ངེས་ཤེས་ཆིག་བརྒྱ་མ། ཁག་དགུ་བ། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངེས་ཤེས་ཆིག་བརྒྱ་མ། ཁག་དགུ་བ། ལྡོང་ཡོན་ཏན་རྒྱ་མཚོ།
ངེས་ཤེས་ཆིག་བརྒྱ་མ། ཁག་དགུ་བ། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-26ལྟ་ཀློག (2062)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

༨༡

    ཐལ་ཆེ་བ་དང་ཚད་ལས་བརྒལ་བའི་འདོད་རྔམ་གྱིས། འགྱོད་གདུང་དང་བློ་ཕམ། རྙོག་འཛིང་དང་དཀའ་ངལ་མང་བོའི་སྣ་འདྲེན་བྱེད་འོང་བས།  ཅིས་ཀྱང་ཚད་ཡོད་པ་ལ་གོམས་པར་བྱའོ།།
 ༨༢
       ང་ཚོ་མིའི་རིགས་ཞེས་པའི་ཁྱིམ་གཞི་ཆེན་པོ་འདིའི་ནང་འཚོ་སྡོད་བྱས་ཡོད་པས། དེ་དག་གི་བདེ་སྡུག་ལ་དོ་ཁུར་དང་སྐྱིད་སྡུག་མཉམ་གཤིབ་བྱེད་དགོས་པ་ནི། ཆོས་ལུགས་པ་ཙམ་མ་ཡིན་པར་ཤེས་ལྡན་རྐང་གཉིས་སྤྱིའི་བཤོལ་མེད་ཀྱི་འགན་འཁྲི་ཞིག་ཡིན།
 ༨༣
      རང་སེམས་བྱམས་བརྩེ་དང་ཤེས་རབ་ཀྱིས་ཕྱུག་པ་ཞིག་ཡིན་ན། ཉམས་རྒུད་དང་བརྙས་བཅོས་སོགས་ལ་ཅི་མི་སྙམ་པའི་ལྷོད་བག་ཅིག་སྟེར་ཐུབ་ཀྱིན་ཡོད། ཁྱད་མཚར་བའི་ཐབས་རྩལ་འདིས་ནང་སེམས་ཀྱི་སྤྲོ་དགའ་ཡང་གོང་འཕེལ་དུ་གཏོང་ཐུབ།
 ༨༤
       ད་ལྟའི་རྒྱང་འཕེན་པ་ལ་ལ་ནི་སྔར་གྱི་རྒྱང་འཕེན་པ་ལྟ་བུ་མིན་པར་ཧ་ཅང་ཞིབ་ཚགས་པོ་ཡོད་ལ། ཡང་ད་ལྟའི་རྒྱང་འཕེན་པ་ཁག་གཅིག་གི་བློ་གྲོས་ནི་ཤིན་ཏུ་རྩིང་ཞིང་མཁྲེགས་འཛིན་ཡང་གཞན་ལས་རྒོད་པར་མངོན། 
 ༨༥
    སྐྱེ་བ་སྔ་ཕྱི་ཡོད་མེད་ཀླད་པའི་སྟེང་ཁོ་ན་ནས་འཚོལ་ལ་དགའ་མཁན་ཚོར། ཚད་མ་དང་ཚད་མིན་གྱི་བློ་དང་། རྟོག་པ་དང་རྟོག་མེད་ཀྱི་བློ་ཞེས་པ་ཞིག་ཡོད་པ་མྱོང་གྲུབ་ཡིན་ན། དེ་དག་ཀླད་པ་དང་ཀླད་རྩ་གང་ལས་བྱུང་ཞེས་པའི་དྲི་བ་ཞིག་རང་ཤུགས་ཀྱིས་ཐོན་ཡོང་གིན་ཡོད།  
 ༨༦

    དུས་རབས་ཉི་ཤུ་བ་ནི་རྡུལ་ཕྲན་མཚོན་ཆ་གསར་རྙེད་དང་དེ་ཐེངས་དང་བོར་བཀོལ་སྤྱོད་བྱས་པའི་དུས་རབས་ཤིག་ཡིན་ལ། འཛམ་གླིང་འཁྲུག་ཆེན་དང་བོ་དང་གཉིས་པ་སོགས་བྱུང་སྟེ་མི་བསད་ཁྲག་བཞུར་ཧ་ལས་པ་བྱུང་བའི་དུས་རབས་ཤིག་ཀྱང་ཡིན། འོ་ན། དུས་རབས་ཉེར་གཅིག་པ་འདིར། རིགས་མི་འདྲ་བའི་རྡུལ་ཕྲན་མཚོན་ཆ་མང་བོ་བཟོ་བར་འགྲན་རྩོད་བྱེད་བཞིན་འདུག་པས་འདིའི་མཇུག་འབྲས་ག་འདྲ་ཞིག་ཡིན་ནམ།

 ༨༧

    ད་སྐབས་ང་ཚོར་ངེས་ཤེས་མང་བོ་ཞིག་དང་དོ་སྣང་བྱེད་ཡུལ་ཡང་མང་བོ་ཞིག་སླེབས་བཞིན་པ་འདི་དུས་རབས་སྔོན་མའི་མི་དག་གིས་བསྐྱེད་འབྲས་ཡིན་ན། དུས་རབས་རྗེས་མའི་མི་དག་ལ་སེམས་ཁུར་ཆེན་མི་གཏོད་པའི་ཐབས་ཤིག་ང་ཚོས་ཀྱས་འཚོལ་འོས་པ་མིན་ནམ། 
 ༨༨
      ཕྱི་དངོས་པོའི་ཡར་རྒྱས་གཅིག་བུས་འགྲོ་བ་མིའི་དཀའ་ངལ་ཡོངས་རྫོགས་སེལ་མི་ཐུབ་པས། དུག་གསུམ་མགོ་གནོན་པའམ་སྤོང་བ་དང་།  ཕྱིན་དྲུག་དང་བདག་གཞན་མཉམ་བརྗེ་གོང་འཕེལ་དུ་གཏོང་སོགས་ནང་གི་ལས་ཀ་མང་བོ་ཞིག་ཀྱང་ལག་བསྟར་མི་བྱེད་ག་མེད་དུ་གྱུར་ཡོད། 
 ༨༩
     བྱ་འགུལ་དང་རྣམ་འགྱུར། རེའུ་མིག་དང་ཡིག་ཚགས་ཙམ་གྱིས་སློབ་བུ་ཚོའི་སློབ་སྦྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལོན་མི་ཐུབ།  
 ༩༠

   རང་ཉིད་ཀྱིས་ཉམས་མྱོང་བསགས་པ་དང་རང་ཉིད་ཀྱི་རྣམ་དཔྱོད་བཀོལ་བ་གཉིས་ནི།  གཞན་གང་གིས་ཀྱང་མཚོན་ཐབས་བྲལ་བའི་རིན་པོ་ཆེ་རེ་རེ་ཡིན།

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570858
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།