ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ
ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-23ལྟ་ཀློག (1159)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།

  

ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་གོང་དུ་འཕེལ་བཞིན་པ་དང་དུས་རབས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད། འཛམ་གླིང་ལ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མཁོ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀས་འབྲེལ་འདྲིས་ཡང་དག་བྱེད་ཐུབ་མིན་དེ་མིའི་རིགས་ཀྱི་མདུན་སྐྱོད་ཀྱི་ལས་དབང་ལ་འབྲེལ་ཡོད། ཡངས་ཤིང་ཆེ་བའི་སའི་གོ་ལ་འདིའི་སྟེང་དུ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་རང་སོ་སོ་ནས་གོང་དུ་འཕེལ་ཆོག་པ་དང་མཉམ་དུ་དར་རྒྱས་སུ་སོང་ཆོག་ཆོག་ཡིན། ཀྲུང་གོའི་མི་དམངས་དང་ཨ་མེ་རི་ཁའི་མི་དམངས་གཅིག་འདྲ་ཡིན་ཏེ། ཚང་མ་རང་བརྩི་རང་རྟོན་རང་བརྩོན་གྱི་མི་དམངས་ཡིན་ལ། ཚང་མར་དགའ་སྐྱིད་ཀྱི་འཚོ་བ་སྙེག་པའི་དབང་ཆ་ཡོད། རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་པའི་ཐུན་མོང་གི་ཁེ་ཕན་ལ་མཐོང་ཆེན་བྱེད་འོས་པ་དང་། སོ་སོས་བླངས་པའི་གྲུབ་འབྲས་ནི་ཕ་རོལ་བར་མཚོན་ན་གོ་སྐབས་ཡིན་པ་ལས་འཇིགས་སྣང་མིན། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་པ་དང་། རྒྱལ་ཁབ་གཉིས་བར་དུ་འགལ་བ་བྱུང་ནས་ཁ་གཏད་དུ་ལངས་པའི་གནས་ཚུལ་མཐོང་འདོད་མེད་ལ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ལས་གཅིག་འདོར་གཅིག་ལེན་བྱེད་འདོད་མེད་པར། ཚང་མས་ཀྲུང་གོ་དང་ཨ་མེ་རི་ཁས་ཞི་བདེ་མཉམ་གནས་དང་མཛའ་མཐུན་མཉམ་ལས་བྱེད་པའི་རེ་འདོད་བཅངས་ཡོད། རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་དང་མི་དམངས། འཛམ་གླིང་བཅས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། འཛམ་གླིང་ཧྲིལ་བོའི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་དགོས་པ་དང་། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་འཇགས་རང་བཞིན་དང་གཏན་ཁེལ་རང་བཞིན། འཛུགས་སྐྲུན་རང་བཞིན་སྣོན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཆེན་པོའི་བར་དུ་འགྲན་རྩོད་བྱེད་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་མཐུན་ལ། ཨ་མེ་རི་ཁ་རང་སྟེང་གི་གནད་དོན་དང་འཛམ་གླིང་འཕྲད་པའི་འགྲན་སློང་དེ་ལས་ཀྱང་ཐག་གཅོད་མི་ཐུབ། ཀྲུང་གོས་ཨ་མེ་རི་ཁའི་ཁེ་ཕན་ལ་བརྩི་བཀུར་བྱེད་པ་ལས། ཨ་མེ་རི་ཁར་འགྲན་སློང་མི་སྲིད་ལ་ཨ་མེ་རི་ཁའི་ཚབ་ཀྱང་བྱེད་མི་སྲིད། དེ་བཞིན་དུ་ཨ་མེ་རི་ཁས་ཀྱང་ཀྲུང་གོར་བརྩི་བཀུར་བྱེད་དགོས་པ་ལས། ཀྲུང་གོའི་ཚུལ་མཐུན་ཁེ་དབང་ལ་གནོར་སྐྱེལ་མི་ཆོག ཕྱོགས་གང་གིས་ཀྱང་རང་གི་འདོད་མོས་ཕ་རོལ་བའི་སྟེང་དུ་བཙན་འཇོག་བྱེད་མི་ཆོག་ལ། ཕ་རོལ་བའི་ཚུལ་མཐུན་གྱི་འཕེལ་རྒྱས་དབང་ཆ་དེ་ལས་ཀྱང་འཕྲོག་མི་རུང་། ཀྲུང་གོས་དུས་ནམ་ཡང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ཡོང་རྒྱུའི་རེ་བ་བཅངས་ཡོད་པ་དང་། རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་དཀའ་བ་ཡོད་ཚད་ཁྱད་དུ་སེལ་ནས། ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་འབྲེལ་འདྲིས་ཀྱི་ཐབས་ལམ་ཡང་དག་ཅིག་རྙེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཨ་མེ་རི་ཁས་དོན་མཐུན་ལུགས་མཐུན་གྱི་རྣམ་འགྱུར་བཟུང་སྟེ། ཀྲུང་གོ་དང་ཕྱོགས་གཅིག་ཏུ་བསྐྱོད་པ་དང་མཉམ་གཅིག་ཏུ་འབད་བརྩོན་བྱེད་རྒྱུ་དང་། ཙུང་ཐུང་པད་ཏིན་ངེད་གཉིས་བར་དུ་པ་ལི་གླིང་ཕྲན་གྱི་ཐུག་འཕྲད་ལས་བྱུང་བའི་ཐུན་མོང་གི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་ཡོད་ཀྱི་སྐད་ཆ་བཟང་བོ་སྦྱོར་བ་དངོས་ལས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་ཞིང་བཟང་བར་བྱ་རྒྱུའི་རེ་བ་བཅངས་ཡོད།

 

ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།

   པུའུ་ལིན་ཁུན་གྱིས་ཙུང་ཐུང་པད་ཏིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་བྱས། ཁོས་བཤད་རྒྱུར། ཙུང་ཐུང་པད་ཏིན་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་དོ་དམ་བཟང་བོ་བྱེད་པའི་འགན་འཁྲི་བཟང་བོར་ཁུར་ཐུབ་པར་ཡིད་ཆེས་ཀྱིས་ཡོད་ལ། འདི་ནི་ཨ་མེ་རི་ཁ་དང་ཀྲུང་གོ། ཐ་ན་འཛམ་གླིང་གི་ཁེ་ཕན་དང་མཐུན། ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་པ་ལིས་གླིང་ཕྲན་གྱི་ཐུག་འཕྲད་ལས་གཏན་ལ་ཕབ་པའི་གྲོས་རིམ་ལག་བསྟར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། ཨ་མེ་རི་ཁས་ཙུང་ཐུང་པད་ཏིན་གྱིས་བཞག་པའི་དམ་བཅའ་བརྩི་སྲུང་བྱས་ཏེ། འཇམ་འཐབ་གསར་པ་སློང་མི་འདོད་ལ། ཀྲུང་གོའི་ལམ་ལུགས་བསྒྱུར་མི་འདོད་ཅིང་། མནའ་གྲོགས་ཀྱི་འབྲེལ་བ་ཇེ་དམ་དུ་བཏང་ནས་ཀྲུང་གོར་ངོ་རྒོལ་བྱེད་མི་འདོད་པ་དང་། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མི་འདོད། ཀྲུང་གོའི་བར་དུ་འགལ་བ་སློང་མི་འདོད་པར་ཀྲུང་གོའི་མཐོ་རིམ་བར་དུ་འགྲོ་འོང་བྱེད་པ་དང་འབྲེལ་འདྲིས་གེགས་མེད་ཡོང་བར་བྱེད་པ། འགན་ཁུར་བའི་སྒོ་ནས་འགལ་བ་ཐག་བཅད་དེ། གྲོས་མོལ་དང་བརྗེ་རེས། མཉམ་ལས་བཅས་བྱེད་འདོད་ཡོད་ཟེར།

 

ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་པུའུ་ལིན་ཁུན་བརྒྱུད་དེ་ཙུང་ཐུང་པད་ཏིན་ལ་འཚམས་འདྲི་ཞུས། ཝང་དབྱི་དང་ཆིན་ཀང་སོགས་ཐུག་འཕྲད་ལ་ཞུགས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ljbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573705
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།