རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་གཉིས་པ) པད་མ་རིག་འཛིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 12 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་གཉིས་པ) པད་མ་རིག
རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་གཉིས་པ) པད་མ་རིག་འཛིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-27ལྟ་ཀློག (3671)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མིང་། པད་མ་རིག་འཛིན།

 སྡོད་གནས།  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སྐ་ཆུའི་འབྲོག་ར།

Email Adress:472541893@qq.com    

Tel: 13317242222/18808371782        Postcode: 624500      Wechat:13317242222

________________________________________________________

སློབ་གསོའི་རྒྱབ་ལྗོངས།   

1998-2003  ཐང་སྐོར་སློབ་ཆུང།

2003-2004  མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་།

2004-2008  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

2008-2009  ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་།

2009-2010  རྔ་ཁུལ་དགེ་ཐོན་སློབ་ཆེན།

2010-2013  པེ་ཅེན་ཕྱི་སྐད་སློབ་ཆེན་དང་New Powerགསོ་སྦྱོང་སློབ་གྲྭ།

2018  ཨ་རའི་ཧྥོ་རྗེ་ནེའུ་ཡ་སློབ་ཆེན་གྱི་དུས་ཐུང་ཁེ་ལས་གསོ་སྦྱོང་འཛིན་གྲྭ།

2019—རང་སྦྱོང་སློབ་ཆེན་གྱི་སྲིད་འཛིན་དོ་དམ་དང་བཟོ་ཚོང་ཁེ་ལས་དོ་དམ།

________________________________________________________

འབྲེལ་ཡོད་སྦྱང་བྱ། 

བོད་ཡིག སུམ་རྟགས། སྙན་ངག  ཚད་མ། སྐར་རྩིས་སྔོན་འགྲོ།  ནག་རྩིས།

དབྱིན་ཡིག ལས་རིགས་དོ་དམ། ཁེ་ལས་འཇུག་སྒོ། མ་རྐང་དང་མ་དངུལ་འཁོར་སྐྱོད་སོགས།  

རྒྱ་ཡིག སློབ་ཆེན་རྒྱ་ཡིག ཕྱུགས་ལས་དཔལ་འབྱོར་དོ་དམ་རིག་པ། སྲིད་འཛིན་དོ་དམ་རིག་པ་སོགས།  བཟོ་ཚོང་ཁེ་ལས་དོ་དམ་སྐོར་གྱི་སྦྱང་ཚན།

________________________________________________________

ལས་ཀའི་ཉམས་མྱོང་།                   

 2008 ཤེས་རིག་གླིང་གི་ཕ་སྐད་དོ་དམ་ཚོགས་པའི་ཚོགས་མི།

2011 དམའ་འབྲིང་ཨིན་ཡིག་བརྡ་སྤྲོད་ཟུར་རྒྱན་གེ་སར་གཞོན་ནུ་དཔར་དུ་བསྐྲུན།

2012 སློབ་ཆེན་པའི་སྤྱི་ཕན་ཚོགས་པ་དེང་རབས་འབྲོག་ལས་བཙུགས།

2013 མཐོ་བོད་འབྲོག་ལས་མཉམ་སྒྲུབ་ཁང་ཐོ་འགོད་དང་མཉམ་སྒྲུབ་ལས་ཀར་སློབ་སྦྱོང་བྱེད་འགོ་བརྩམས།

2014 ཐང་སྐོར་འབྲོག་རའི་མགྲོན་ཁང་གསར་དུ་བསྐྲུན་པ་དང་འབྲོག་ལས་དངོས་སུ་གཉེར་མགོ་བརྩམས།

2015—2018 ཐང་སྐོར་འབྲོག་རའི་མགྲོན་ཁང་དོ་དམ་དང་གཉེར་སྐྱོང་བྱས།

2016  སྤྱི་ཕན་དེང་རབས་འབྲོག་ལས་ཀྱི་ལས་གཞི་མུ་མཐུད་དུ་སྤེལ་བ་དང་མཉམ་སྒྲུབ་ཁེ་ལས་སྐོར་ལ་སློབ་སྦྱོང་བྱས།

2017   སྤྱི་ཕན་དེང་རབས་འབྲོག་ལས་སྤྱི་ཚོགས་ཁེ་ལས་སུ་བསྒྱུར་བར་གྲ་སྒྲིག་བྱས།

2018 ནོར་མིག་དེང་རབས་འབྲོག་ལས་ཀུང་སི་ཐོ་འགོད་དང་། མཐོ་བོད་འབྲོག་ལས་དང་ནོར་མིག་གི་ཐོན་རྫས་གསར་དུ་བཟོས།

2019 མཛོད་དགེ་རྫོང་མཉམ་འབྲེལ་མཉམ་ལས་ནོར་མཛོད་ཁང་དུ་དང་བླངས་པར་ཞུགས།

2021  མཐོ་འབྲོག་ལས་མཉམ་སྒྲུབ་ཁང་དང་ནོར་མིག་ཀུང་སི་གཉིས་གཅིག་སྒྲིལ་བྱས་ཏེ་ལས་འཛིན་ཚོགས་གཙོའི་འགན་ཁུར།

2022  མཐོ་བོད་འབྲོག་ལས་ཆེད་ཚོང་ཁང་གི་མ་དཔེ་ཚོད་ལྟ་བྱས།

2023   མདོ་དབུས་མཐོ་སྒང་གི་འབྲོག་ལས་དཔལ་འབྱོར་དོ་དམ་གཞུང་ལུགས་སྐོར་གྱི་བསམ་གཞིག་གླེང་།

________________________________________________________

དགའ་ཕྱོགས།        འབྲོག་ལས།  བོད་ཡིག་དང་དབྱིན་ཡིག་གི་བརྡ་སྤྲོད།

 

ངའི་འབྲོག་ལས་གཉེར་བའི་ཀུན་སློང་།  

    གོང་དུ་གསལ་བ་ལྟར་ལས་ཀ་མང་བོ་ཞིག་ལ་ཚོད་ལྟ་དང་སྦྱང་བྱ་མང་བོ་ཞིག་བསླབས་བསླབས་རྗེས་ང་ནི་འབྲོག་ལས་ཀྱི་ལས་ལ་ཞུགས།  ང་རང་ལ་ཆུང་དུས་འབྲོག་ལས་གཉེར་བའི་ཕུགས་བསམ་དང་འཆར་གཞི་གཏན་ནས་ཡོད་མ་མྱོང་།  དེ་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་སློབ་གསོའི་ཁ་ཕྱོགས་ཀྱི་རྐྱེན་གྱིས་ཡིན་རྒྱུ་རེད།   གང་ལྟར་ལས་ཀ་དང་བྱ་བ་མང་བོ་ཞིག་སྒྲུབ་ཅིང་གོ་བ་དང་ཐོས་པ་མང་བོ་ཞིག་ཐོབ་རྗེས།  ངས་གཞི་ནས་འབྲོག་ལས་ནི་ངའི་ལྷན་སྐྱེས་ཀྱི་ལས་གནས་ཡིན་པ་དང་འབྲོག་ལས་ནི་སྤྱིར་བཏང་གི་ཁ་གསོ་ཐབས་དང་རྒྱབ་འགེབ་ཐབས་ཀྱི་འཚོ་བ་ཙམ་མིན་པར།  འབྲོག་ལས་ནི་འཛམ་གླིང་གི་ཐོན་ལས་དང་བོའི་ཡ་གྱལ་དང་མིའི་རིགས་ཀྱི་ཆེས་ཚད་མཐོ་བའི་ཁ་ཟས་དང་འབྲལ་ཐབས་མེད་པའི་ལས་རིགས་རླབས་ཆེན་ཞིག་ཡིན་པ་གཏིང་ནས་ངོས་ཟིན་ཐོབ།   དེར་མ་ཟད་ང་ཚོ་མདོ་དབུས་མཐོ་སྒང་གི་ནོར་གནག་གཙོར་བྱས་པའི་འབྲོག་ལས་འདི་ནི་སྲིད་ན་དཀོན་པའི་ཕྱུགས་ལས་ཐོན་ཁུངས་ཞིག་ཡིན་པ་དང་།  དེ་ནི་ཏག་ཏག་ངའི་ཕ་ས་ཕ་ཡུལ་དང་ཕ་མེས་ཡང་མེས་ནས་མི་རབས་ནས་མི་རབས་ལ་གཉེར་བའི་འཚོ་བའི་སྲོག་ཤིང་དེ་ཡིན་པ་གཞི་ནས་ཧ་གོ    དེ་བས་སྤྱི་ལོ་༢༠༡༣ལོ་ནས་ང་རང་དངོས་སུ་ཕྱིར་ཕ་ཡུལ་དུ་ལོག་ཅིང་འབྲོག་པའི་འཚོ་བ་བསྐྱངས་ཤིང་འབྲོག་ལས་གཉེར་འགོ་བརྩམས།   ང་ཚོའི་འབྲོག་ལས་འདི་ལ་གདོད་མའི་ཕྱུགས་ལས་ཀྱི་རྣམ་པ་མང་བོ་ད་དུང་མ་འགྱུར་བར་གནས་པ་དང་།  དེ་ལ་སྲོལ་རྒྱུན་འབྲོག་ལས་ཀྱི་ངོ་བོ་ལྡན།    འདི་ནི་ང་ཚོའི་འབྲོག་ལས་ཀྱི་ཁྱད་ཆོས་ཡིན་རྒྱུ་རེད་འདོད།   འོན་ཀྱང་སྤྱི་ཚོགས་གསར་བ་དང་དུས་རབས་གསར་བ།  མི་རབས་གསར་བ།  འབྲོག་པ་གསར་བ་འདི་འདྲའི་དུས་སྐབས་གཅིག་ལ་མཚོན་ན་ང་ཚོའི་འབྲོག་ལས་འདི་ལ་ཡང་དེང་རབས་ཀྱི་ཆ་དང་དཔལ་འབྱོར་གྱི་ཆ་དུས་དང་མཐུན་པ་ཞིག    ལུགས་དང་སྤྱི་ཚོགས་ལ་མཐུན་པ་ཞིག་ཀྱང་མེད་དུ་མི་རུང་བ་ཞིག་རེད་འདོད།  

 

   སྤྱིར་བཏང་མཐོ་དབུས་མཐོ་སྒང་གི་འབྲོག་ལས་ལ་ཕྱོགས་མང་བོ་ནས་འཕེལ་རྒྱས་དང་འགྱུར་ལྡོག་རབས་དང་རིམ་པ་ཐོན་དང་ཐོན་མུས་ཡིན་པ་མ་ཟད།   མགྱོགས་མྱུར་ཧ་ཅང་ལྡན།   ཡིན་ན་ཡང་མིག་སྔར་ས་ཆ་དང་འབྲོག་ས་མང་བོ་ཞིག་གི་འཕེལ་རྒྱས་དང་འགྱུར་ལྡོག་མང་བོ་ཞིག་ས་གནས་འབྲོག་པའི་འཚོ་བ་ལ་མི་འཚམ་པ་དང་སྤྱིར་ནོར་གནག་འབྲོག་ལས་ལ་མི་འཚམ་པའི་གནས་ཚུལ་འདུག  འགྱུར་ལྡོག་དང་འཕེལ་རྒྱས་འདི་དག་ལ་གཞུང་ལུགས་ཀྱི་རྒྱབ་རྩ་དཀོན་ཞིང་ལག་ལེན་གྱི་དུས་ཚོད་ཐུང་བས་ཡིན་རྒྱུ་རེད།     དེར་མ་ཟད་དེང་སང་གི་འབྲོག་པ་རྒན་པ་ལ་ལས་ངས་ཅང་ཤེས་ནི་མ་རེད་ཟེར་ནས་ཟོག་རྫི་རྐྱང་བ་བྱས་ནས་གཞན་དང་གཞན་ལ་ཁ་ཡ་མི་བྱེད།  ཡང་ལ་ལས་དེང་སང་གི་ཆུང་ཆུང་ཚོས་ཅང་ཤེས་ནི་མ་རེད་ཟེར་ནས་རང་ཚུགས་འཛིན། འབྲོག་པའི་གཞོན་སྐྱེས་མང་བོས་འབྲོག་ལས་དཀའ་རབས་དང་ལྕི་རབས་ཏག་ཏག་བཤད་ནས་སྤྲོ་བ་མེད།   ཡང་ཁ་ཤས་ཀྱིས་འབྲོག་པ་ནི་རི་ལུང་ཐང་གསུམ་ན་གནས་པ་དང་རང་ཁ་རང་གསོ་བྱས།  རང་གི་ལས་ཀ་རང་གིས་སྒྲུབ་ཀྱིན་ཡོད་ཟེར་ནས་འབྲོག་པ་སྤྱི་དང་ལས་རིགས་འདིའི་མ་མཐའི་ཁེ་དབང་དང་ཀུན་སྤྱོད་ལ་དོ་སྣང་སྤུ་ཙམ་མེད།   ཡང་ལ་ལ་ཞིག་གིས་ང་ཚོའི་འབྲོག་པ་ནི་བཟང་རབས་རྒྱན་རབས་ཐལ་དྲགས་པ་བཤད་ནས་སྐྱུག་ཀྱང་བྲོ་བར་བྱེད།  གང་ལྟར་དེ་རིང་ཁ་སང་ང་ཚོའི་འབྲོག་ལས་འདི་བརྩི་རྒྱུའི་བསྲུང་བྱ་དང་འཛིན་རྒྱུའི་རིག་གནས་ཀྱི་རྨང་རྐང་གང་ཡང་མེད་པར་ཆགས་འདུག  དེ་བས་ང་ཚོ་འབྲོག་པ་ཚོའི་རང་རང་ངོས་ཐད་ནས་ལག་པ་བྲག་ཁར་བཞག་ནས་བསམ་བློ་ཞིག་བཏང་རན་རེད་བསམ།  རང་ཉིད་རང་གི་མགོན་ཡིན་གསུངས་པ་ལྟར།  ལས་རིགས་ཀྱི་འགྲན་རྩོད་ཆེན་པོ་འདིའི་ནང་དུ་ཐུན་མོང་གི་ཀུན་སྤྱོད་ཅིག་དང་རིག་གནས་ཀྱི་ལྟ་བ་གཏན་པོ་ཞིག་མ་ཡོད་ན།  ནོར་གནག་ཟེར་བ་འདི་དང་འབྲོག་པ་ཟེར་འདི་གཉིས་ལ་ངོམ་ཆོག་ཆོག་གི་ཐོབ་ཐང་ཞིག་རྩ་བ་ནས་མེད་པར་ཆགས་འགྲོ་རྒྱུ་རེད།    

 

ངའི་འབྲོག་པའི་འཚོ་བ་དང་མཐོ་བོད་དེང་རབས་འབྲོག་ལས་ཚང་།  

སྤྱིར་འཛམ་གླིང་གི་ཕྱུགས་ལས་ལ་དབྱེ་ན་འཚོ་སྐྱོང་དང་གསོ་སྤེལ་གཞིར་བྱས་ནས་དེ་ལ་ཐོན་སྐྱེད་ལས་སྣོན་དང་།  ཁྲོམ་རའི་ཕྱིར་ཚོང་།  ཚོང་རྟགས་ཁྱབ་སྒྲོག  རྩྭ་ལས་ཆས་ལས།  སོགས་རིམ་པ་བཞིན་ལས་ཀ་མང་བོ་ཞིག་ཡོད་པ་མ་ཟད།  ལས་ཀ་འདི་དག་ཚང་མ་ཕྱུགས་ལས་ཀྱི་ཁྱབ་ཁུངས་ཤ་སྟག་རེད།  ང་ཚོའི་འབྲོག་ལས་འདི་ནི་འཚོ་སྐྱོང་རྐྱང་བ་ཞིག་གམ་རྫི་བུ་དང་བཞོན་མའི་ལས་ཀ་ཙམ་ལ་ངོས་འཛིན་བྱས་བསྡད་ཡོད་པའི་སྣང་ཚུལ་ཞིག་འདུག  དེ་བས་འབྲོག་པ་ཚོས་ཀྱང་འཚོ་སྐྱོང་ཙམ་དང་བཞོན་ལས་ཙག་ཙིག་གི་ཡོང་སྒོ་མ་གཏོགས་འཚོལ་ཐུབ་ཀྱིན་མི་འདུག  

   

   སྤྱི་ལོ་༢༠༡༨ལོ་ནས་ང་ཚོ་འབྲོག་པའི་ཁྱིམ་ཚང་ཁ་ཤས་ཀྱིས་རང་གི་དཀའ་ངལ་དང་གནད་དོན་འགའ་རེ་མཉམ་དུ་རུབ་སྟེ་ཐག་ཆོད་ཡོང་རྒྱུ་རེད་བསམ་ནས་མཐོ་བོད་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་སྒྲུབ་ཁང་འདི་དངོས་སུ་ལག་བསྟར་བྱས།   མ་དངུལ་བསྡུས།    ལས་ཀ་བསྒྲུབས།    ང་ཚོའི་ཐུན་མོང་གི་སེམས་ན་ན་ཟུག་གམ་དཀའ་ངལ་ཞིག་ཡོད་པ་ནི་རང་ལ་འབྲོག་ལས་ཐོན་ཁུངས་གྱ་ནོམ་པ་ཞིག་ཡོད་ཀྱང་།  དེ་ལ་གོང་རིན་ཐང་མེད་ལ་རྕིས་རྩི་སྒོ་མེད་པ་དེ་རེད།  

   ང་ཚོས་ཁྱིམ་ཚང་གི་འཚོ་སྐྱོང་རྨང་གཞི་བྱས་ནས་འཚོ་སྐྱོང་གི་ཚད་གཞི་དང་རྣམ་པ་གཅིག་གྱུར་བྱས།  ཐོན་ཁུངས་གཅིག་སྡུད་དང་ཐོན་སྐྱེད་ལས་སྣོན་མཉམ་དུ་བྱ་རྒྱུ་བྱས།  དེ་ལྟར་བྱས་ན་ང་ཚོ་རང་གི་འབྲོག་པའི་འཚོ་བ་ཁག་ཐེག་ཡོང་བ་མ་ཟད།   འབྲོག་ལས་ཐོན་རྫས་ངོ་མ་དགོས་མཁན་ཚོ་ལ་ཡང་ཞབས་ཞུ་ངོ་གནོང་མི་དགོས་པ་ཞིག་བསྒྲུབ་ཐུབ།  དེ་བས་ང་ཚོས་འབྲོག་ལས་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་རིགས་དྲུག་སྟེ།   ཤ་རིགས།  འོ་རིགས།   སྤུ་རིགས།  ལྤགས་རིགས།  ར་རུད་དང་ལྕི་རུལ་གྱི་རིགས་བཅས་གཅིག་བསྡུས་བྱས་ནས།  གང་ཐུབ་ཐུབ་ཀྱིས་རང་གི་ཐོན་རྫས་སྣ་ཚོགས་བཟོས་ཤིང་ས་གནས་ཁ་ཤས་ནས་མཐོ་བོད་འབྲོག་ལས་ཆེད་ཚོང་ཁང་གཉེར་སྐྱོང་བྱས་ཏེ་ཆེས་མཐའ་མཇུག་གི་མཛད་སྤྱོད་པར་སྤྲོད་ཀྱི་ཡོད་པ་དང་།  ཡང་རྒྱུ་ཆ་ཁ་ཤས་གཅིག་ཏུ་བསྡུས་ནས་དགོས་མཁོ་ཅན་གྱི་བཟོ་གྲྭ་སོགས་ལ་མཉམ་དུ་སྤྲོད་ཀྱིན་ཡོད།  

    ང་ཚོའི་དམིགས་ཡུལ་གཙོ་བོ་ནི་འབྲོག་ལས་ཀྱི་རིག་གནས་དང་ཀུན་སྤྱོད་ལ་ལྷད་མ་འདྲེས་པར་སྤྱི་ཚོགས་དང་ཁྲོམ་ར་ལ་ཞབས་ཞུ་ཡག་པོ་ཞིག་བསྒྲུབ་རྒྱུ་དེ་ཡིན་པ་མ་ཟད།  འབྲོག་ལས་དཔལ་འབྱོར་འཁོར་སྐྱོད་མ་ལག་ཆ་ཚང་ལ་འབྲོག་པ་རང་གིས་བདག་པོ་ངོ་མ་ཞིག་བརྒྱག་རྒྱུ་དེ་ཡིན། 

  

ངས་མཉམ་སྒྲུབ་ཁང་གི་ལས་ཀ་ལ་སྣེ་ཁྲིད་དང་འཆར་འགོད་དམིགས་སུ་བཟུང་བའི་ཞོར་དུ་རང་གི་འབྲོག་པའི་ཁྱིམ་ཚང་གི་འཚོ་སྐྱོང་ལ་ཡང་དོ་དམ་དང་ལེགས་བཅོས་ཀྱི་ཉམས་མྱོང་གང་མང་ལེན་གྱིན་ཡོད།  ང་ཚོའི་འབྲོག་ལས་འདི་ཐོན་སྐྱེད་ལས་སྣོན་སོགས་ལས་ཀ་གཞན་ལ་བསྐྱེད་ནས་འཕེལ་རྒྱས་བྱུང་དགོས་ན་ཐོག་མར་འཚོ་སྐྱོང་གི་ལས་ཀ་འདི་ཡག་པོ་ཞིག་ངེས་པར་དུ་འཁྱོངས་དགོས།   འཚོ་སྐྱོང་གི་ལས་ཀ་ལ་གཙོ་བོ་འཕེལ་ཀ་མྱུར་ཞིང་རྒྱུད་རྐང་བཟང་བ།   རྩ་ཆུ་འཛོམས་ཤིང་ཤ་ཤེད་རྒྱས་པ།  ནད་སྣ་སྔོན་འགོག་དང་སྨན་བཅོས་དུས་སུ་བྱས་ནས་་བདེ་ཐང་ཡོང་བ།  སེམས་ཅན་གྱི་ཚེ་སྲོག་ལ་མ་འབྲེལ་བའི་མ་བཅོས་རྒྱུ་ཆ་མང་དུ་ལེན་པ།   བྱམས་བརྩེའི་ཐབས་ཀྱིས་སྐྱོང་ཞིང་དྲིན་དྲན་པ།  གྲངས་ཀ་ཉུང་ལ་སྤུས་ཀ་བཟང་བར་འབད་པ་སོགས་ཡིན།  དེའི་མ་ཚད་དེང་རབས་ཀྱི་ཆ་ནས་འཚོ་སྐྱོང་གི་ར་བ་དང་སྒྲིག་ཆས་གང་ལེགས་བཟོ་བ་དང་།  དྲོད་ཁང་དང་ཁྱིམ་ཚང་གི་འདུག་ཁང་ཡང་སྤུས་ལེགས་གྲལ་དག་འབྲོག་ས་རང་དུ་ལས་རྒྱུ་གལ་ཆེན་ཡིན་པར་འདོད།   ཆ་འཕྲིན་ལག་རྩལ་གྱི་ཐད་ནས་བརྙན་མིག་དང་རྩིས་འཕྲུལ་སོགས་ལ་བརྟེན་ནས་སེམས་ཅན་གྱི་གྲངས་ཀ་དང་སྤུས་ཀ་འཚོ་གནས་སོགས་ཀྱི་གཞི་གྲངས་གནས་ཚུལ་ལེན་རྒྱུ་ཡང་ཁ་ཚ་དགོས་གཏུག་གི་ལས་ཀ་རེད།

   མདོར་ན་ང་ནི་འབྲོག་པའི་བུ་ཞིག་ཡིན་ལ།  འབྲོག་པ་ནི་ངའི་འཚོ་བ་ཡིན།  འབྲོག་ལས་ནི་ངའི་ལས་ཀ་ཡིན་པ་གསལ་བོ་གསལ་རྐྱང་དུ་རྟོགས་ཡོད།  
 

ཞེས་པད་མ་རིག་འཛིན་གྱིས་སྤྱི་ལོ་༢༠༢༣ལོའི་ཟླ་༤ཚེས་༢༢དགོང་མོ་འབྲི་མོ་དང་བེའུ་ཆུང་གི་ངུར་སྒྲའི་ཁྲོད་ནས་མཐོ་བོད་འབྲོག་ར་དང་བོའི་དགུན་ས་ནས་སྦྱར་བའོ། །

གསལ་བཤད།  
    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  

སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།   
15283703999 
15109745084

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
24230276
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།