གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བས་པདྨ་ཚེ་བརྟན་མཆོག་སྐུ་གྲོངས་པར་མྱ་ངན་ཞུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བས་པདྨ་ཚེ་བརྟན་མཆ
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བས་པདྨ་ཚེ་བརྟན་མཆོག་སྐུ་གྲོངས་པར་མྱ་ངན་ཞུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-10ལྟ་ཀློག (3313)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པདྨ་ཚེ་བརྟན། (1969.12-2023.5)

པདྨ་ཚེ་བརྟན་མཆོག་གི་ལོ་རྒྱུས་མདོར་བསྡུས།

  པདྨ་ཚེ་བརྟན་མཆོག་ནི་སྤྱི་ལོ1969ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། སྤྱི་ལོ1991ལོ་ནས་སྤྱི་ལོ1995ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་མཛད། སྤྱི་ལོ1995ལོ་ནས་སྤྱི་ལོ2000ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་། སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་དུ་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རབ་འབྱམས་པའི་བསླབ་གནས་ལ་སྦྱང་བ་མཛད། སྤྱི་ལོ2002ལོ་ནས་སྤྱི་ལོ2004ལོའི་བར་དུ་པེ་ཅིན་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་། སྤྱི་ལོ2004ལོའི་ལོ་མཇུག་ཏུ་པེ་ཅིན་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་བཙུགས། རིམ་གྱིས་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གློག་བརྙན་མཁན་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་སུ་གྱུར། སྤྱི་ལོ1991ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ཤིང་། སྔ་གཞུག་ཏུ་བོད་ཡིག་དང་རྒྱ་ཡིག་བཅས་ཀྱི་ལམ་ནས་སྒྲུང་ཐུང་དང་སྒྲུང་རིང་ལྔ་བཅུ་ལྷག་མཛད། ལོ་ཙཱའི་བརྩམས་ཆོས་བཅུ་ལྷག་ཡོད། དེ་དག་གི་ནང་ནས་བརྩམས་ཆོས་ཁག་ཅིག་དབྱིན་སྐད་དང་ཧྥ་རན་སིའི་སྐད། འཇར་མན་སྐད་སོགས་སུ་བསྒྱུར་ཡོད་པར་མ་ཟད། བོད་ཀྱི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་རིག་རྩལ་གསར་རྩོམ་སྐབས་བཞི་པའི་བྱ་དགའ། ཀྲུང་གོའི་དེང་རབས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་པ་ཕུལ་བྱུང་ཅན་གྱི་བྱ་དགའ་སོགས་བྱ་དགའ་མི་དམན་པ་གང་མང་ཐོབ། 

   ད་ལྟའི་བར་དུ་པར་དུ་བསྐྲུན་པའི་སྒྲུང་གཏམ་རིང་གྲས《རྗེ་བླ་མ་བོད་ལྗོངས་སུ་བཞུགས་དུས》ཞེས་པར་མཉམ་རྩོམ་དང་། བོད་ཡིག་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེབ《བསླུ་བྲིད》དང་ལོ་ཙཱའི་བརྩམས་ཆོས་རིང་གྲས《བཤད་ནས་ཚར་རྒྱུ་མེད་པའི་གཏམ་རྒྱུད》སོགས་ཡོད།སྤྱི་ལོ2002ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་གཉེར་ཞིང་། ཁོང་གི་གློག་བརྙན་ཐོག་མ་སྟེ་གློག་བརྙན་ཐུང་ངུ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པར་སྤྱི་ལོ2003ལོར་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་བཞི་པའི་གློག་བརྙན་ཐུང་ངུའི་འགྲན་སྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་འཁྲབ་པའི་གློག་བརྙན་གྱི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད། པེ་ཅིན་གློག་བརྙན་སློབ་གླིང་གི་མཆོད་རྟེན་དབྱིབས་ཀྱི་བྱ་དགའ་ཞེས་པའི་སྐབས་དང་པོའི་གློག་བརྙན་རྩེ་གྲའི་བྱ་དགའ་དང་། པེ་ཅིན་གྱི་རྒྱལ་སྤྱིའིDVགླེང་སྟེགས་སྐབས་དང་པོའི་བྱུང་རིམ་གློག་བརྙན་གྱི་བྱ་དགའ། ཡ་ཞི་ཡའི་རྒྱལ་སྤྱིའི་གློག་བརྙན་ཐུང་ངུའི་དུས་ཆེན་སྐབས་གཉིས་པའི་དཔྱད་འདེམས་ཚོགས་པའི་བྱ་དགའ་བཅས་ཀྱང་ཐོབ། 35mmཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུ《རྩྭ་ཐང》ཞེས་པར་རྒྱལ་སྤྱིའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་བརྩམས་ཆོས་འགྲེམ་སྟོན་སྐབས་གསུམ་པའི་ཀྲུང་གོའི་སློབ་མའི་གློག་བརྙན་ཐུང་ངུ་རྩེ་གྲའི་བྱ་དགའ་ཐོབ་པར་མ་ཟད། ཧྥ་རན་སི་དང་ཉི་ཧོང་། ཨུ་རུ་སི། ཁོ་རེ་ཡ། ཧོ་ལན་སོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་དུ་ཞུགས།དངོས་ཞུས་གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་བ》ཞེས་པར་སྤྱི་ལོ2004ལོརDISCOVERYའཁྲབ་ཁྲིད་པའི་འཆར་འགོད་ནང་དུ་བདམས་པ་དང་། 35mmབྱུང་རིམ་གློག་བརྙན་རིང་གྲས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པར་སྤྱི་ལོ2005ལོར་ཁ་ན་ཏའི་གྲོང་ཁྱེར་ཝུན་ཀུ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉེར་བཞི་པའི་སྟེང་སྟག་འབྲུག་ཞེས་པའི་དམིགས་བསལ་བྱ་དགའ་ཐོབ་པ་དང་། ཁོ་རེ་ཡའི་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་གྱི་དར་ལུགས་གསར་པའི་བྱ་དགའ་དང་། སྐབས་ཉེར་ལྔ་པའི་ཀྲུང་གོའི་གློག་བརྙན་གསེར་བྱ་བྱ་དགའི་འཁྲབ་ཁྲིད་པའི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ། སྐབས་སུམ་ཅུ་པའི་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཁན་གྱི་མནའ་འབྲེལ་བྱ་དགའ། སྐབས་སུམ་ཅུ་པའི་ཤང་ཀང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གནམ་བདག་ཆོས་ལུགས་རིག་གནས་ཀྱི་བྱ་དགའ་སྟེ་ཁྱད་དུ་གཟེངས་སུ་བསྟོད་པའི་བྱ་དགའ། སྐབས་བཅུ་གསུམ་པའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ། སྐབས་དགུ་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡ་གླིང་གི་མི་སྣ་གསར་པའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་བརྒྱད་པའི་ཁྲང་ཁྲུན་གློག་བརྙན་དུས་ཆེན་དཔྱད་སྡུར་ཚོགས་པའི་དམིགས་བསལ་བྱ་དགའ། སྤྱི་ལོ2006ལོའི་ཀྲུང་གོའི་གློག་བརྙན་སློབ་གླིང་གི་བྱ་དགའ་སྟེ་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་མཐོང་ཚོར་སྒྱུ་རྩལ་གྱི་ལོ་དེའི་བྱ་དགའ་ཆེན་པོ་སོགས་བྱ་དགའ་མང་པོ་ཐོབ། ཨ་རིའི་སན་ཧྥ་རན་སི་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་ཧྥ་རན་སིའི་ནན་ཐེ་གླིང་ཆེན་གསུམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཧྥ་རན་སིའི་པཱ་ལི་གྲོང་ཁྱེར་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན། ཧོ་ལན་གྱི་ལོའུ་ཐུ་ཏན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཉི་ཧོང་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན་སོགས་སུ་ཁོང་གི་གློག་བརྙན་འགྲེམ་སྟོན་བྱས།སྤྱི་ལོ2007ལོར།《ཀ་ཐོག་སྨོན་ལམ་ཆེན་མོ》ཞེས་པའི་དངོས་ཞུས་གློག་བརྙན་དང《བསམ་ཡས་དགོན》ཞེས་པའི་ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་དངོས་ཞུས་གློག་བརྙན། སྤྱི་ལོ2008ལོར།《འཚོལ》དང《ཁྱི་རྒན།》 《དོར་མ་དུང་ཆེན་དར་སྲོལ་ཆེ་བའི་སྤྱི་ལོ1983ལོ》ཞེས་པའི་གཏམ་རྒྱུད་གློག་བརྙན།《ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག》ཅེས་པའི་དངོས་ཞུས་གློག་བརྙན་ཕབ་སྐྲུན་མཛད།སྤྱི་ལོ2023ལོའི་ཟླ5པའི་ཚེས8ཉིན། གློ་བུར་དུ་སྙིང་ནད་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་བོད་ལྗོངས་ནས་སྐུ་འདས་གྲོངས་སུ་གྱུར། དགུང་ལོ53ཡིན།

གྲུབ་འབྲས་གཙོ་བོ།

ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2015ལོར། ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དོན་གཉིས་པའི་ས་ངོས་སྙོམས་ཐིག་སྡེ་ཚན་གྱི་གསེར་སེང་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད།

ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2014ལོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་བདུན་པའི་འགྲན་རྩོད་གཙོ་བོའི་བྱ་དགའ།《གཡང་མདའ》འོས་མིང་དུ་ཚུད།

སྤྱི་ལོ2009ལོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་གཉིས་པའི་འགྲན་རྩོད་གཙོ་བོའི་བྱ་དགའ།《འཚོལ》འོས་མིང་དུ་ཚུད་པ།

སྤྱི་ལོ2009ལོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་གཉིས་པའི་འགྲན་རྩོད་གཙོ་བོའི་དཔྱད་སྡུར་ཚོགས་པའི་བྱ་དགའ།《འཚོལ》ལ་བྱ་དགའ་ཐོབ།

སྤྱི་ལོ2006ལོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དགུ་པའི་ཡ་གླིང་གི་མི་སྣ་གསར་པ་བྱ་དགའི་གློག་བརྙན་རྩེ་གྲ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད།

སྤྱི་ལོ2006ལོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དགུ་པའི་ཡ་གླིང་གི་མི་སྣ་གསར་པ་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལ་བྱ་དགའ་ཐོབ།

ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའ

སྤྱི་ལོ2005ལོར། ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའ་སྐབས་ཉེར་ལྔ་པའི་འཁྲབ་ཁྲིད་པ་རྩེ་གྲའི་བརྩམས་ཆོས་ཐོག་མའི་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལ་བྱ་དགའ་ཐོབ།

ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2005ལོར། ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་པའི་འགྲན་རྩོད་གཙོ་བོའི་དར་ལུགས་གསར་པའི་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད།

ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་སྟོན།

སྤྱི་ལོ2006ལོར། ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་སྟོན་སྐབས་བརྒྱད་པའི་་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད།སྤྱི་ལོ2006ལོར། ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་སྟོན་སྐབས་བརྒྱད་པའི་དཔྱད་སྡུར་ཚོགས་པའི་དམིགས་བསལ་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལ་བྱ་དགའ་ཐོབ།

རྒྱ་སྐད་གློག་བརྙན་བརྒྱུད་སྒྲོག་བྱ་དགའ།

སྤྱི་ལོ2007ལོར། རྒྱ་སྐད་གློག་བརྙན་བརྒྱུད་སྒྲོག་བྱ་དགའ་སྐབས་བདུན་པའི་འཁྲབ་ཁྲིད་པ་གསར་པ་རྩེ་གྲའི་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》འོས་མིང་དུ་ཚུད།

པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན།

སྤྱི་ལོ2016ལོར། པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་ཉེར་གསུམ་པའི་སྒྱུ་རྩལ་འཚོལ་དཔྱོད་བྱ་དགའ།《ཐར་ལོ》ལ་བྱ་དགའ་ཐོབ།

སྤྱི་ལོ2016ལོར། པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་ཉེར་གསུམ་པའི་གློག་བརྙན་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད།

སྤྱི་ལོ2016ལོར། པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་ཉེར་གསུམ་པའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད།

སྤྱི་ལོ2006ལོར། པེ་ཅིན་གྱི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་ཉེར་གསུམ་པའི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ལ་བྱ་དགའ་ཐོབ།

ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས།

སྤྱི་ལོ2015ལོར། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་སྐབས་དྲུག་པའི་ལོ་འཁོར་འཁྲབ་གཞུང་བཅོས་སྒྲིག་བྱ་དགའ།《གཡང་མདའ》འོས་མིང་དུ་ཚུད།

ཏུང་ཅིན་མ་འོངས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2011ལོར། ཏུང་ཅིན་མ་འོངས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་གཉིས་པའི་བརྩམས་ཆོས་རྩེ་གྲའི་བྱ་དགའ།《ཁྱི་རྒན》ལ་བྱ་དགའ་ཐོབ།

ཐའེ་ཝན་གློག་བརྙན་གསེར་རྟ་བྱ་དགའ།

སྤྱི་ལོ2015ལོར། ཐའེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའ་སྐབས་ང་གཉིས་པའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ།《ཐར་ལོ》ལ་བྱ་དགའ་ཐོབ།

སྤྱི་ལོ2015ལོར། ཐའེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའ་སྐབས་ང་གཉིས་པའི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད།

སྤྱི་ལོ2015ལོར། ཐའེ་ཝན་གྱི་གསེར་རྟ་གློག་བརྙན་བྱ་དགའ་སྐབས་ང་གཉིས་པའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ།《ཐར་ལོ》འོས་མིང་དུ་ཚུད།

དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་སྟོན།

སྤྱི་ལོ2016ལོར། དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་སྟོན་སྐབས་དང་པའི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ།《ཐར་ལོ》ལ་བྱ་དགའ་ཐོབ།

འཁྲབ་ཁྲིད་བརྩམས་ཆོས།

སྤྱི་ལོ2015ལོར།《ཐར་ལོ》གློག་བརྙན།

སྤྱི་ལོ2014ལོར།《གཡང་མདའ》གློག་བརྙན།

སྤྱི་ལོ2011ལོར།《ཁྱི་རྒན》གློག་བརྙན།

སྤྱི་ལོ2010ལོར།《ལོ་ངོ་སྟོང་གི་བྱང་ཆུབ་ཀྱི་ལམ》བརྙན་འཕྲིན་ཟློས་གར།

སྤྱི་ལོ2008ལོར།《བ་ཡན་ཁ་རིའི་ཁ་བ》གློག་བརྙན།

སྤྱི་ལོ2007ལོར།《འཚོལ》གློག་བརྙན།

སྤྱི་ལོ2005ལོར།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གློག་བརྙན།

འཁྲབ་གཞུང་བརྩམས་ཆོས།

སྤྱི་ལོ2011ལོར།《ཁྱི་རྒན》གློག་བརྙན།

སྤྱི་ལོ2008ལོར།《བ་ཡན་ཁ་རིའི་ཁ་བ》གློག་བརྙན།

སྤྱི་ལོ2007ལོར།《འཚོལ》གློག་བརྙན།

སྤྱི་ལོ2005ལོར།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གློག་བརྙན།

སྒྱུ་རྩལ་མཛུབ་སྟོན་གྱི་བརྩམས་ཆོས།

སྤྱི་ལོ2011ལོར།《དབུས་ལམ་གྱི་ཉི་མ》གློག་བརྙན།

རྩོམ་རིག་བརྩམས་ཆོས།

སྤྱི་ལོ2004ལོར།《ཆོས་སྒྲོན་དང་མོའི་བུ་བློ་ལྡན》སྤྱི་ལོ2001ལོར།《སློང་མོ་བ》སྤྱི་ལོ1999ལོར།《གངས》སྤྱི་ལོ1997ལོར།《བསླུ་བྲིད》


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བས་པདྨ་ཚེ་བརྟན་མཆོག་སྐུ་གྲོངས་པར་མྱ་ངན་ཞུ།   སྤེལ་མཁན།: པད་མ། སྤེལ་དུས:2023/5/10
说不完的故事ནི་མི་རོ་རྩེ་སྒྲུང་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23572368
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།