནི་རྒྱལ་ཁབ་ཁག་གི་རང་བཙན་དང་། བདག་དབང་། ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ལ་བརྩི་འཇོག་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་རྦད་དེ་མཐུན་ཡོད་པས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེ་བདེ་འཇགས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་བཅས་གཏོང་བར་ཕན་ཐོགས་ཡོད་པས། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཨ་ཀྲུང་འབྲེལ་བ་དང་ཧྥེ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རམ་འདེགས་བྱེད་འདོད་ཡོད།

མཇལ་འཛོམས་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་མོ་རི་ཐ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་འགོད》ལ་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།


ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28ཉིན་གྱི་སྔ་དྲོ། རྒྱལཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ་རུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཀུའེ་ཡ་ན་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་དམིགས་ཏེ་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཀྲུང་ཀུའེ་དབར་གྱི་འབྲེལ་བ་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཀུའེ་ཡ་ནའི“ཐཱན་ཉུང་འཕེལ་རྒྱས་འཐབ་ཇུས་2030”དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཀུའེ་ཡ་ན་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ནས་ཀུའེ་ཡ་ནའི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་པར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཀུའེ་ཡ་ནར་མ་འཇོག་བྱས་ཏེ་ནུས་རྒྱུ་དང་། གཏེར་ལས། དངུལ་རྩ། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ནུས་རྒྱུ་གསར་པ་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུའི་སྐུལ་ལྕག་གཏོང་གི་ཡིན། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་མཛའ་གཅུགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོ་དང་ཀུའེ་ཡ་ནའི་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་ལངས་ཕྱོགས་འདོད་ཚུལ་ཧ་ལམ་གཅིག་པ་ལྡན་ཡོད། ཀུའེ་ཡ་ན2024—2025ལོའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་མིན་པའི་རྒྱལ་ཁབ་ལ་བདམས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས་ཀུའེ་ཡ་ན་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀུའེ་ཡ་ན་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་དང་། འབྲུ་རིགས་བདེ་འཇགས། ནུས་རྒྱུའི་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་འབྲེལ་ནས་གཏོད་འདོད་ཀྱང་ཡོད། ཞི་ཅིན་ཕིང་གིས་བསྟན་དོན། 2013ལོར་ངས་ཅ་ལེ་པིའི་ས་ཁུལ་དུ་འཚམས་འདྲིར་ཐེངས་དང་པོ་བསྐྱོད་ནས་ཅ་ལེ་པིའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་9ཡི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་ཅའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རང་དར་དང་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཅ་ལེ་པི་ཕྱོགས་དང་མཉམ་དུ་འབྲེལ་བ་དེ་བས་དམ་ཟབ་ཀྱི་ཀྲུང་ཅའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་གཏོད་འདོད་ཀྱང་ཡོད། ཀུའེ་ཡ་ན་ཕྱོགས་ཀྱིས་ཀྲུང་གོ་དང་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུའི་རེ་བ་ཡོད།

ཨ་ལིས་གསུངས་དོན། ཀུའེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོད་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཧ་ཅང་ཆེན་པོ་ཡོད། ཀུའེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན་གྱི་ལོ་50ནི་མཛའ་གྲོགས་དང་། མཉམ་ལས། ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་ལོ་50ཡིན། ཀུའེ་ཡ་ན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་བྱུང་འགོ་ཁྲིད་ནུས་པར་ཚད་མཐོའི་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་ཡང་བྱེད་ཀྱི་ཡོད། ཀུའེ་ཡ་ནས་ཀྲུང་གོ་ཡིད་ཆེས་ཆེན་པོ་བྱེད་པའི་མཉམ་ལས་རོགས་ཟླར་བརྩི་ཡི་ཡོད་པས་ཀྲུང་གོའི་ཁེ་ལས་ཀུའེ་ཡ་ནར་མ་འཇོག་ལས་གཏོད་བྱེད་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་ནུས་རྒྱུ་དང་། གནམ་གཤིས་འགྱུར་ལྡོག འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་རྒྱུའི་རེ་བ་ཡོད། ཀུའེ་ཡ་ན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀུའེ་ཡ་ན་ཕྱོགས་ཀྱིས་ཅ་ལེ་པིའི་གཅིག་མཐུན་འདུས་གྲུབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ་རུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡེ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ཡོད། རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བློས་ཐུབ་དང་། ཕན་ཚུན་བརྩི་འཇོག་དང་ལག་གདང་དཔུང་སྦྲེལ་གྱིས་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ་རེད། ཀྲུང་གོ་ཕྱོགས་ཀྱིས་པུ་རུན་ཏིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཕྱི་རོལ་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ། པུ་རུན་ཏི་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་བཅས་བྱས་ནས་པུ་རུན་ཏི་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བཟུང་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་ནི་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་ཀྲུང་ཧྥེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཨ་ཧྥེ་རི་ཁར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པར་ཡང་ཆ་རྐྱེན་དེ་བས་ལེགས་པ་བཏོད་ཡོད། མིག་སྔར་འཛམ་གླིང་ཐོག་འགྲན་སློང་དང་ཉམས་ཉེན་མང་པོ་མཉམ་དུ་གནས་ཡོད་པས། ཀྲུང་ཧྥེས་མཐུན་སྒྲིལ་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཏེ། པུ་རུན་ཏི་ཚུད་པའི་ཨ་ཧྥེ་རི་ཁའི་སྤུན་ཟླ་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཏ་ཁར་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཡར་རྒྱས་ཡོང་བར་བྱེད་འདོད་ཡོད།

ཨེན་ཏ་དབྱི་ཧྲི་སྨི་ཡེ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་པུ་རུན་ཏི་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འགྱུར་མེད་ཀྱི་མཉམ་ལས་རོགས་ཟླར་བརྩི་རྒྱུ་ཡིན། པུ་རུན་ཏི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། པུ་རུན་ཏི་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཚད་གཞི་ཉིས་བརྩེགས་ལག་བསྟར་དང་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན། པུ་རུན་ཏི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་། གཏེར་ལས། འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་སྦྲེལ་མཐུད་བྱས་ཏེ་པུ་རུན་ཏི་དང་ཨ་ཧྥེ་རི་ཁ་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ནས། ཧྥེ་ཀྲུང་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572141
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།