སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམས་སྟོན་དང་འགྲན་སྡུར་སྐབས་དང་པོ་སྤེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམས་སྟོན་དང་འགྲན་སྡུར་སྐབས་དང
སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམས་སྟོན་དང་འགྲན་སྡུར་སྐབས་དང་པོ་སྤེལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-22ལྟ་ཀློག (1993)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམས་སྟོན་དང་འགྲན་སྡུར་སྐབས་དང་པོ། ལོ་བུ་ཐང་སྡེ་བའི་སྲོང་བཙན་སྒམ་པོ་དང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར་ལེགས་བསྒྲིགས་ཀྱི་དེབ་གསར་འགྲེམས་སྤེལ་མཛད་སྒོ་སྤེལ།

༢༠༢༣ལོའི་ཟླ་༦པའི་ཚེས་༡༨ཉིན།ཀྲུང་གོ་འབོ་ར་གྲོང་རྡལ་ཨུ་ཡོན་ལྷན་ཁང་དང་འབོ་ར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་ཀན་ལྷོ་ཁུལ་བྱང་ཆུབ་པདྨའི་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི།ལོ་བུ་ཐང་ཞང་སྡེའི་ཤུལ་བཞག་རིག་དངོས་བཤམས་སྟོན་ཁང་བཅས་ཀྱིས་རོགས་སྒྲུབ་དང་'འབོ་ར་གྲོང་རྡལ་ལོ་བུ་ཐང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་ཁུར་བའི་འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ་ལོ་བུ་ཐང་སྡེ་བའི་སྨོན་ལམ་གཞིས་ཀ་ནས་བདེ་བླག་ངང་སྤེལ། 

   སྔ་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀའི་སྟེང་དུ།སྨོན་ལམ་གཞིས་ཀའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ནས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་གདན་ཞུའི་སྐུ་མགྲོན་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཚེ་རིང་དང་།ཚོགས་པ་དེ་གའི་ལས་འཛིན་དང་གཅན་ཚ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕགས་བྷེ།མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་སེང་གེ་དར་རྒྱས་དང་པད་དཀར་འབངས།སི་ཁྲོན་རྔ་བའི་ཡིག་མཁན་ལྷུན་གྲུབ་རྒྱ་མཚོ།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྒོམ་པ་བཀྲ་ཤིས།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་མཁའ་འགྲོ་འབུམ་དང་ཁུལ་སྲིད་གཞུང་གི་རིག་གནས་བློ་འདྲི་བ་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཡིག་གཟུགས་དགེ་རྒན་འཇིགས་མེད་ཆོས་དར།ཀླུ་ཆུའི་ཡིག་མཁན་ཆོས་འཁོར་བསྟན་འཛིན།བསང་ཆུ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་དཀོན་མཆོག་ཚེ་རིང་།སྔར་གྱི་བསང་ཆུ་རྫོང་བོད་ཀྱི་སྐད་ཡིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྟ་མགྲིན་ཐར།ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་བཙུན་ཡིག་མཁན་སྐལ་བཟང་བསྟན་པ།འབོ་ར་དགོན་པའི་གྲྭ་བཙུན་ཡིག་མཁན་ཡོན་ཏན་རྒྱ་མཚོ།ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བའི་རྣམ་ཐར་ཟློས་གར་རྒྱུན་འཛིན་པ་ཁྱི་ཐར་བཅས་སྐུ་མགྲོན༧༠ལྷག་ལ་མདུན་བསུ་བྱས་ཤིང་།དེ་ནས་ཐོག་མར་ལོ་བུ་ཐང་སྡེ་བའི་ཞང་སྡེ་ཤུལ་བཞག་རིག་དངོས་བཤམས་སྟོན་ཁང་དུ་སྨོན་ལམ་རྒྱ་མཚོའི་དྲན་གསོ་ཁང་དུ་ཀན་ལྷོ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོའི་དངོས་སློབ་རྡོར་བྷ་ལགས་ཀྱིས་སྨོན་ལམ་རྒྱ་མཚོའི་མཛད་རྣམ་དང་ཡིག་གཟུགས་ཕྱག་རྒྱུན་ཐད་ཀྱི་གཏམ་བཤད་གནངས་ཤིང་དེར་བཞུགས་ཐམས་ཅད་ཀྱིསདྲན་གསོ་ཁང་དུ་ལྟ་ཞིབ་རྒྱུས་ལོན་དང་སློབ་སྦྱོང་བྱས་རྗེས་སུ།འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོའི་ཡུལ་དངོས་སུ་ཆས། 

    ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གི་འདུ་ཤེས་དམ་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་བ་རྩོམ་ཞེས་པ་བརྗོད་་སྙིང་བྱས་ནས་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་ཕྱག་རྒྱུན་སློབ་སྦྱོང་དང་རྒྱུན་འཛིན།ཡིག་གཟུགས་ལ་དགའ་མཁན་སྐྱེད་བསྲིང་དང་ཡིག་གཟུགས་ཀྱི་ཤེས་ལྡན་པ་སྔོག་འདོན་བྱས་ནས་སྨོན་ལམ་ཡིག་གཟུགས་ཀྱི་ཕྱག་རྒྱུན་མི་ཉམས་གོང་འཕེལ་དུ་འགྲོ་བར་དམིགས་ཡུལ་བཟུང་ནས་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོ་སྤེལ།

    ཐེངས་འདིའི་འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོར་ཞུགས་པའི་མི་སྣ་43ཡོད་ལ། དེའི་ནང་དུ་ཡིག་གཟུགས་འགྲེམ་སྟོན་དང་འགྲན་སྡུར་གཉིས་ཀར་ཞུགས་པའི་མི་7ཡོད། ཡིག་གཟུགས་འགྲན་སྡུར་དུ་ཞུགས་པའི་སློབ་ཆུང་སློབ་མ་29དང་སློབ་འབྲིང་སློབ་མ་7དགེ་རྒན1གྲྭ་བ2 སློབ་ཆེན་སློབ་མ་4བཅས་ཡོད།ཁོ་ཚོས་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ལ་ཀན་ལྷོ་་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཆེད་མཁས་པས་དཔྱད་ཞིབ་བྱས་རྗེས་སུ།ཨང་དང་པོ་གཅིག་དང་གཉིས་པ་གཉིས།གསུམ་པ་གསུམ་བཅས་སྡོམ་པས་མི་དྲུག་འདེམས་ཐོན་བྱུང་།

ཕྱི་དྲོ་ཆུ་ཚོད་གཉིས་པའི་སྟེང་དུ།སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་ཕྱག་རྒྱུན་བཞུགས་མོལ་ཚོགས་འདུ་འཚོགས།ཚོགས་ཐོག་ཏུ་འབོ་ར་གྲོང་རྡལ་གྱི་ཧྲུའུ་ཅི་ཤ་བོ་ཚེ་རིང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གི་འདུ་ཤེས་བརྟན་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་བ་རྩོམ་ཞེས་པ་བརྗོད་་སྙིང་བྱས་ནས་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་དང་རྣམ་ཐར་ཟློས་གར་གྱི་་རིག་གནས་སྒྱུ་རྩལ་དབྱར་གྱི་མཚོ་མོ་བཞིན་རྒྱས་ཤིང་རྒྱལ་ཁམས་བདེ་ཞིང་འབངས་རྣམས་སྐྱིད་པར་ཡོང་བའི་ཤིས་ཚིག་ཕུལ་ཞིང་།ཀན་ལྷོ་ཁུལ་ཟླ་ཟེར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་གིས་ཚོགས་འདུའི་གཙོ་འགན་ཁུར།ཚོགས་ཐོག་ཏུ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས་དང་ཁུལ་སྲིད་གཞུང་གི་རིག་གནས་བློ་འདྲི་བ་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།ཀན་ལྷོ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོའི་དངོས་དངོས་སློབ་རྡོར་བྷ།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་ཀན་ལྷོ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སངས་རྒྱས་བཀྲ་ཤིས།ཕྱག་རྡོར་ཚེ་རིང་།བླ་མ་སྐྱབས།ཤེས་རབ་རྒྱ་མཚོ།རྟ་མགྲིན་ཐར་བཅས་ཀྱིས་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་ཕྱག་རྒྱུན་དང་རྣམ་ཐར་ཟློས་གར་་རྒྱུན་འཛིན་དར་སྤེལ་སོགས་ཀྱི་ཐད་ནས་གཏམ་བཤད་དང་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད།སྒོས་སུ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རེ་བ་གཉིས་བཏོན་པ་སྟེ།གཅིག་ནི་སྨོན་ལམ་རྒྱ་མཚོའི་འཁྲུངས་ཡུལ་ནས་ཡིག་མཁན་མཐུན་ཚོགས་ཤིག་བཙུགས་ན་དགོས་གལ་ཆེ་ཚུལ་དང་།  གཉིས་སུ་དབྱར་དགུན་གནང་སྐབས་སུ་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭ་རེ་འཛུགས་དགོས་པའི་སྐོར་ནས་ས་གནས་སྲིད་གཞུང་དང་སྐུ་མགྲོན་དཔོན་རིགས་དག་ལ་རེ་བ་བཅོལ་བར་མ་ཟད།  ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་སྤྱི་ལའང་རེ་བ་བཅོལ།དེ་མཚུངས་སུ་ཟླ་ཟེར་རྩོམ་སྒྲིག་ཁང་གི་རྒན་ཕྱག་རྡོར་ཚེ་རིང་གིས་ས་ཆ་འདི་རུ་སྒར་གྲོང་ཐུན་མོང་ནས་ཡིག་གཟུགས་མཐུན་ཚོགས་ཤིག་འཛུགས་ཐུབ་རྒྱུ་ན་བསམ་ཞིང་རྫོང་དང་གྲོང་རྡལ་ཏང་སྲིད་འབྲེལ་ཡོད་མགོ་ཁྲིད་དང་མི་སྣར་རང་ངོས་ནས་འབྲེལ་བ་དང་རོགས་རམ་བྱེད་རྒྱུ་ཡིན་པར་བརྗོད།

ཚོགས་འདུའི་མཇུག་ཏུ།ཐེངས་འདིའི་བྱ་འགུལ་གྱི་འགན་གཙོ་བོ་ཕྲག་ཏུ་ལེན་མཁན་འབོ་ར་གྲོང་རྡལ་ཚོང་ར་ལྟ་སྐུལ་དོ་དམ་ཁང་གི་མགོ་འདྲེན་ནམ་ལོ་བུ་ཐང་སྲིད་འཛིན་སྡེ་བའི་གཙོ་འགན་ཁུར་མཁན་ལྷ་མོ་དོན་འགྲུབ་ཀྱིས་འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་དང་འགྲན་སྡུར་སྐབས་དང་པོ་དང་ལོ་བུ་ཐང་སྡེ་བའི་སྲོང་བཙན་སྒམ་པོ་དང་དྲི་མེད་ཀུན་ལྡན་གྱི་་རྣམ་ཐར་ཟློས་གར་ལེགས་བསྒྲིགས་སོགས་ཐད་ཀྱི་མཚན་སྙན་དཔང་ཡིག་ཐོབ་པའི་མི་སྒེར་དང་ཐུན་མོང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།རྒན་སྒོམ་པ་བཀྲ་ཤིས་དང་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།འབོ་ར་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཤ་བོ་ཚེ་རིང་།རྒན་རྡོར་བྷ།རྒན་སངས་རྒྱས་བཀྲ་ཤིས།རྒན་ཕྱག་རྡོར་ཚེ་རིང་བཅས་ཀྱིས་མཚན་སྙན་ཐོབ་པ་དག་ལ་གཟེངས་རྟགས་དང་ལེགས་སྐྱེས་གནང་།

འབོ་ར་གྲོང་རྡལ་གྱི་སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲེམ་སྟོན་སྐབས་དང་པོར་རྒྱབ་སྐྱོར་དང་མཐོང་ཆེན་བླ་མེད་བྱས་པའི་རང་རེའི་འབོ་ར་ས་ཆའི་ཡིག་མཁན་བདུན་ཏེ།ཡོན་ཏན་རྒྱ་མཚོ།སྐལ་བཟང་རྒྱ་མཚོ།བན་དེ་བཀྲ་ཤིས།རྣམ་རྒྱལ་ཚེ་རིང་།བདེ་སྐྱིད་འཚོ།སྐལ་བཟང་དོན་འགྲུབ།རྣམ་ཕྱུག་སྐྱིད་བཅས་ཡིན། སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་།སྐལ་བཟང་རྒྱ་མཚོ།ཨང་གཉིས་པ་ཐོབ་མཁན་སྒོ་མེ་དང་རྣམ་རྒྱལ་ཚེ་རིང་།ཨང་གསུམ་པ་ཐོབ་མཁན་རྣམ་ཕྱུག་སྐྱིད།སྐལ་བཟང་དོན་འགྲུབ།པདྨ་མཚོ་བཅས་ཡིན།སྨོན་ལམ་ཡིག་གཟུགས་ཕྱག་རྒྱུན་འགྲན་སྡུར་འགྲན་ཞུགས་པ་ཡོངས་ཀྱིས་ཡུལ་དངོས་ནས་བྲིས་པའི་བརྩམས་ཆོས་ཚང་མར་ཀནལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཆེད་མཁས་པས་དྲང་བདེན་དང་དྲང་བཞག་ཅི་ནུས་ཀྱིས་དཔྱད་འཇོག་བྱས།འགྲན་སྡུར་དུ་ཞུགས་པའི་བརྩམས་ཆོས་ཚང་མ་ལོ་བུ་ཐང་ཞང་སྡེའི་ཤུལ་བཞག་རིག་དངོས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས།

 འབོ་ར་གྲོང་རྡལ་གྱི་ལོ་བུ་ཐང་སྡེ་བའི་སྲོང་བཙན་སྒམ་པོ་དང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་ལེགས་བསྒྲིགས་ཐད་ལ་གཟེངས་རྟགས་དང་ལེགས་སྐྱེས་གནང་བ་སྟེ།རྣམ་ཐར་ཟློས་གར་གྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་བྱས་རྗེས་ཆེ་བའི་སྐུ་ཞབས་ཚུལ་ཁྲིམས་རྒྱ་མཚོ་དང་རྒྱལ་མ་བཀྲ་ཤིས་ལགས་དང་།རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་ལེགས་བསྒྲིགས་ཀྱི་སྔོན་ཐོན་ལས་སྒྲུབ་པ་སྐུ་ཞབས་དཀའ་ཐུབ་ཚང་བཀྲ་ཤིས་ཚེ་རིང་ལགས།རྣམ་ཐར་ཟློས་གར་འཁྲབ་སྟོན་བྱ་བ་སྔོན་ཐོན་ཐུན་མོང་གི་སྡེ་བ་ལོ་བུ་ཐང་སྡེ་བའི་རྣམ་ཐར་ཟློས་གར་ཚོགས་པ་བཅས་པར་གཟེངས་རྟགས་དང་ལེགས་སྐྱེས་གནང་།

སྨོན་ལམ་ཡིག་གཟུགས་དང་རྣམ་ཐར་ཟློས་གར་གྱི་་རིག་གནས་སྒྱུ་རྩལ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱལ་འབངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་དབྱར་གྱི་མེ་ཏོག་ལྟར་འཛུམ་པའི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ལྷན་ཅིག་ཏུ།སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་ཕྱག་རྒྱུན་ལ་སློབ་སྦྱོང་དང་རྒྱུན་འཛིན་དར་སྤེལ་བྱ་རྒྱུ་ནི་ཕྱི་རབས་རྗེས་འཛིན་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་དང་འགན་འཁྲི་ལྡོག་ཏུ་མེད་པ་ཞིག་ཏུ་འདོད་དོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549079
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།