དཔེ་ཆ་བ་སྡུག་རུས་ཅན་ལ་འབྱུང་། བསེ་ཚང་བློ་བཟང་དཔལ་ལྡན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »དཔེ་ཆ་བ་སྡུག་རུས་ཅན་ལ་འབྱུང་། བསེ་ཚང་བློ་བཟང་དཔལ་ལྡན།
དཔེ་ཆ་བ་སྡུག་རུས་ཅན་ལ་འབྱུང་། བསེ་ཚང་བློ་བཟང་དཔལ་ལྡན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-19ལྟ་ཀློག (2467)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་བཀའ་སློབ་ཟིན་ཐོ།     

དཔེ་ཆ་བ་ཞིག་འཁྱོངས་དགོས་ན་སྡུག་རུས་བྱ་དགོས། ཤེས་རབ་གཅིག་པོར་བསྟེན་ན་ཡུན་ཐུང་ལ་ཕུག་མི་རིང་། དེ་བས་བརྩོན་འགྲུས་ཀྱི་གྲོགས་བསྟེན་རྒྱུ་ཤིན་ཏུ་གལ་ཆེ། ཉིན་གྱི་ཁར་མཚན་བཞག་ནས་དཔེ་བལྟས་མ་བྱས་ཚེ་ཨ་གསར་ཙམ་གྱིས་དཔེ་ཆ་བ་ཞིག་འཁྱོངས་མི་ཐུབ། གནའ་སྔོན་མ་དགེ་བཤེས་ཚོས་ལོ་ནས་ལོར་སྐེ་རགས་མ་ཁྲོལ་བར་ཉིན་མཚན་གཉིས་ཀར་དཔེ་བལྟས་ཁོ་ནས་དུས་འདའ་བས་ན་དགེ་བཤེས་ཟེར་བ་རེ་ལྷང་ལ་བུད་ནས་ཡོང་གི་ཡོད་པ་རེད།  

དེང་སང་དེ་འདྲའི་རིགས་ལ་བརྩོན་པ་བསྐྱེད་པ་ཧ་ཅང་གི་ཉུང་ཉུང་རེད། འཚོ་བ་བཟང་། རིག་རྒྱུ་གོ་རྒྱུ་མང་། ཟང་ཟིང་གི་ཁོར་ཡུག་ཇེ་རྫོབ་ཡིན་པ། ལེ་ལོ་དང་སྒྱིད་ལུག་ཇེ་ཆེ། རྐྱེན་དེ་དག་གི་དབང་གིས་དཔེ་བལྟས་ལ་བར་ཆད་ཐེབས་པ་རེད། 

འཚོ་བ་དང་འདོད་ཡོན་ཅུང་ཙམ་རེ་ལག་མགོར་འབྱར་ན་རང་སེམས་གདོན་གྱིས་བཟུང་ནས་དཔེ་ཁྲིད་དཔེ་བལྟས་ལ་རྒྱང་བཀྱེད་ནི་རེད། འདི་ལ་རྗེ་ཙོང་ཁ་བ་ཆེན་པོས་ངའི་བསྟན་པ་ལ་གཞན་གྱིས་སྦྱོར་བ་བརྩམས་ཏེ་གནོད་འཚེ་ཡིས་བཤིག་མི་ཐུབ་ལ་འདོད་ཡོན་གྱིས་འཇིག་ངེས་ཞེས་གསུངས་པ་ཇི་བཞིན་འདོད་ཡོན་ཇི་ལྟར་རྒྱས་ན་བསྟན་པར་དེ་ལྟར་གནོད། 

 དཔེར་ན་དེང་སང་གི་དགོན་པ་ཆུང་ཆུང་གི་གྲོང་ཆོག་བཞིན་ནོ།། གྲོང་ཆོག་ལ་ཆུ་བཞུར་བཞུར་བྱས་ནས་ཁྱོད་མཁས་ང་མཁས་ཟེར་མཁན་མང་ཡང་། ཚོགས་ཆོས་གྲྭར་ང་གཞོལ་ཁྱོད་གཞོལ་བྱེད། དེ་འདྲ་བྱེད་པ་ནི་འཆད་ཉན་རྒུད་པའི་སྔ་བལྟས་ཡིན་པས་དེའི་རིགས་ལ་སུས་ཀྱང་གཟབ་དགོས། ད་བར་རང་ཅག་སུ་ལའང་སྡུག་རུས་མེད་པས་གཙོ་བོ་དེས་ལན་པ་རེད། སྐྱིད་སྐྱིད་ཀྱི་སྣེ་ལ་དཔེ་ཆ་བ་མེད། མཁས་པ་དང་དཔེ་ཆ་བ་ཚོ་སྡུག་རུས་ཅན་ལ་འབྱུང་། ང་ཚོ་ཚང་མས་སྡུག་རུས་དང་བརྩོན་པ་བྱ་དགོས།   ཞེས་གསུངས།

བསེ་ཚང་ཡིད་བཞིན་ཆོས་ཚོམས་ཀྱི་འཕྲིན་སྟེགས་ལས་བཤུས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 86xl བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23571318
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།