རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། སྨོན་ལམ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། སྨོན་ལམ་མ
རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། སྨོན་ལམ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-21ལྟ་ཀློག (2104)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བརྗེད་དཀའ་བའི་དགུན་གནང་གུང་གསེང་།  

སྨོན་ལམ་མཚོ།  གླིང་དཀར་ནེའུ་ཆུང་འཛིན་གྲྭ   

ཕ་ཡུལ། མགོ་ལོག་རྨ་ཆེན།

        དོན་ལ་ལ་ཞིག་རང་ཉིད་གང་དུ་སོང་ཡང་ནམ་རྒྱུན་བློ་ཡུལ་དང་འབྲལ་ཐབས་མེད།དོན་ལ་ལ་ཞིག་སྔ་ཕྱི་མེད་པར་བློ་ཡུལ་ནས་ཡལ་འགྲོ།ཡིན་ཡང་དགུན་གནང་བྱིན་རྗེས་ཀྱི་དོན་དག་ནི་ནམ་ཡང་བློ་ཡུལ་ནས་ཡལ་ཐབས་བྲལ།

    དགུན་གནང་བྱིན་རྗེས་ངེད་ཚང་ད་དུང་དབྱར་ས་ན་ཡོད། ཧ་ཅང་གྲང་། ཡིན་ཡང་ཉིན་ལྔའི་རྗེས་སུ། དོན་དག་གི་དབང་གིས་ཨ་ཕ་དང་ཨ་མ་ནུ་མོ་སོགས་དགུན་སར་བུད་སོང་། སྙིང་རྗེ་བའི་ནུ་བོ་་ཆུང་ཆུང་ངེད་གཉིས་དབྱར་ས་ནས་བསྡད་དེ་དགོང་མོ་ནོར་བཏགས་པ་དང་ནངས་སྔ་མོར་ལངས་ནས་འབྲི་བཞོ་བ་དང་།ཨོང་བ་ཕུད།ཆུ་ཚང་མ་འཁྱགས་རོམ་ཆགས་ཡོད། དེ་བས། ངེད་གཉིས་དར་ལེན་དུ་སོང་སྟེ་དར་བཞུ་བ་སོགས་བྱས།ཉིན་གཉིས་གསུམ་གྱི་སྔོན་ཞིག་ལ་ཁྱི་མོ་ལྡོམ་པོ་ཞིག་འགྲོ་བཞིན་ཡོད། ཉིན་གཉིས་པའི་དགོང་མོར་ཨ་མས་ངེད་མིང་སྲིང་དྲུག་ལ་ཨོང་བའི་ཁང་བ་སྙིང་རྗེ་ཆུང་ཆུང་ཞིག་བཟོས་ཡོད་པ་དེའི་ནང་དུ་ཡར་འཛུལ་མར་འཛུལ་བྱེད་ཀྱིན་འདུག ངེད་གཉིས་ཡར་ལངས་ཏེ་ཁྱི་མོར་རྡོ་མང་པོས་བརྒྱབ་ན་ཡང་མ་ཕོགཅུང་ཙམ་འགོར་རྗེས་ང་རང་སད་པ་ན་ཁྱི་མོ་ཁིམ་དུ་འཛུལ་ཡོད་།ང་རང་ཧ་ཅང་སྐྲག་ནས་ཡར་ལངས་པ་ན་མོ་ཡང་སྒོ་ཁར་བུད་སོང་། ངས་ལག་ཏུ་རྡོ་བཟུང་ནས་བསྒུག་པ་ཡིན། ཅུང་ཙམ་འགོར་རྗེས་ཡང་ཐོན་བྱུང་།  ཁྱི་མོ་ཡར་ཡོང་མར་འཛུལ་བྱས་ནས་དགོང་མོར་གཉིད་ཀྱང་མ་ཁུག སྔ་དྲོ་ངེད་གཉིས་ཡར་ལངས་ནས་འབྲི་བཞོ་བ་དང་། སྔར་དང་འདྲ་བར་ལས་ཀ་ལས།ཉིན་གཉིས་པའི་དགོང་མོར་ངེད་གཉིས་ལ་ཟ་མ་ཞོག་ཁོག་གསུམ་ཡོད་པ་དེ་བཙོས་ནས་ཟོས། ཉིན་གསུམ་པའི་དགོང་མོར་ཨ་ཕས་ཕུ་བོ་ཁྲིད་ནས་ཡོང་ཡོད། ཕྱི་ཉིན་སྔ་མོར་རུ་སྤོར་དགོས་པས་གྲ་སྒྲིག་བྱོས་ཟེར། ངས་སྡེར་མ་དང་བ་མ་ཅ་ནེ་སོགས་གཙང་མར་བཀྲུས་ནས་སྒམ་ནང་ལ་སྡུད་གསོག་བརྒྱབ། དེ་ལྟར་བྱས་ཚར་རྗེས་ཉལ་བ་ཡིན། ཕྱི་ཉིན་ང་ཚོས་ནངས་ཇ་འཐུང་ཚར་རྗེས། ཕུ་བོ་དང་ནུ་བོ་གཉིས་ཀྱིས་གུར་ནང་གི་ཅ་ལག་ཚང་མ་སྒོ་ཁར་ཕུད་པ་དང་། ཨ་ཕ་དང་ངེད་གཉིས་ཀྱིས་གུར་བརྫོགས་པ་ཡིན། དེ་ལྟར་ཅ་ལག་ཚང་མ་རླངས་འཁོར་ནང་དུ་བཞག་པ་ཡིན། ཅུང་ཙམ་འགོར་རྗེས་ཕུ་བོའི་སྣ་ལོ་ཞོན་ནས་རྫི་བོར་བུད་སོང་། ཅ་ལག་ཚང་མ་བཞག་ཚར་རྗེས། ཨ་ཕས་ང་ལ་ཁྱོ་ཤུལ་ནས་སྡོད་དེ་ཕུ་བོ་ལ་ཟ་མ་བསྐོལ་རོགས་བྱོས་ཟེར། དེ་ལྟར་ཁོ་དང་ནུ་བོ་གཉིས་བུད་སོང་། དབྱར་ས་ཧ་ཅང་གྲང་བས་ཁྱིམ་ཚང་གཅིག་ཀྱང་མེད། དེ་ལྟར་མཚེར་ཤུལ་དུ་སྒོ་ཁྱི་ལག་ཆག་དང་། ཨ་མས་བཟོས་པའི་ཨོང་ཁང་། ད་དུང་ལྕགས་ཐབ་ཅིག་ཡོད། ལྕགས་ཐབ་ཧ་ཅང་ཆེ་བས་ཨོང་ཁང་ནང་དུ་མི་ཤོང་བར་སྒོ་ཁར་བཞག་ཡོད། ང་རང་ཅུང་ཙམ་གྲང་བས་ལྕགས་ཐབ་ལ་དུད་ཁུང་སྤྲད། ངས་དུད་ཁུང་སྤྲད་མི་ཤེས་པས། ཕལ་ཆེར་དུས་ཚོད་གཅིག་རིང་ལ་དུད་ཁུང་སྤྲད་ནས་བསྡད།

          དེ་ལྟར་ང་རང་ཡང་ཐང་ཆད་ནས་དུད་ཁུང་ཐང་དུ་བཞག་ནས་ངའི་སེམས་ཤིག་ལ་ང་རང་ཅི་ཡང་མི་ཤེས་པའི་མི་ཞིག་རེད་བསམ།ཡིན་ཡང་། དགུན་ཁའི་གྲང་ངར་གྱི་གདུག་རྩུབ་རབ་ཏུ་རྒོད་པས་ང་རང་གིས་དུད་ཁུང་མི་སྤྲད་ག་མེད་རེད།ཡང་ཡར་ལངས་ཏེ་དུད་ཁུང་ལ་ཁུ་ཚུར་ཞིག་གཞུས་ནས་ཤུགས་ཡོད་དགུ་བཏོན་ཏེ་སྤྲད་པ་ན་འཕྲོད་སོང་བས་ང་རང་ཧ་ཅང་དགའ་སྟེ།གནམ་ལ་ཐེངས་གཉིས་གསུམ་ཙམ་ལ་ལྡིང་སྟེ་དེ་ནས་ཨོང་བ་བླངས་ནས་མེ་ཁ་གསོས།དུ་བ་ཡོང་ནས་ཅུང་ཙམ་འགོར་རྗེས་མེ་ལྕེ་ལྷབ་ལྷུབ་ཏུ་འབར།ང་རང་དར་ལེན་དུ་སོང་ནས་ཆུ་བསྐོལ།ང་རང་སྐྲག་སླ་ཞིང་།ཨོང་ཁང་ནང་དུ་སྒེའུ་ཁུང་མེད་པས་ང་རང་ནང་དུ་གཅིག་པུར་འདུག་མི་ཕོད།དེ་ལྟར་ང་རང་ཉིན་གང་བོར་སྒོ་ཁ་རུ་མེ་འབུད་དེ་འདུག་པ་ཡིན།དུས་ཚོད་གསུམ་ཐོག་ཕུ་བོ་ཐོན་བྱུང་། ངས་ཁོ་ལ་སྟབས་ཐུག་ཅིག་སྦངས་ཏེ་བྱིན།དགོང་མོ་ཨ་ཕ་དང་ཨ་ཁུ་གཉིས་ཀྱིས་རླངས་འཁོར་གཉིས་བསྐོར་ནས་ཐོན་བྱུང་།ཨོང་ཁང་ཧ་ཅང་ཆུང་བས་མི་གཉིས་ཨོང་ཁང་ནང་དུ་བསྡད་པ་དང་ཨ་ཕ་དང་ངེད་གཉིས་སྒོ་ཁར་བསྡད་དེ་ཟ་མ་ལས།ཟ་མ་ཟོས་ཚར་རྗེས།ཨ་ཕ་ངེད་གཉིས་རླངས་འཁོར་ནང་དུ་ཉལ་བ་ཡིན།དགོང་མོར་ཧ་ཅང་གྲང་བས་ང་དང་ཕུ་བོ་གཉིས་ཀྱི་ཁ་པར་གློག་རྫས་ཟད་སོང་།

   སྔ་མོར་ཁངས་ཉུང་ཙམ་བབས་ཡོད།ང་རང་ཡར་ལངས་ཏེ་ནངས་ཇ་བསྐོལ།ནངས་ཇ་འཐུང་ཚར་རྗེས།རྟ་གཉིས་བཟུང་ནས་ང་དང་ཕུ་བོ་གཉིས་ཀྱིས་ཟོག་དེད་ཤོག་ཟེར།ང་རང་ད་རེས་ཀྱི་འདི་དང་ཟོག་འདེད་ཐེངས་གཉིས་པ་ཡིན།ལོ་བརྒྱད་ཡིན་སྐབས་ང་དང་ཨ་ཕ་གཉིས་ཀྱིས་ཟོག་དེད་པ་ཡིན།ཡིན་ཡང་ད་བར་དུ་ལོ་མང་པོར་རྟ་མ་ཞོན་པ་ཡིན།ངས་ཨ་ཕ་ལ་རྟ་མི་ཞོན་ཞེས་བཤད་པ་ན།ཨ་ཕས་རྟ་མ་ཞོན་ན་ཐག་རིང་བས།རྐང་ཐང་དུ་འགྲོ་མི་ཐུབ་ཟེར་བས་ངས་རྟ་མི་ཞོན་ག་མེད་རེད།ང་དང་ཕུ་བོ་གཉིས་ཀྱིས་ཟོག་དེད་པ་ཡིན།དུས་ཚོད་གཉིས་འགོར་རྗེས་ལམ་ཁ་ནས་ཁོང་གཉིས་ཀྱིས་ངེད་གཉིས་ལ་བསྒུག་ཡོད།ཨ་ཁུས་ད་ཐེངས་ཁོ་གཅིག་པུས་དེད་ཡོང་ཟེར་ནས་བུད་སོང་། ང་ཚོས་དེའི་དགོང་མོར་འདུག་ས་བཙལ་ནས་བསྡད་པ་ཡིན།གྲང་ངར་ཧ་ཅང་ཆེ་བས།ཆུ་ཚང་མ་འཁྱགས་རོམ་ཆགས་ཡོད་པས་ང་ཚོ་དུས་ཚོད་གཉིས་ལྷག་ལ་ཆུ་བཙལ་དུ་སོང་།ཅུང་ཙམ་འགོར་རྗེས་ཆུ་མགོ་ཞིག་ན་ཆུ་ཡོང་བཞིན་ཡོད་པས་ང་ཚོས་དེའི་མགོ་ནས་ཆུ་བ་ཟོ་གཉིས་བླངས།ང་ཚོས་རླངས་འཁོར་ནང་ནས་ཟ་མ་བསྐོལ་བ་ཡིན།དེ་ལྟར་ཟ་མ་ཁོལ་ཚར་རྗེས་ཨ་ཁུ་ཐོན་བྱུང་།ང་ཚོས་ཟོས་ཚར་རྗེས།ང་དང་ཨ་ཕ་གཉིས་རླངས་འཁོར་གཅིག་གི་ནང་དུ་ཉལ་བ་དང་།ཨ་ཁུ་དང་ཕུ་བོ་གཉིས་ཀྱང་རླངས་འཁོར་གཞན་ནང་དུ་ཉལ་བ་ཡིན།ཁོ་གཉིས་ཟོག་གི་གམ་དུ་སོང་ནས་ཉལ།

    དགོང་མོར་ངེད་གཉིས་ཧ་ཅང་གྲང་བས་གཉིད་ཀྱང་མ་ཁུག སྔ་མོར་ང་ཡར་ལངས་ནས་ནངས་ཇ་བསྐོལ་བའི་སྐབས་སུ།ཨ་ཁུ་ཡོང་ནས་རྟ་སྒ་བསྟད་དེ་ཁོས་ཟོག་དེད་དེ་འགྲོ་རྒྱུ་ཡིན་འདི་ལྟར་བསྡད་ཚེ་གསོན་འཁང་བརྒྱབ་འགྲོ་ཟེར་ནས་ཟོག་དེད་དེ་བུད་སོང་།སྐབས་དེར་ཇ་སྐོལ་བྱེད་འཁང་ནས་མི་འབར།ཨ་ཕས་ཁོ་རང་གི་ཕོ་བར་གླན་ནས་དྲོས་སུ་བཅུག་ཅིང་དེ་ལྟར་དུས་ཚོད་ཡུད་ཙམ་འགོར་རྗེས།ངེད་གཉིས་ཀྱིས་ཆུ་རྫ་མ་གང་ཁོལ།ཡིན་ཡང་།གྲང་ངར་ཧ་ཅང་ཆེ་བས་གཅིག་ཀྱང་འབར་མི་ཐུབ།ཆུ་རྫ་མ་གང་བོ་ཁྱེར་ནས་གློག་སྣོད་སྟེང་དུ་བླུགས་པ་ན་རླངས་འཁོར་འབར་ཐུབ་པ་དང་།ནངས་ཇ་ཡང་མ་འཐུང་བར་ལམ་ལ་ཆས།ཨ་ཁུས་ཐག་རིང་ཞིག་ལ་དེད་དེ་ལམ་ཁ་ཞིག་ན་ཁོ་རང་བསྡད་ཡོད།

   ཁོས་བེའུ་བུ་ཆུང་ཆུང་ཞིག་འདེད་ཀྱིན་ཡོད།ང་ཚོ་བབས་པ་ན།ཁོས་བེའུ་དེ་འགྲོ་ཐུབ་ཀྱིན་མེད་པས་རླངས་འཁོར་ནང་དུ་འཇོག་དགོས་ཟེར།ཡང་ང་དང་ཕུ་བོ་གཉིས་ཀྱིས་ཟོག་དེད་པ་ཡིན།དུས་ཚོད་གཅིག་འགོར་རྗེས།ཨ་ཕ་དང་ཨ་ཁུ་གཉིས་ཀྱིས་བསྒུག་ཡོད།ངེད་གཉིས་ཐོན་པ་ན།ཨ་ཕས་ཟ་མ་བསྐོལ་ཡོད་པས་ངེད་གཉིས་ཀྱིས་ཟ་མ་ཟོས་པ་དང་ངས་འདེད་ཟེར་ནས་བུད་སོང་།དེ་ལྟར་ངེད་གཉིས་ཀྱིས་ཕྱི་དྲོའི་དུས་ཚོད་གཉིས་ཐོག་ནས་ད་གཟོད་ཟ་མ་ཟོས་པ་ཡིན།ཟོས་ཚར་རྗེས་ང་ཚོས་རླངས་འཁོར་བསྐོར་ཏེ་ཨ་ཕས་རྗེས་སུ་བསྙེགས།ཨ་ཕའི་གམ་དུ་ཐོན་པ་ན་བབས་ཏེ་ཁོང་ལ་འདེད་རོགས་བྱས།དུས་ཚོད་གསུམ་ལ་ཐོན་རྗེས།ཨ་ཕ་དང་ཕུ་བོ་གཉིས་ཡུལ་ལ་སོང་སྟེ་འདེད་རོགས་ཁྲིད་ཡོང་ཟེར།ང་དང་ཨ་ཁུ་གཉིས་ཀྱིས་ཟོག་བགོས་ནས་ཁོ་རང་གིས་སྔོན་མ་དེད་ནས་སོང་།ང་རང་གིས་རྗེས་མ་དེད་དེ།དེ་ལྟར་ང་ཚོའི་ཡུལ་ཚོ་རུ་སླེབས་དུས་ངེད་ཚང་གི་འབྲི་རོག་རོག་གཅིག་ལྕགས་རའི་ནང་དུ་འཛུལ་ནས་ཕྱིར་འཕུད་མི་ཐུབ།ངས་ཡར་བདའ་མར་བདའ་གང་མང་བྱས་མཐར་འཛིན་ཐུབ་སོང་བ་དང་ཨ་ཁུའི་ལྕགས་ར་མནན་ཏེ་ངེད་གཉིས་ཀྱིས་ད་གཟོད་སྒོར་ཕུད་ཐུབ་སོང་།དུས་ཚོད་ལྔ་ལ་ཐོན་རྗེས་ཨ་ཕ་དང་ནུ་བོ་དང་ནུ་མོ།ཕུ་བོ་སོགས་ཐོན་ཏེ་ང་དང་ཨ་ཁུ་གཉིས་ཀྱིས་རླངས་འཁོར་ནང་ནས་ཆུ་འཐུང་ནས་བསྡད།དུས་ཚོད་བདུན་ལ་ཐོན་དུས་ང་ཡང་རླངས་འཁོར་ནང་ནས་བབས་ཏེ་འདེད་རོགས་བྱས།ཕུ་བོ་དང་ནུ་མོ་ཨ་ཁུ་སོགས་ནང་དུ་བསྡད་དེ་བུད་སོང་།ཕུ་བོ་ཆེ་བ་དང་ཨ་ཁུ། ནུ་བོ་ང་ཚོས་དེད་པ་ཡིན།ལམ་བར་དུ་ཁྱིམ་ཚང་ཞིག་གི་ལྕགས་ས་རའི་སྒོ་ཕྱེས་ཡོད་པས།ནོར་ལྔ་ནང་དུ་འཛུལ་སོང་།ཨ་ཕ་དང་ཕུ་བོ་གཉིས་དེ་ལྔ་བོའི་རྗེས་ལ་སོང་།ང་དང་ནུ་བོ་གཉིས་ཀྱིས་མུ་འཐུད་དུ་དེད་དེ་སོང་།ངེད་གཉིས་ཀྱིས་དེད་ནས་མཚམས་ཤིག་ལ་སླེབས་དུས་ཁྱིམ་ཚང་དེ་རུ་ཁྱི་མང་པོ་ཡོད་པས།ང་དང་ནུ་བོ་གཉིས་ཟོག་ནང་དུ་སོང་ནས་དེད།མཚན་མོ་ཡིན་པ་དང་ཟླ་བ་ཤར་མེད་པས་མུན་པ་རུབ་དྲགས་ཏེ་ལམ་མི་རིག་པས་ང་རང་ཐེངས་མང་པོར་ཐང་ལ་འགྱེལ།ངེད་གཉིས་ཀྱིས་དེད་དེ་ཐག་རིང་ཞིག་ཏུ་སོང་ན་ཡང་ཁོ་གཉིས་ད་དུང་རིག་རྒྱུ་མེད།ང་རང་ཡང་ཅུང་ཙམ་སྐྲག་སྣང་སྐྱེ་བ་ཞིག་རེད་དེ་ངེད་གཉིས་ཡོད་སར་ཁྱིམ་ཚང་གཅིག་ཀྱང་མེད་པར་གང་ས་གང་དུ་མུན་པ་རྔམ་མཐུག་པོ་ཞིག་གིས་གཡོགས་ཡོད།ཟོག་གི་རྨིག་སྒྲ་མ་གཏོགས་གཅིག་ཀྱང་་མི་གོམཚན་མོ་ཧ་ཅང་ལྷིང་འཇགས་ཡིན།ཅུང་ཙམ་འགོར་རྗེས་ཨ་ཕ་དང་ཕུ་བོ་གཉིས་ཀྱིས་ཟོག་དེད་དེ་ཐོན་བྱུང་།ང་ཚོས་དེད་དེ་དུས་ཚོད་བཅུ་ལ་སླེབས་རྗེས་ཨ་ཁུ་དང་ཕུ་བོ་གཉིས་ཀྱིས་རླངས་འཁོར་ནང་དུ་བསྒུག་ཡོད།

             ཨ་ཁུས་ང་དང་ཨ་ཕ་ནུ་བོ། ནུ་མོ་སོགས་ཡུལ་ལ་སོང་ཟེར་ནས་ང་ཚོ་ལམ་ལ་ཆས། ཡུལ་ལ་ཐོན་པ་ན། ཨ་མས་ཟ་མ་བསྐོལ་ཡོད།ངས་ཕལ་ཆེར་ཉིན་ཉི་ཤུ་ལ་སྐྲ་མ་བཀྲུས་པས།ངས་སྐྲ་བཀྲུ་བ་དང་རྐང་བ་བཀྲུས། ང་དེ་རིང་ཧ་ཅང་ཐང་ཆད་ཡོད།

             ཡིན་ཡང་། ད་ཐེངས་ཀྱི་ཉིན་འདི་དག་གི་རིང་ལ་ངས་དོན་མང་པོ་ཞིག་ཤེས་སོང་།རྟ་ཞོན་ཤེས་པ།ཟོག་ཇི་ལྟར་འདེད་དགོས་པ།ངས་ད་དུང་ཕ་མས་ང་ཚོས་བརྗོད་དུ་མི་ལང་བའི་དཀའ་སྡུག་མང་པོ་མྱངས་བཞིན་པ་ཤེས་སོང་།

གསལ་བཤད། ལྷུག་རྩོམ་འདི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་གཉིས་པ་ཐོབ།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23567789
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།