ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པའི་མགོ་འཛིན་མཛད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སླ
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པའི་མགོ་འཛིན་མཛད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-31ལྟ་ཀློག (984)རྩོམ་ཁུངས: ཀྲུང་གོའི་བོད་ཀྱི་དྲ་བ།པར་འདེབ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྐོར་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ལྔ་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས། སློབ་གསོ་དར་ན་རྒྱལ་ཁབ་དར་ཐུབ་པ་དང་སློབ་གསོ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འཐབ་ཇུས་ཀྱི་སྔོན་འགྲོ་ཡིན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་བརྩོན་མངོན་འགྱུར་བྱེད་པའི་རྒྱབ་རྟེན་གལ་ཆེན་ཡིན་ལ། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པའི་ནུས་ལྡན་ཐབས་ལམ་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་བཟོ་སྐྲུན་ཡིན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་བཟུང་སྟེ་སློབ་གསོ་གོང་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་གྱིས་སྔོན་ལ་བཀོད་སྒྲིག་བྱེད་པ་དང་། ནུས་པ་དང་ལྡན་པར་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཧུར་ཐག་གིས་རྣམ་པ་གསར་པ་འབྱེད་པ་བཅས་བྱས་ཤིང་། སློབ་གསོ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་ནུས་ཤུགས་ལ་བརྟེན་ནས་མི་དམངས་བདེ་སྐྱིད་ཀྱི་རྨང་གཞི་བརྟན་པར་བྱེད་པ་དང་། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྒྱབ་རྟེན་སྟོབས་ཆེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོ་ཚན་གླིང་གླིང་གི་ཡོན་ཧྲི་ཆིའུ་ཡུང་གིས་གནད་དོན་དེའི་སྐོར་ནས་སློབ་ཁྲིད་བྱས་ཏེ། བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་སློབ་ཁྲིད་ལ་ནན་གྱིས་ཉན་པར་མ་ཟད་གྲོས་སྡུར་བྱས།

ཞི་ཅིན་ཕིང་གིས་སློབ་ཁྲིད་དང་གྲོས་སྡུར་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་དེང་རབས་ཅན་དུ་མྱུར་མོར་བསྒྱུར་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཇུས་ཆོད་གལ་ཆེན་བཀོད་ནས། དུས་རབས་གསར་པའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་རྣམ་པ་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་བཅུག་ཡོད། རང་རྒྱལ་གྱིས་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་བཙུགས་ཡོད་པ་དང་། སློབ་གསོ་དེང་རབས་ཅན་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་འཛམ་གླིང་སྟེང་གི་རྒྱལ་ཁབ་རབ་འབྲིང་གི་གྲལ་དུ་ཚུད་ཡོད། རྩིས་བརྒྱབ་པ་ལྟར་ན། རང་རྒྱལ་གྱི་མིག་སྔའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་གྱི་ཚད་གཞི་འཛམ་གླིང་ཡོངས་ཀྱི་ཨང་ཉེར་གསུམ་པར་སླེབས་ནས། ཉིས་སྟོང་ཉེར་གཉིས་ལོ་ལས་ཨང་རིམ་ཉེར་དྲུག་འཕར་བ་དང་། གོང་འཕེལ་བྱུང་བ་ཆེས་མགྱོགས་པའི་རྒྱལ་ཁབ་རེད། འདིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་གོང་སྤེལ་གྱི་བགྲོད་ལམ་ནི་ཧ་ཅང་ཡང་དག་པར་བདེན་དཔང་གང་ལེགས་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་འཛུགས་སྐྲུན་བྱེད་པའི་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་ཡིན་པས། ངེས་པར་དུ་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་རྒྱུ་དེ་རྩ་བའི་ཁག་ཐེག་ཏུ་བརྩི་བ་དང་།། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་རྩ་བའི་ལས་འགན་དུ་བརྩི་བ། ཏང་ལ་མི་སྐྱེད་སྲིང་དང་རྒྱལ་ཁབ་ལ་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་རྩ་བའི་དམིགས་འབེན་དུ་བརྩི་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་རྒྱུ་འགན་འཁྲི་གལ་ཆེན་དུ་བ། སློབ་གསོའི་འདུ་ཤེས་དང་མ་ལག ལམ་ལུགས། ནང་དོན། ཐབས་ཤེས། བཅོས་སྐྱོང་བཅས་དེང་རབས་ཅན་དུ་བསྒྱུར་རྒྱུ་གཞི་རྩའི་ཐབས་ལམ་དུ་བརྩི་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་རྒྱུ་སྲོག་ཤིང་གི་བྱེད་ནུས་སུ་བརྩི་བ་བཅས་བྱས་ཏེ། མཇུག་མཐར་མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་བོར་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་ཅི་འདྲ་སྐྱེད་སྲིང་བྱེད་པ་དང་མི་ཇི་ལྟར་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཡིན་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་གི་དཔྱད་གཞི་ཡང་ཡིན། ང་ཚོས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་དུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རབས་དང་རབས་སྐྱེད་སྲིང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་འཇོན་ཐང་ལྡན་ཞིང་འགན་འཁྲི་ལྕི་མོ་ཁུར་ཐུབ་པའི་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་འཇོན་མི་རབས་དང་རབས་སྐྱེད་སྲིང་བྱས་ཏེ། ཏང་གི་ལས་དོན་དང་སྤྱིཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྒྱུན་འཛིན་པ་ཡོད་པར་བྱ་རྒྱུ་དེ་ཡིན། རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བློ་སྦྱོང་བྱེད་པ་དང་མི་སྣ་སྐྱེད་སྲིང་བྱས་ཤིང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོར་ཧུར་ཐག་གིས་ཤུགས་བསྣན་ནས། སློབ་མས་ཕུགས་བསམ་དད་མོས་བརྟན་པོ་སེམས་ལ་བཅངས་ཏེ། ནམ་ཡང་ཏང་གི་གསུངས་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཤིང་། ཆོད་སེམས་བརྟན་པོས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཁ་གཏད་རང་བཞིན་དང་ཡིད་འགུག་རང་བཞིན་མཐོར་འདེགས་བྱེད་དགོས། དྲ་ལམ་ནས་མི་སྐྱེད་སྲིང་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་ནས། མཉམ་འབྲེལ་དྲ་རྒྱའི་དུས་རབས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ་དང་འདུ་ཤེས་འཛིན་སྟངས་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོའི་སྲོག་རྩ་རུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མྱུར་དུ་འཛུགས་དགོས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཞི་གནས་ནི་རྨང་གཞིའི་སློབ་གསོར་རག་ལས་ཏེ། རྨང་གཞིའི་སློབ་གསོ་ཇི་ལྟར་ཏན་ཏིག་ཡིན་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་གྱི་གོམ་སྟབས་དེ་ལྟར་བརྟན་པ་དང་། རྗེས་ཤུགས་དེ་ལྟར་ཆེ་བས། སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་སྒོ་ནས་གོང་དུ་སྤེལ་དགོས་པ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་གྱིས་འཕེལ་རྒྱས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་གདོས། རྨང་གཞིའི་སློབ་གསོས་སློབ་མའི་ཤེས་བྱའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། སློབ་མས་ཚན་རིག་ལ་དད་གུས་དང་ཤེས་བྱ་འཚོལ་ཞིབ་ཀྱི་སྤྲོ་སེམས་བསྐྱེད་དེ། ཁོ་ཚོའི་འཚོལ་ཞིབ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བསམ་གཞིགས་གཤིས་ཀ་སྐྱེད་སྲིང་བྱེད་དགོས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན་གཙོ་ཁྲིད་བྱེད་པ་པོ་ནི་མཐོ་རིམ་སློབ་གསོ་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩ་གྲར་ཚུད་པའི་སློབ་གྲྭ་ཆེན་མོ་དང་ཁྱབ་སྟོབས་རིག་ཚན་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། རྨང་གཞིའི་རིག་ཚན་དང་གསར་དར་རིག་ཚན། མཉམ་འདྲེས་རིག་ཚན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་ཆེན་པོ་སྣོན་པ་དང་། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས་ཚན་རིག་ཞིབ་འཇུག་དང་གསར་གཏོད་བྱས་ཏེ། ཐོག་མའི་གསར་གཏོད་ནུས་པ་དང་འཇོན་མི་སྐྱེད་སྲིང་གི་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོར་བྱེད་དགོས། སློབ་གསོའི་རྒྱལ་དར་དང་ཚན་རྩལ་རྒྱལ་དར། འཇོན་མིའི་རྒྱལ་དར་བཅས་འཛུགས་སྐྲུན་བྱེད་པར་ནང་གི་གཅིག་གྱུར་རང་བཞིན་དང་ཕན་ཚུན་གཞོགས་འདེགས་རང་བཞིན་ལྡན་པས། དེ་གསུམ་ཟུང་འབྲེལ་གང་ལེགས་བྱེད་པ་དང་། གཞི་གཅིག་གཅིག་འདོམ་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་ནུས་བཟང་བོ་ཆགས་པར་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་སློབ་གསོ་དང་བཟོ་སྐྲུན་སློབ་གསོར་ཤུགས་སྣོན་བྱེད་པ་དང་། རྩེར་སོན་གསར་གཏོད་འཇོན་མིའི་རང་བདག་གསོ་སྐྱོང་ལ་ཤུགས་སྣོན་བྱས་ནས་རང་རྒྱལ་གྱི་གནད་འགག་ལག་རྩལ་གྱི་འགག་སྒྲོལ་ཐག་གཅོད་བྱེད་པར་འཇོན་མིའི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོའི་རྒྱལ་ཁབ་ཆེན་མོ་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་བ་ནི་མ་ལག་རང་བཞིན་ལྡན་པའི་འཕུར་སྐྱོད་དང་ངོ་བོའི་འགྱུར་ལྡོག་ཅིག་ཡིན་པས། ངེས་པར་དུ་བཅོས་བསྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱེད་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་མིའི་གསོ་སྐྱོང་བྱེད་ཐབས་དང་སློབ་སྒྲུབ་བྱེད་ཐབས། དོ་དམ་སྒྲིག་ལུགས། འགན་སྲུང་རྐྱེན་སྲོལ་བཅས་ཀྱི་བཅོས་བསྒྱུར་ལ་གཅིག་འདོམས་དང་སྐུལ་འདེད་བཏང་སྟེ། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་ལུགས་བཀག་རྒྱ་ཡོད་ཚད་རྩ་བ་ནས་མེད་པར་གཏོད་དགོས་པ་དང་། ཕྱོགས་ཡོངས་ནས་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དེ་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གྱི་ལས་རིམ་སོ་སོར་འདྲེས་པར་བྱེད་པ་དང་། སློབ་གསོའི་གྲོང་གསེབ་དང་ས་ཁོངས། སློབ་གྲྭའི་བར། མང་ཚོགས་བཅས་ཀྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། ཧུར་ཐག་སྒོས་བྱིས་པ་ཚང་མར་འདྲ་མཉམ་ལྡན་ཞིང་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་དུ་བཅུག་ནས། སྔར་ལས་ལྷག་པའི་སྒོག་ནས་མང་ཚོགས་ཀྱི་སློབ་སྦྱོང་གང་ལེགས་བྱེད་པའི་ཐད་ཀྱི་དགོས་མཁོ་བསྐང་དགོས། སློབ་གསོའི་གྲངས་ལྡན་ཅན་ནི་རང་རྒྱལ་གྱིས་གསར་འབྱེད་བྱས་པའི་སློབ་གསོའི་འཕེལ་རྒྱས་ཀྱི་འགྲན་ལམ་གསར་བ་ཞིག་དང་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབ་གསར་བ་གསར་བཟོ་བྱེད་པའི་གནད་གལ་ཆེན་ཞིག་ཡིན། སྔར་ལས་ལྷག་པའི་སྒོ་ནས་གྲངས་ལྡན་སློབ་གསོར་སྐུལ་འདེད་གཏོང་བ་དང་། རང་གཤིས་ཅན་གྱི་སློབ་སྦྱོང་དང་ཚེ་གང་བོའི་སློབ་སྦྱོང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་ཚད་རྒྱ་བསྐྱེད་པ། སློབ་གསོའི་དེང་རབས་ཅན་བཅས་ལ་ཕན་ནུས་ལྡན་པའི་གཞོགས་འདེགས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཇུས་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། ནང་འདྲེན་དང་ཕྱིར་གཏོང་གི་གནད་གཉིས་དམ་འཛིན་བྱེད་པར་གཅིག་འདོམས་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་འཛམ་གླིང་རིམ་པ་དང་པོའི་སློབ་གསོའི་ཐོན་ཁུངས་དང་གསར་གཏོད་རྒྱུ་ཆ་བེད་སྤྱོད་བྱས་ནས། རང་རྒྱལ་དེ་ཤུགས་རྐྱེན་ཆེ་བའི་འཛམ་གླིང་གི་སློབ་གསོའི་ལྟེ་གནས་སུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོ་སྟོབས་ལྡན་དུ་གཏོང་ན་ཐོག་མར་དགེ་རྒན་གྱི་དཔུང་སྡེ་སྟོབས་ལྡན་དུ་གཏོང་དགོས། དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་སློབ་གསོའི་རྒྱལ་དར་གྱི་ཆེས་གལ་ཆེ་བའི་རྨང་གཞིའི་བྱ་བར་བྱས་ཏེ་དམ་འཛིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དགེ་རྒན་སློབ་གསོའི་མ་ལག་འཐུས་ཚང་དུ་འཛུགས་པ། ཤུགས་ཆེན་པོས་ཀུན་སྤྱོད་བླ་ན་མེད་པ་དང་བྱེད་སྒོ་བྱང་ཆུབ་པ། གྲུབ་ཚུལ་ལུགས་མཐུན་ཡིན་པ། གསོན་ཤུགས་ཆེས་ཆེར་ལྡན་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་གསོ་སྐྱོང་བྱེད་དགོས། རྒན་བཀུར་སློབ་གསོ་གཙོ་བའི་སྤྱི་ཚོགས་དར་སྲོལ་དར་སྤེལ་བྱས་ཤིང་། དགེ་རྒན་གྱི་ཆབ་སྲིད་གོ་གནས་དང་། སྤྱི་ཚོགས་གོ་གནས། ལས་རིགས་གོ་གནས་བཅས་མཐོར་འདེགས་བྱས་ཏེ། དགེ་རྒན་དེ་སྤྱི་ཚོགས་སྟེང་ཆེས་བརྩི་བཀུར་ཐོབ་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས་ལ། ཕུལ་བྱུང་འཇོན་མིས་སློབ་གསོའི་བྱ་བ་གཉེར་བར་དགའ་ཞེན་ཡོད་པ་དང་། སེམས་ཞིབ་མོས་སློབ་གསོའི་བྱ་བ་གཉེར་བ། དུས་ཡུན་རིང་བོ་དང་ཚེ་གང་བོར་སློབ་གསོའི་བྱ་བ་གཉེར་བར་རྒྱབ་སྐྱོར་བར་ནང་འགུག་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ལས་འགན་ཡིན། ཏང་གི་སློབ་གསོའི་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཏེ། རྒྱུན་ཆད་མེད་པར་ཏང་ཨུའི་གཅིག་གྱུར་མགོ་ཁྲིད་དང་ཏང་སྲིད་མཉམ་དུ་འཛིན་པ། སྡེ་ཁག་སོ་སོས་རང་འགན་ཁུར་བ་བཅས་ཀྱི་སློབ་གསོའི་མགོ་ཁྲིད་སྒྲིག་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་གཙོར་བཟུང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྩ་འཛུགས་མགོ་ཁྲིད་དང་འཕེལ་རྒྱས་འཆར་འགོད། ཐོན་ཁུངས་འགན་སྲུང་། གྲོན་དངུལ་གཏོང་བ་བཅས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་ལས་དམ་ཟབ་དང་ཕྱོགས་གཅིག་ཤུགས་འདོན་བྱས་ནས། ཧུར་ཐག་སྒོས་སློབ་གསོའི་རྒྱལ་དར་གྱི་ལག་ལེན་ཁྲོད་ཞུགས་ཏེ། མཉམ་དུ་སློབ་གསོའི་རྒྱལ་དར་གྱི་བྱ་གཞག་བཟང་བོར་བསྒྲུབ་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་ཡུན་རིང་བོའི་བྱས་རྗེས་བརྩོན་ལེན་བྱས་ཏེ། སྔ་མོ་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་མཉམ་དུ་འབད་བརྩོན་བྱེད་དགོས། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། spiv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572938
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།