དོར་ཞིའི་གསེར་གྱི་སེངྒེའི་དཔེ་བསྟན་པའི་བསྟན་བཅོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »དོར་ཞིའི་གསེར་གྱི་སེངྒེའི་དཔེ་བསྟན་པའི་བསྟན་བཅོས།
དོར་ཞིའི་གསེར་གྱི་སེངྒེའི་དཔེ་བསྟན་པའི་བསྟན་བཅོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-06-04ལྟ་ཀློག (1294)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

དོར་ཞིའི་གསེར་གྱི་སེངྒེའི་དཔེ་བསྟན་པའི་བསྟན་བཅོས།

ཡིག་བསྒྱུར་བ།   དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན།

  ཐང་གི་རྒྱལ་མོ་ཝུ་ཙད་ཐེན་གྱིས་མདོ་སྡེ་ཕལ་བོ་ཆེའི་དགོངས་དོན་ཅི་ཡིན་ཞེས་དྲིས་བའི་ལན་དུ། རྒྱའི་སློབ་དཔོན་བཙུན་པ་ཆོས་ཀྱི་སྙིང་བོ་བྱ་བས་རྒྱ་ནག་ཕོ་བྲང་གི་སྒོའི་གསེར་གྱི་སེངྒེ་དཔེར་བྱས་ནས་ལན་གསུངས་པ་ལ་གསེར་གྱི་སེངྒེའི་དཔེ་བསྟན་པའི་བསྟན་བཅོས་སུ་གྲགས་པ་ལས།
དང་བོ་རྟེན་འབྱུང་མཚོན་པ། གཉིས་པ་གཟུགས་ཀྱི་སྟོང་བ་མཚོན་པ། གསུམ་པ་མཚན་ཉིད་གསུམ་མཚོན་པ། བཞི་བ་ངོ་བོ་ཉིད་མེད་པ་མཚོན་པ། ལྔ་བ་མ་སྐྱེས་པ་མཚོན་པ། དྲུག་པ་ལྟ་བ་རིམ་པ་ལྔ་མཚོན་པ། བདུན་པ་གསང་བ་བཅུ་མཚོན་པ། བརྒྱད་པ་མཚན་ཉིད་དྲུག་མཚོན་པ། དགུ་བ་བྱང་ཆུབ་མཚོན་པ། བཅུ་བ་མྱང་འདས་མཚོན་པའོ།།


དང་བོ། རྟེན་འབྱུང་གི་དོན་མཚོན་པ་ནི། གསེར་གྱི་སེངྒེའི་རྒྱུ་གསེར་ལ་རང་བཞིན་མེད་པས། བཟོ་བོའི་འདུ་བྱེད་ལ་བརྟེན་ནས་གསེར་སེངྒེའི་གཟུགས་སུ་གྲུབ་པ་ཡིན། བཟོ་བོའི་འདུ་བྱེད་ལ་བརྟེན་ནས་གསེར་གྱི་སེངྒེ་འབྱུང་བ་ཡིན་ཕྱིར།གསེར་གྱི་སེངྒེ་ནི་རྟེན་འབྱུང་གི་དངོས་པོ་ཡིན་ནོ།།


གཉིས་པ། གཟུགས་ཀྱི་སྟོང་བའི་ངོ་བོ་མཚོན་པ་ནི། གསེར་གྱི་སེངྒེ་ནི་རང་གི་མཚན་ཉིད་ཀྱིས་གསེར་གྱི་སེངྒེ་སུ་བདེན་པར་གྲུབ་པ་མེད་ཀྱང༌། གསེར་གསེར་ཡིན་པ་བདེན་པ་ཡིན། སེངྒེ་ཡོད་པ་མིན་ལ། གསེར་མེད་པ་མིན་པས། གཟུགས་སྟོང་བ་ཉིད་དུ་བཏགས། དེ་ཡང་སྟོང་བ་ལ་རང་བཞིན་མེད་པས། སྟོང་བའི་དོན་གཟུགས་ཀྱིས་མཚོན་ཞིང༌། གཟུགས་དེ་རྫུན་པའི་ཡོད་པ་དང་མི་འགལ་བས། གཟུགས་ཀྱིས་སྟོང་བར་བཏགས་སོ།།


གསུམ་པ། མཚན་ཉིད་གསུམ་མཚོན་པ་ནི། གསེར་གྱི་སྟེང་དུ་སེམས་ཅན་སེངྒེ་ཡོད་པ་ཀུན་བཏགས་དང༌། སེངྒེའི་གཟུགས་བརྙན་ཙམ་ཡོད་པ་གཞན་དབང༌། གསེར་གྱི་རང་བཞིན་འགྱུར་བ་མེད་པ་ནི་ཡོངས་གྲུབ་བོ།
བཞི་བ། མཚན་ཉིད་ངོ་བོ་ཉིད་མེད་པ་མཚོན་པ་ནི། གསེར་ལས་སེངྒེ་གྲུབ་ཅིང་གསེར་གྱི་སེངྒེ་སྟེང་དུ་གསེར་མ་ཡིན་པ་མེད་ལ། གསེར་གྱི་སྟེང་དུ་སེངྒེའི་མཚན་ཉིད་མེད་པས། མཚན་ཉིད་མེད་པའོ།།


ལྔ་བ། མ་སྐྱེས་པ་མཚོན་པ། དེ་ཡང་གསེར་གྱི་སེངྒེ་སྐྱེས་པར་མཐོང་བ་ན། གསེར་སྐྱེས་པར་མཐོང་བ་ལས། གསེར་ལས་ཕན་ཆད་ཅི་ཡང་སྐྱེས་པར་མཐོང་རྒྱུ་མེད། སེངྒེ་ལ་སྐྱེ་འཆི་ཡོད་ཅིང༌། གསེར་གྱི་གཟུགས་ལ་འབྲི་རྒྱུ་དང་སྣོན་རྒྱུ་མེད་པས། སྐྱེས་པ་མེད་དོ།།


དྲུག་པ། ལྟ་བ་རིམ་པ་ལྔ་མཚོན་པ། དང་བོ། སེངྒེ་ནི་རྟེན་འབྱུང་གི་ཆོས་ཡིན་པས། སྐྱེ་འཇིག་སྐད་ཅིག་མར་གནས་པས། སེངྒེའི་བདེན་པའི་མཚན་ཉིད་ཐོབ་པ་མེད་པ་ནི་བླུན་པོ་ཉན་ཐོས་ཀྱི་ལྟ་བ་དང༌།
གཉིས་པ། དེ་ལྟ་བུའི་རྟེན་འབྱུང་གི་ཆོས་གང་ལ་ཡང་རང་བཞིན་མེད་པས། གཞི་ནས་སྟོང་བར་གནས་པ་ཐེག་ཆེན་ཐོག་མའི་ལུགས་ཀྱི་ལྟ་བའོ།།


གསུམ་པ། གཞི་ནས་སྟོང་བ་ཡིན་ཡང༌། སྒྱུ་མ་ཙམ་དུ་ཡོད་པ་མི་འགལ་ཞིང༌། རྟེན་འབྱུང་དང་རྫུན་པའི་ངོ་བོ་རྣམ་པ་གཉིས་ལྷན་གཅིགཏུ་ཡོད་པ་ཐེག་ཆེན་མཐའ་མའི་ལུགས་ཀྱི་ལྟ་བའོ།།


བཞི་བ། དེ་ལྟ་བུའི་རྣམ་པ་གཉིས་ཀ་ཕན་ཚུན་བཀག་པའི་གཉིས་སུ་མེད་ཅིང་གཉིས་ཀ་མེད༌། སེམས་ཀྱི་འཁྲུལ་བ་ཟད། གཟུང་འཛིན་ཐམས་ཅད་མི་དམིགས་ཤིང་དམིགས་པའི་སྟོབས་ཉམས། ཡོད་མེད་གཉིས་ཀ་མེད་ཅིང༌། སྨྲ་བརྗོད་ཀྱི་ལམ་ཆད། བསམ་པའི་གནས་མེད་པ་ནི་ཐེག་ཆེན་རྟོགས་པ་ཐོལ་སྐྱེ་ལུགས་ཀྱི་ལྟ་བའོ།།

 

ལྔ་བ། སེམས་ཀྱི་རྟོག་པ་ཟད་ཅིང་རང་བཞིན་རྗེན་པར་གསལ་བ་གཉིས་ངོ་བོ་དབྱེར་མེད་པ། དོན་ཆེན་པོ་སྒྲུབ་ཅིང༌། རྫུན་པའི་ངོ་བོ་ཉིད་དང་བྲལ་བ། ཆོས་ཐམས་ཅད་རྣམ་པ་སྣ་ཚོགས་ཀྱང་ངོ་བོ་མ་འདྲིས་པ། ཐམས་ཅད་ཀྱང་གཅིག་ཡིན་ཏེ། རང་བཞིན་མེད་པར་མཚུངས་པའོ། གཅིག་ཀྱང་ཐམས་ཅད་ཡིན་ཏེ། རྒྱུ་འབྲས་འཆོལ་བ་མེད་པའོ། ལས་སྟོབས་དང་མཚུངས་པའི་འབྲས་བུ་ཐོབ་པ། འདོད་རྒུར་སྤྱོད་པའི་རང་དབང་ཐོབ་པ་ནི་ཡོངས་རྫོགས་ཐེག་གཅིག་གི་ལྟ་བའོ།།


བདུན་པ། གསང་བ་བཅུ་མཚོན་པ།
དང་པོ། གསེར་དང་སེངྒེ་དུས་མཉམ་དུ་གྲུབ་ཅིང༌། ཡོངས་སུ་རྫོགས་པ་མ་ཚང་བ་མེད་པ་ནི། དུས་མཉམ་ཀུན་རྫོགས་མཚུངས་ལྡན་གྱི་སྒོའོ།།
གཉིས་པ། སེངྒེའི་མིག་ལས་སེངྒེ་གྲུབ་ན།སེངྒེ་ཐམས་ཅད་མིག་ཏུ་གྱུར།སེངྒེའི་རྣ་བ་ལས་སེངྒེ་གྲུབ་ན།སེངྒེ་ཐམས་ཅད་རྣ་བར་གྱུར། སེངྒེའི་དབང་བོ་ཐམས་ཅད་ལས་སེངྒེ་གྲུབ་ན། སེངྒེའི་དབང་བོ་ཀུན་ལ་སེངྒེ་མ་ཚང་བ་མེད་པར་གྲུབ་པས། གཅིག་ཀྱང་སྣ་ཚོགས་སུ་གྱུར་ཅིང༌། སྣ་ཚོགས་ཀྱང་གཅིག་ཏུ་གྱུར་བ་ནི། ཡོངས་སུ་རྫོགས་པའི་དབང་བོ་ཡིན་ལ། དེ་ནི་ཡོངས་རྫོགས་གསལ་བར་སྟོན་པས་སྣ་ཚོགས་གཉིས་མེད་ཀྱི་ཡོན་ཏན་ལྡན་པའི་སྒོའོ།།
གསུམ་པ། གསེར་དང་སེངྒེ། ངོ་བོ་དབྱེར་མེད། གཅིག་དང་དུ་མ་འགལ་མེད་དུ་གནས་ཤིང༌། དེ་ལ་གནས་ལུགས་དང་སྣང་ལུགས་ཕན་ཚུན་ཐ་དད་ཅིང༌། གཅིག་དང་དུ་མ་སོ་སོ་རང་བབས་སུ་གནས་པ་ནི། གཅིག་དང་དུ་མ་མི་འགལ་མཉམ་གནས་ཀྱི་སྒོའོ།
བཞི་བ།སེངྒེའི་དབང་བོ་དང་སྤུའི་ཉག་མ་རེ་རེ་ནས་གསེར་ལས་གྲུབ་ཅིང་གསེར་མ་ཡིན་པ་མེད་ལ། དེ་ཀུན་སེངྒེའི་མིག་ལ་ཁྱབ། མིག་ཀྱང་རྣ་བ་ཡིན། རྣ་བ་ཡང་སྣ་ཡིན། སྣ་ཡང་ལྕེ་ཡིན། ལྕེ་ཡང་ལུས་ཡིན། དབང་བོ་ཐམས་ཅད་རང་རང་གི་ངོ་བོར་གྲུབ་ཅིང༌། ཕན་ཚུན་གོ་མི་འགོག་པ་ནི། ཆོས་ཐམས་ཅད་ངོ་བོ་དབྱེར་མེད་རང་དབང་དུ་གྲུབ་པའི་སྒོའོ།།
ལྔ་བ། གསེར་གྱི་སེངྒེ་ལ་ལྟ་བའི་ཚེ།སེངྒེ་མ་གཏོགས་གསེར་མི་མཐོང་བ་ནི། སེངྒེ་སྣང་ལ་གསེར་མི་སྣང༌། དེའི་གསེར་ལ་ལྟ་བའི་ཚེ་གསེར་སྣང་ལ་སེངྒེ་མི་སྣང༌། ཕྱོགས་གཉིས་ཀ་ནས་བལྟས་བའི་ཚེ། གཉིས་ཀ་སྣང་ལ་གཉིས་ཀ་ཡང་མི་སྣང་ངོ། མི་སྣང་བ་ནི་ཟབ་པ་དང༌། སྣང་བ་ནི་གསལ་བའོ། དེ་ནི་ཟབ་གསལ་གཉིས་ལྡན་གྱི་སྒོའོ།།
དྲུག་པ། གསེར་དང་སེངྒེ་གཉིས། སྐབས་འགར་སྣང་ལ་སྐབས་འགར་མི་སྣང༌། སྐབས་འགར་གཅིག་དང་སྐབས་འགར་དུ་མ། འདྲེས་པ་དང་མ་འདྲེས་པ། ནུས་ལྡན་དང་ནུས་མེད་སོགས། འདི་དང་གཞན་དུ་འབྱེད་དུ་མེད་པ། གཙོ་ཕལ་གཉིས་མེད། སྣང་སྟོང་དབྱེར་མེད། ཕན་ཚུན་འགལ་མེད་དུ་གནས་པ། ཕྲ་རགས་གང་ཡང་བྱེད་ནུས་པ་ནི་ཕྲ་རགས་འགལ་མེད་དུ་གནས་པའི་སྒོའོ།།  བདུན་པ།  སེངྒེའི་མིག་དང་རྣ་བ་ཡན་ལག་རྣམས། བ་སྤུ་རེ་རེའི་སྟེང་ན་ཡང་གསེར་གྱི་སེངྒེ་རེ་ཡོད་ལ། བ་སྤུ་རེ་རེའི་སེངྒེ་དེ། བ་སྤུ་གཅིག་གི་སེངྒེའི་གཟུགས་སུ་འདུས་ཤིང༌། བ་སྤུ་རེ་རེའི་སྟེང་ན་བ་སྤུའི་གྲངས་དང་མཉམ་པའི་སེངྒེ་གྲངས་མེད་པ་ཡོད་ལ། བ་སྤུ་རེ་རེ་སྟེང་གི་གྲངས་མེད་པའི་སེངྒེ་དེ་དག་སླར་ཡང་བ་སྤུ་གཅིག་ཏུ་འདུས་པ་ཡིན་ལ། དེ་ལྟའི་བ་སྤུ་གཅིག་ཏུ་འདུས་པའི་སེངྒེ་གྲངས་མེད་པ་དེ་བ་སྤུ་ཐམས་ཅད་ཀྱི་སྟེང་དུ་འདུས་པ་སོགས་གཅིག་གི་ནང་དུ་གཅིག་སོན་པའི་ཚུལ་གྱིས་ཕན་ཚུན་འདུས་ཤིང་སེངྒེ་གྲངས་མེད་དཔག་ཏུ་མེད་པར་གྱུར་བ་ནི་ཚངས་པའི་དྲ་བ་ལྟར་གནས་པའི་ཕྱིར། ཚངས་པའི་དྲ་བར་རྟོགས་པའི་སྒོའོ།། 

བརྒྱད་པ། སེངྒེ་ཞེས་བརྗོད་པ་ནི། མ་རིག་པ་མཚོན་པ་ཡིན་ལ། གཟུགས་གསེར་ཞེས་བརྗོད་ན། བདེན་པའི་རང་བཞིན་སྒྲིབ་ཅིང༌། སྣང་སྟོང་དབྱེར་མེད་དུ་བརྗོད་ན་ཀུན་གཞི་རྣམ་ཤེས་ཡང་ཡང་དག་པར་རྟོགས་པས། དོན་ལ་བརྟེན་ནས་ཆོས་ཀྱི་ངོ་བོ་རྟོགས་པར་བྱེད་པའི་སྒོའོ།།
དགུ་བ། སེངྒེ་ནི་དངོས་བོ་ཡིན་པས། སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པ་ཡིན་ལ། དུས་སྐད་ཅིག་གཅིག་གི་ཡུན་ལ་ཡང་འདས་མ་འོང་ད་ལྟའི་དུས་གསུམ་དུ་ཕྱེ་ཞིང༌། དུས་དེ་རེ་རེ་ལ་ཡང་འདས་མ་འོང་ད་ལྟའི་ཆ་གསུམ་རེར་ཡོད་པས།དུས་ཀྱི་ཆ་དགུས་ཁམས་དགུར་ཕྱེ་ཞིང༌། ཁམས་དགུ་བོ་དེ་རྟེན་འབྲེལ་ཚར་གཅིག་ཏུ་འདུས། ཁམས་དགུ་བོ་ཡང་སོ་སོར་ཐ་དད་པས། སོ་སོར་གྲུབ་ཀྱང༌། ཕན་ཚུན་གོ་མི་འགོག་པས་དྲན་པ་གཅིག་གིས་ཁྱབ་པ་ནི། དུས་ཀྱི་ཁམས་བཅུ་ཐ་དད་ཀྱང་དྲན་པ་གཅིག་ཏུ་ཚུད་པའི་སྒོའོ།།


བཅུ་བ། གསེར་དང་སེངྒེ། སྣང་བ་དང་མི་སྣང་བ། གཅིག་དང་དུ་མ། གང་ལ་ཡང་རང་གི་ངོ་བོས་མ་གྲུབ་ཅིང་སེམས་གྱི་རྣམ་འགྱུར་ཡིན་ལ། ཀུན་རྫོབ་དོན་དམ་གང་ཡང་རང་རང་གི་ས་ན་གྲུབ་པ་དེ་ནི། སེམས་ཀྱི་འཕྲོ་འདུ་ཙམ་ལས་ལེགས་པར་གྲུབ་པའི་སྒོའོ།།    བརྒྱད་པ། མཚན་ཉིད་དྲུག་མཚོན་པ།  སེངྒེ་ནི་སྤྱིའི་མཚན་ཉིད་དང༌། དབང་བོ་ལྔ་ནི་བྱེད་ལས་ཐ་དད་པས་རང་གི་མཚན་ཉིད། དེ་དག་ཐམས་ཅད་རྟེན་འབྲེལ་ལས་སྐྱེས་པས་མཉམ་པའི་མཚན་ཉིད། མིག་དང་རྣ་བ་སོགས་ཕན་ཚུན་ཡིན་པ་མེད་པས་མི་མཉམ་པའི་མཚན་ཉིད། དབང་བོ་ཐམས་ཅད་ཚོགས་པས་སེངྒེར་གྱུར་བ་ནི་སྐྱེ་བའི་མཚན་ཉིད། དབང་བོ་ཐམས་ཅད་ཕན་ཚུན་བྲལ་ནས་སོ་སོར་གནས་པ་ནི་འཇིག་པའི་མཚན་ཉིད་དོ།།


དགུ་བ། བྱང་ཆུབ་མཚོན་པ།
འདིར་བྱང་ཆུབ་ཅེས་པ་ནི། ལམ་དང་རྟོགས་པ་ཡིན་ལ། དེ་ཡང་གསེར་གྱི་སེངྒེ་མཐོང་བའི་ཚེ། འདུ་བྱས་ཀྱི་དངོས་པ་ཐམསཅད་མཐོང་བ་ཡིན། དེ་ཡང་ཞིག་ནས་མེད་པའི་དུས་ལ་ལྟོས་མི་དགོས་པར་གདོད་ནས་ཉེ་བར་ཞི་ཞིང༌། བླང་བ་དང་དོར་བ་མེད་པར་ཚོགས་ཀྱི་རྒྱ་མཚོར་ཞུགས་པ་ལམ་དང༌། འཁོར་བ་ཐོགས་མ་མེད་ནས་འཁྲུལ་བར་གནས་ཤིང༌། བདེན་པའི་དངོས་པོ་ཅི་ཡང་མེད་པར་མངོན་གསལ་དུ་ཤེས་པ་ནི་རྟོགས་པ་ཡིན། མཐར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ནི་བྱང་ཆུབ་ཐོབ་པའོ།།
བཅུ་བ། མྱང་འདས་མཚོན་པ།
སེངྒེ་དང་གསེར་གཉིས། མཚན་ཉིད་མེད་པར་མཐོང་བ་ན། ཉོན་མོངས་མི་སྐྱེ་བས། སྡུག་པ་དང་མི་སྡུག་པའི་དངོས་པོ་གང་མིག་སྔར་སྣང་ཡང༌།སེམས་ནི་རྒྱ་མཚོ་ཆེན་པོ་བཞིན་གཡོ་བ་མེད་ཅིང༌། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཟད་པས་སེམས་ལ་གདུང་བ་མེད། འཆིང་བ་དང་སྒྲིབ་པ་ཐམས་ཅད་ལས་གྲོལ་བས། སྡུག་བསྔལ་གྱི་འབྱུང་ཁུངས་གཏན་དུ་སྤངས་པས་མྱ་ངན་ལས་འདས་པའི་མྱང་འདས་ཐོབ་པའོ། ཞེས་པ་འདི་ནི་སྤྱི་ལོ་༢༠༠༩ལོའི་ཟླ་བ་༡༢པར་ལན་ཀྲོའུའི་སྡོད་གནས་སུ་དོར་ཞིས་བསྒྱུར།

  ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།   དྲ་བའི་སྦྲེལ་ཐག  http://www.tb1025.cn


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23546741
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།