བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་བ) པཎ་ཆེན་འབུམ་ཕྲག་གསུམ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་བ) པཎ་ཆེན་འབུམ་ཕྲག་གསུམ་པ།
བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་བ) པཎ་ཆེན་འབུམ་ཕྲག་གསུམ་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-26ལྟ་ཀློག (2025)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པཎ་ཆེན་འབུམ་ཕྲག་གསུམ་པ།

གྲུབ་མཐའ། དགེ་ལུགས་པ།

འཁྲུངས་འདས། ༡༤༣༣-༡༥༠༤

པཎ་ཆེན་འབུམ་ཕྲག་གསུམ་པ་མཆོག་ནི། རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ་(༡༤༣༣)ལོར་འཇམ་གསར་ལྷ་སྡིངས་ཞེས་གྲགས་པའི་ཁང་དམར་བྲག་ཁང་དུ་སྐུ་འཁྲུངས། དགུང་ལོ་བདུན་པར་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ལས་རབ་ཏུ་བྱུང༌། དེ་ནས་པཎ་ཆེན་སངས་རྒྱས་སེངྒེ་དང་བྱང་སེམས་བློ་གྲོས་རིན་ཆེན། དོལ་ཕྲུག་ཆོས་བཟང་བཅས་ལས་གཞུང་ཆེན་པོ་ལ་གསན་པ་བཙལ། དཔལ་ལྡན་ས་སྐྱ་དགོན་དུ་བཀའ་བཅུའི་བཤད་པ་མཛད། ཚིག་དོན་གྱི་བཤད་པས་ཀུན་མཁྱེན་ཆོས་རྗེ་འདུས་ཚོགས་དང་བཅས་པ་ལེགས་བཤད་བདུད་རྩིའི་མཆོད་པས་མཉེས་ཏེ། འབུམ་ཕྲག་པ་ཞེས་པའི་མཚན་སྙན་ཐོབ། དེ་ནས་སྒྲ་བ་ཤེས་རིན་དང༌། ཤངས་པ་ཀུན་དགའ་དཔལ་ལྡན་ལ་སྒྲ་ཀ་ཙན་སོགས་རིག་གནས་ཆེ་ཆུང་ལ་སྦྱངས་པ་དཔྱིས་ཕྱིན་པས་པཎྜི་ཏ་ཞེས་པའི་མཚན་ཐོགས། དགུང་ལོ་སོ་གཅིག་པ་ཆུ་ལུག་(༡༤༦༣)ལོར་ངམ་རིངས་སུ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་བཤད་པའི་སྲོལ་ཆེན་བཏོད། དགུང་ལོ་སོ་གཉིས་པ་ལ་གློ་བོ་སྨོན་ཐང་གི་ཆོས་སྡེར་འབུམ་གྱིས་གཙོས་པའི་གཞུང་ལུགས་བརྒྱ་ལ་མཁས་པའི་དགའ་སྟོན་བསྒྲུབས། རྒྱལ་བློན་འབངས་དང་བཅས་པ་ངོ་མཚར་གྱི་དཔལ་ལ་བཀོད་པས་འདོད་རྒུའི་མཆོད་པ་རྒྱ་ཆེར་ཕུལ། དགུང་ལོ་སོ་བཞི་ནས་ལོ་བཅུ་གསུམ་རིང་དུ་བློ་གསལ་དོན་གཉེར་ཉིས་བརྒྱ་སྐོར་ལ་ལེགས་བཤད་ཀྱི་བདུད་རྩི་ཅི་དགར་བསྩལ། དགུང་ལོ་ཞེ་བདུན་ནས་ལོ་བཅུའི་རིང་གནས་ངེས་མེད་དུ་འཆད་པའི་རྩོལ་བ་ལ་ཞུགས། དགུང་ལོ་ལྔ་བཅུ་ང་བདུན་པ་ས་བྱ་(༡༤༨༩)ལོར་གཙང་སྟོད་བསོད་རྒྱལ་གྱིས་མཐུན་པའི་རྐྱེན་སྦྱར་ཏེ་དཔལ་མཉན་ཡོད་བྱ་རྒོད་གཤོངས་ཀྱི་ཆོས་གྲྭ་ཆེན་པོ་བཏབ། དེའི་ཕྱི་ལོ་འཕགས་མཆོག་ཀླུ་སྒྲུབ་རྒྱལ་ཚབ་ཏུ་དབང་བསྐུར། རྗེ་ཉིད་ལོ་བཅུ་གསུམ་རིང་གནས་ངེས་མེད་དུ་ཟབ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་བདུན་ཅུར་འཕགས་མཆོག་དག་པའི་དབྱིངས་སུ་གཤེགས་པས།རྗེ་ཉིད་ཀྱིས་སླར་མཉན་ཡོད་དུ་སྔགས་ཀྱི་ཆོས་འཁོར་བསྐོར།སྟོན་པ་འཁོར་གནས་བརྟན་གྱིས་བསྐོར་བ་དྲིའི་གཙུག་ལག་ཁང་དང་བཅས་པ་བཞེངས། ཁྱད་པར་རིགས་པའི་གནད་ཟབ་མོས་བློ་གསལ་དག་ལ་ངེས་པ་བདེ་བླག་ཏུ་སྐྱེ་བ་ལ་རྗེ་འདི་ཉིད་བཀའ་དྲིན་བླ་མེད་དུ་ཆེ། ཐུགས་ལས་སྐྱེས་པའི་སློབ་མ་ཡང༌། ཐུགས་སྲས་འཕགས་མཆོག་ཀླུ་སྒྲུབ། ཨར་སྟོན། བློ་གྲོས་རྒྱ་མཚོ། ཀུན་མཁྱེན་ལྕགས་ཐང་ཆོས་རྗེ། རྒྱལ་བ་དཀོན་མཆོག་དཔལ་བ། ལྷོ་བྱང་གི་ལྷ་དབང་རྣམ་གཉིས། འཇམ་མགོན་བློ་གྲོས་བཀྲ་ཤིས་སོགས་བསམ་གྱིས་མི་ཁྱབ་པ་བྱོན། མཐར་དགུང་གྲངས་དོན་གཉིས་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་བྱི་(༡༥༠༤)ལོར་སྐུ་གཤེགས།

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། g4va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572479
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།