ངེས་ཤེས་ཆིག་བརྒྱ་མ། ཁག་བརྒྱད་པ། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངེས་ཤེས་ཆིག་བརྒྱ་མ། ཁག་བརྒྱད་པ། ལྡོང་ཡོན་ཏན་རྒྱ་མཚོ།
ངེས་ཤེས་ཆིག་བརྒྱ་མ། ཁག་བརྒྱད་པ། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-25ལྟ་ཀློག (1947)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

༧༡

    གནས་ལུགས་དང་མཐུན་ན་ཚན་རིག་དང་མ་མཐུན་ཡང་སྐྱོན་མེད། ཚན་རིག་དང་མཐུན་ཡང་དངོས་ཡོད་གནས་ཚུལ་དང་མ་མཐུན་ན་ཨུ་ཚུགས་རྒྱག་མི་རུང་། ཆོས་ལུགས་དང་ཁྲིམས་ལུགས་སོགས་ཀྱང་དེ་བཞིན་ནོ།།
 ༧༢
     ཁ་བཤད་དོན་ལ་གནས་པ་དང་སྒོ་གསུམ་བདེན་དྲང་གི་ལས་སུ་ཞུགས་པའི་མི་གཞིར་གས་སླད་མེད་པ་དག་ལ།  དད་པ་མ་སྐྱེས་ཀྱང་དགའ་གུས་འཕེལ་འོང་། 
 ༧༣
   བཅའ་དངོས་མང་བོ་ཞིག་རང་གིས་བཀོལ་སྤྱོད་མི་བྱེད་ཀྱང་རྩ་ཆེན་དུ་བརྩི་བ། བཤམ་སྟོན་བྱེད་པ། པར་དང་བརྙན་དུ་ལེན་པ། མཚར་སྣང་དུ་འཛིན་པ་སོགས་ཀྱི་ཚེ། དེའི་བདག་པོ་དག་ལ་ངོ་བོ་གཞན་འགྱུར་གྱི་ནད་ཅིག་གིས་ཟིན་འདུག་ཅེས་ཚིག་ཐག་ཆོད་པོས་བཤད་ཆོག  
 ༧༤
    ཆོས་འཇིག་རྟེན་གྱི་ལས་གང་ལ་ཞུགས་ཀྱང་མི་གཞི་བཟང་བོ་ནི་རྩ་བ་དང་སྲོག་ཤིང་ཉིད་དོ།།
 ༧༥
      ལྟ་སྤྱོད་གོམས་སྲོལ་དང་སྐད་ཡིག་རིག་གནས་སོགས་ཕུང་གཅིག་ཅན་དུ་བསྒྱུར་དགོས་ཟེར་བ་ནི། ཟད་མཐའ་མེད་པའི་རྙོག་འཛིང་དང་འཁྲུག་རྩོད་ཀྱི་འགོ་རྩོམ་འདོད་པ་ཡིན། 
 ༧༦
   འབྱོར་ཕྱུག་དང་དབང་ཐོབ་སོགས་ཇི་འདྲ་རྒྱས་ཀྱང་། དེའི་འོག་ཏུ་ཞི་བར་མ་གནས་པའི་སེམས་པས་སྡུག་སྐད་འདོན་བཞིན་པ་དེས།    ནང་གི་བློ་སྦྱོང་ཞེས་པ་ཞིག་མེད་ཐབས་མེད་པའི་ར་སྤྲོད་བྱས་པ་རེད། 
 ༧༧
     ང་ཚོས་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱས་པས་རྗེས་ལུས་ཐེབས་པ་མ་ཡིན་པར། དེ་ལ་ཚུལ་བཞིན་དུ་སློབ་གཉེར་དང་ཉམས་ལེན་མ་བྱས་པས་རྗེས་ལུས་ཐེབས་པ་རེད། 
  ༧༨
  སྤྱི་ཚོགས་ཀྱི་ཟུར་སྣེ་དག་ན་ནམ་རྒྱུན་སྤྲོ་སྣང་གིས་ཁེངས་པའི་མི་འགའ་རེ་མཐོང་རྒྱུ་ཡོད། ཁྱོད་དེའི་གམ་དུ་བཅར་ཏེ་དལ་མོར་རྒྱུས་ལོན་བྱོས་དང་། དེའི་ནང་སེམས་ཀྱི་ཞི་བདེའི་གནས་ཚད་ནི་ཧ་ཅང་མཐོན་པོ་ཡིན། འོན་ཀྱང་།  སྤྲོ་སྣང་ཅན་དེ་སྲིད་འཛིན་དང་ཕྱུག་བདག་སོགས་ཡིན་པའི་ངེས་པ་གཏན་ནས་མེད།  
 ༧༩
   གོང་ཚད་མཐོ་བའི་རླངས་འཁོར་སྐོར་མཁན་གྱི་གསར་བུ་ཞིག་ལ་གླེང་མོལ་འཁྱུག་ཙམ་བྱས་པས་ཁོ་བརྩེ་དུང་གིས་སྡུག་ལ་སྦྱར་ཡོད་པ་ཤེས་སོང་། སྐར་ལྔའི་མགྲོན་ཁང་གི་བདག་པོ་ཞིག་དང་མོལ་བས་ཁོ་ད་ལོའི་ཡོང་འབབ་ན་ནིང་ལས་དམའ་བའི་སེམས་སྡུག་གི་ཀློང་དུ་ཡོད་ཚུལ་བཤད་བྱུང་། སྟེས་དབང་གིས་གློག་བརྙན་འཁྲབ་སྟོན་པ་ཞིག་ངོ་ཤེས་སུ་གྱུར་མོད། ཁོ་ཡང་ཨ་སྒོར་ས་ཡ་མང་བོ་གཡོ་འཕྲོག་གི་མནར་གཅོད་ལས་མ་ཐར་བ་ཞིག་ཡིན་འདུག  སྐབས་དེར།  ངས་ཨ་མ་མྱང་ཚ་དཀར་རྒྱན་གྱི་བུ་ཆུང་ཐོས་པ་དགའ་དྲན་བྱུང་། གྲུབ་པའི་ཁྱུ་མཆོག་མི་ལ་རས་པ་ལ་ཡིད་སྨོན་སྐྱེས་བྱུང་། ཁོང་ནི་ཇི་འདྲའི་བདེ་སྐྱིད་ཀུན་འཛོམས་ཀྱི་ཕྱུག་པོ་བྲི་གང་མེད་པ་ཞིག་རེད་ཨང་། 
 ༨༠

    ཤེས་བྱའི་གནས་ལུགས་ཕྲ་རགས་ལ་གཏིང་ཟབ་མོར་དཔྱོད་ཐུབ་པའི་ཤེས་རབ་དེ་ཤིན་ཏུ་རྩ་ཆེན་པོ་དང་གལ་ཆེན་པོ་ཡིན་པ་བདེན་ཡང་། བྱམས་བརྩེའི་རམ་འདེགས་དང་བྲལ་ན་ས་ཆོད་ཆུང་ཞིང་ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཡང་ཡོད། 

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570111
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།