བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གཅིག་པ) བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གཅིག་པ) བྱར་པོ་པཎ་ཆེན་རྡོ་རྗེ་
བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་གཅིག་པ) བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-28ལྟ་ཀློག (1378)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ།

གྲུབ་མཐའ། བཀའ་བརྒྱུད་པ།

འཁྲུངས་འདས། ༡༤༤༧-༡༥༠༦

བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་མཆོག་ནི། སྤྱི་ལོ་(༡༤༤༧)ལོར་བྱར་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་ལ་མཁས་པར་སྦྱངས་ཤིང་། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པ། དྭགས་པོ་སྨན་སྒོམ་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་དྲང་སྲོང་དོན་གྲུབ་དར་ཞེས་སྔ་འགྱུར་གྱི་གཏེར་ཡང་བཏོན་པ་དེའི་མི་རབས་གསུམ་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བླ་སྨན་དང་། སྨན་གྱི་སློབ་དཔོན་གྱི་བསྐོ་འཇའ་གནང་སྟེ་འཆད་ཉན་ཚུགས་པའི་འཚོ་བྱེད་པདྨ་དཀར་པོ་ཞེས་པའི་རིགས་སྲས་ཡིན་ཞིང་། ཀརྨ་པས་བསྐོ་འཇའ་སོགས་གཟེངས་བསྟོད་ཅིང་རང་མེས་ཀྱི་སྲོལ་དང་། སྐྱེམ་པ་ཚེ་འབུམ་གྱི་ཞབས་ལ་གཏུགས་ནས་ཟུར་ལུགས་ལ་མཁས་པར་སྦྱངས་པས་བྱར་པོ་པཎ་ཆེན་ཞེས་པའི་མཚན་ཐོགས་ཤིང་། ལྷོ་རྒྱུད་དུ་གསོ་དཔྱད་ཀྱི་བསྟན་པ་དར་བར་མཛད།

      བརྩམས་ཆོས་ལ། རྒྱུད་སྡེ་བཞི་གའི་འགྲེལ་པ། ཁོག་འབུགས་ལེགས་བཤད་གསེར་གྱི་སྙེ་མ། བྱེ་བ་རིང་བསྲེལ་གྱི་དཀར་ཆགས་སོགས་མཛད། བརྒྱུད་འཛིན་སློབ་མ་འཕྱོངས་རྒྱས་འཚོ་བྱེད་ཀུན་རྡོར་སོགས་བུ་སློབ་མང་པོ་མཆིས་པར་གཞུང་དང་། ལག་ལེན་མན་ངག་མཐའ་དག་འཆད་ཉན་བཟང་པོས་བསྐྱངས་ཏེ། གསོ་དཔྱད་ཀྱི་བསྟན་པ་སྤྲིན་བྲལ་ཉི་འོད་བཞིན་རྒྱས་པར་མཛད། སྤྱི་ལོ་(༡༥༠༦)ལོར་སྐུ་གཤེགས།

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557021
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།