ཆིན་ཀང་གིས་ཨ་རིའི་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཆིན་ཀང་གིས་ཨ་རིའི་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།
ཆིན་ཀང་གིས་ཨ་རིའི་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-19ལྟ་ཀློག (1223)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།

 

རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་པེ་ཅིང་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།

   ཆིན་ཀང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་འབྲེལ་བ་བཙུགས་ཚུན་གྱི་ཆེས་དམའ་བའི་ཚད་དུ་ལྷུང་ཡོད་ལ། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མི་འཚམ་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་འདུན་དང་ཡང་མི་འཚམ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་ལྡན་པ་སྲུང་འཛིན་བྱེད་ཅིང་། གཞི་རྩའི་སྲུང་བྱ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ཡིན་ལ། དེ་ཡང་ཕྱོགས་གཉིས་ཀྱི་མཉམ་དུ་རྒྱུན་འཁྱོངས་བྱེད་པའི་དགོངས་པ་དང་མཉམ་དུ་སྲུང་བའི་མ་མཐའི་ཚད་ཐིག་ཡིན་ལ། མཉམ་དུ་འཚོལ་བསྙེག་བྱེད་པའི་དམིགས་འབེན་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་གཏན་འཇགས་དང་ཚོད་དཔག་ཐུབ་པ། འཛུགས་སྐྲུན་རང་བཞིན་ལྡན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཛུགས་པར་འབད་འབུངས་བྱེད་བཞིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་དངོས་ཡོད་ལུགས་མཐུན་གྱི་ཀྲུང་གོའི་ངོས་འཛིན་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་མཉམ་དུ་མདུན་བསྐྱོད་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོབ་བྱས་ཏེ། སེམས་ལྷོད་ལ་འབབ་པ་དང་ཆེད་ལས། ལུགས་མཐུན་བཅས་ཀྱི་སྒོ་ནས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། ཕྱོགས་གཉིས་ཀྱིས་ཟོལ་མེད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེད་ཏིན་གྱིས་པཱ་ལི་གླིང་ཕྲན་ནས་ཐུག་འཕྲད་བྱེད་སྐབས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་གཏན་འཇགས་དང་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

   ཆིན་ཀང་གིས་ཐེ་ཝན་གནད་དོན་སོགས་ཀྲུང་གོས་སེམས་ཁུར་ཆེན་པོ་བྱེད་པའི་ཁེ་ཕན་གཙོ་བོའི་ཐད་ནས་ལངས་ཕྱོགས་གསལ་བོར་བསྟན་པ་དང་རེ་བ་གསལ་བོ་བཏོན། ཆིན་ཀང་གིས་བསྟན་དོན། ཐེ་ཝན་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གཙོ་བོའི་ཁྲོད་ཀྱི་སྙིང་བོ་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆེས་ཆེ་བའི་གནད་དོན་ཡིན་པ་དང་། ཆེས་འབུར་དུ་ཐོན་པའི་ཉེན་ཁའང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་སྒྲོག་གསུམ་བརྩི་སྲུང་བྱེད་དགོས་པ་དང་། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་དངོས་འབེབས་བྱེད་དགོས་པའི་སྐུལ་མ་བཏང་།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་སྤྱིའི་འབྲེལ་བ་དང་འབྲེལ་ཡོད་གནད་དོན་གལ་ཆེན་ཐད་ནས་དུས་ཡུན་རིང་བོར་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ། 

   ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་པཱ་ལི་གླིང་ཕྲན་གྱི་གྲོས་མོལ་སྐབས་བཀོད་པའི་ཐུན་མོང་ལྟ་ཚུལ་མཉམ་དུ་དངོས་འབེབས་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་འགལ་བར་ཚོད་འཛིན་བྱས་ཏེ། གྲོས་མོལ་དང་བརྗེ་རེས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བར་འཐད་པ་བྱུང་ཡོད་ཟེར།

   ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པར་འཐད་པ་བྱུང་། རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། ཆིན་ཀང་གིས་ཕྱོགས་གཉིས་སྟབས་བདེ་བའི་སྐབས་སུ་ཨ་མེ་རི་ཁར་འཚམས་འདྲི་བྱེད་འདོད་ཡོད་པའི་ཚུལ་བསྟན།

   ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མཛུབ་སྟོན་རྩ་དོན་ལ་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བར་འཐད་པ་བྱུང་།

   ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་བྱ་བའི་ཚན་ཆུང་གི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཁྲོད་ཀྱི་བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་པར་འཐད་པ་བྱུང་།

   ཕྱོགས་གཉིས་ཀྱིས་མི་གཞུང་དང་སློབ་གསོའི་བརྗེ་རེས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འགྲུལ་སྐྱེལ་གནམ་གྲུའི་གཏོང་ཐེངས་ཁ་སྣོན་བྱེད་པའི་ཐད་གྲོས་མོལ་གང་ལེགས་བྱས་ནས། སྔར་ལས་མང་བའི་སློབ་མ་དང་མཁས་པ། བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཕན་ཚུན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པར་དགའ་བསུ་བྱེད་པ་དང་། དོན་དེའི་ཐད་ནས་རྒྱབ་སྐྱོར་བྱས་ཏེ་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་།

   ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573211
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།