ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དུས་འདི་ནས་དབུ་ཚུགས་པ་རེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན
ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དུས་འདི་ནས་དབུ་ཚུགས་པ་རེད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-06-11ལྟ་ཀློག (1319)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དུས་འདི་ནས་དབུ་ཚུགས་པ་རེད།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    དེ་ཡང་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་སྐལ་བཟང་འཇུག་ངོགས་ལས། དགུང་ལོ་རེ་བཞི་པ་ལྕགས་ཡོས་ཀྱི་ལོའི་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན་དཔོན་རིན་པོ་ཆེ་ནས་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་གྲལ་དབུར་སྤྱན་དྲངས་ཏེ། གསོལ་སྟོན་རྒྱ་ཆེ་ཞིང་དཔང་མཐོ་བ་མངོན་པར་བཏེགས། དེར་གྲྭ་བ་གསར་ཞུགས་པ་རྣམས་ཀྱིས་ཚོགས་གླེང་བྱས་པས། རྗེ་རང་ཉིད་ཐུགས་ཤིན་ཏུ་དགྱེས་པར་གྱུར་ཏེ། ཆོས་གྲྭར་ཞུགས་ནས་ཆེར་མ་སོང་ཡང་རྟགས་གསལ་ཁྱབ་གསུམ་ལ་གོ་བ་གཤའ་མ་ཆགས་འདུག་པ་ངོ་མཚར་ཆེ། སྔོན་གྱི་བག་ཆགས་སད་པ་དང་། སྐྱེ་བ་དུ་མར་ངེད་ལ་འབྲེལ་བ་ཡོད་པ་ཡིན་འདུག་གསུངས་ནས་བསྔགས་བརྗོད་མཛད་པས་རྟོག་གེ་བ་གཞོན་ནུ་རྣམས་སྔོན་མེད་པའི་དགའ་སྤྲོས་ཡིད་རངས་ཤིང་དད་གུས་ལྷག་པར་འཕེལ། ཚེས་གཉིས་ཀྱི་ཉིན་བླ་བྲང་ནས་གསོལ་སྟོན་རྒྱས་པ་ཞུས། ཚོགས་གླེང་ཡང་ཉིན་སྔ་མ་ལྟར་བྱས། ཚེས་པ་གསུམ་གྱི་ཉིན་གྲལ་འཛིན་བྱས་ཏེ་ཆོ་འཕྲུལ་ཆེན་མོའི་སྨོན་ལམ་ལེགས་པར་བཙུགས། སྨོན་ལམ་གྱི་འདོན་ཆ་ཕྱག་ལེན་སོགས་རྗེ་རིན་པོ་ཆེའི་གསུང་འབུམ་ཐོར་བུའི་ནང་ལྟར་ཆ་ཚང་ཞིང་སླ་ཆོས་སུ་མ་སོང་བ་ཁྲིགས་ཆགས་པ་མཛད། ཉིན་རེ་བཞིན་གསུང་ཆོས་དང་ཚོགས་དབུ་ལ་མ་ཆག་པར་ཕེབས་ནས། སྐྱེས་རབས་སོ་བཞི་པའི་གཟབ་བཤད་བཀའ་དྲིན་བསྐྱངས་ཤིང་། ཚོགས་སུ་བསྔོ་སྨོན་གྱིས་མཚམས་སྦྱོར་ཡང་དག་པ་གནང་ཞེས་ཤིན་ཏུ་གསལ་བར་གསུངས་འདུག་པ་ལྟར་ཡིན་པས་ངས་མང་བོ་བཤད་དགོས་པ་མེད་སྙམ་མོ།།


拉卜楞寺祈愿大法会是从此年开始的

第二世嘉木样大师久美旺悟所著的《第一世嘉木样协贝道吉传记善缘津梁》中说:藏历铁兔年(1711年)尊者年届六十四岁。彼年正月初一,亲王府迎请尊者为上宾,大设筵席款待,共同欢度春节。筵席间,由新入寺的学僧们进行对辩,尊者非常高兴,称赞道:你等入寺不久就能正确领会和运用因法遍(辩论的原理和技巧),实在可嘉。这是重现旧有习气,累世与我有缘之故。听了尊者的赞扬,辩经僧侣们心情无比喜悦,更加敬仰尊者。正月初二,拉章佛府大设法筵,依头一天之例,僧侣们继续辩经。初三,在尊者的主持下,召开祈愿大法会(俗称毛兰木大法会),开创了一年一度的春节祈愿大法会之例。祈愿大法会期间所诵经文和仪则等均按宗喀巴大师零散文集之意进行统一和完善。尊者每天亲临法会诵经,讲授《三十四本生记》。在僧众集会上,尊者虔诚祈祷神灵,发愿回向。

因为在此文中讲得很清楚,所以,我无须在此多说。

——班字尔慈智加措。


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570653
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།