ངེས་ཤེས་ཆིག་བརྒྱ་མ། ཁག་གསུམ་པ། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། » ངེས་ཤེས་ཆིག་བརྒྱ་མ། ཁག་གསུམ་པ། ལྡོང་ཡོན་ཏན་རྒྱ་མཚོ།
ངེས་ཤེས་ཆིག་བརྒྱ་མ། ཁག་གསུམ་པ། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-18ལྟ་ཀློག (1400)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


           ངེས་ཤེས་ཆིག་བརྒྱ་མ།             

ལྡོང་ཡོན་ཏན་རྒྱ་མཚོ།      

༢༡

     རྨོངས་དད་དང་ཨུ་ཚུགས། མཁྲེགས་འཛིན་དང་སྒེར་གཅེས་ལས་བྱུང་བ་མ་ཡིན་པར། འཐད་ལྡན་དང་ཁུངས་ལུང་། མངོན་སུམ་མྱོང་གྲུབ་སོགས་ལས་རྙེད་པའི་ཚད་ཐུབ་ཡིད་ཆེས་ཀྱིས། མི་ཚེར་ཟད་མཐའ་མེད་པའི་མཛེས་སྡུག་དང་ཡང་དག་པའི་ལམ་སྟོན་བྱེད་ཐུབ།
 ༢༢
   བདེ་སྐྱིད་ལ་དགའ་བ་ནི་དབུགས་ལྡན་ཡོངས་ལ་བདོག་པའི་ཐུན་མོང་གི་བསམ་བློ་ཞིག་རེད། འོན་ཀྱང་། རིག་གནས་ཀྱིས་བསྐྱེད་པའི་བག་ཆགས་དང་སློབ་གསོའི་སྒུལ་ཤུགས། ཁོར་ཡུག་གི་ཤུགས་རྐྱེན། སྐྱེས་སྦྱངས་བློ་གྲོས་སོགས་ཀྱིས། བདེ་སྐྱིད་ཀྱི་ངོས་འཛིན་མི་འདྲ་ལ་ཐོབ་འབྲས་ཀྱང་མི་མཚུངས། གང་ལྟར། ཡོད་ཚད་ཀྱི་དམིགས་ཡུལ་བདེ་སྐྱིད་ལ་ཕྱོགས་ཡོད།  
༢༣
     བདེ་སྡུག་ཅེས་པའང་གཙོ་བོ་སེམས་ཀྱིས་བསྐྱེད་ཅིང་སེམས་ཀྱི་མྱོང་རོལ་བྱེད་སྟངས་ཤིག་ཡིན་ན། སེམས་བཟོ་བཅོས་བྱེད་པ་ལས་ལྷག་པའི་བདེ་སྐྱིད་འཚོལ་ཐབས་ཤིག་གང་ན་ཡོད།  
༢༤
  ཟོལ་མེད་རྣམ་དག་གི་བྱ་སྤྱོད་ཅིག་ཡིན་མིན་ནི། ཕ་རོལ་བོར་མནའ་བསྒགས་པ་དང་རང་གིས་མོ་ལུང་ཞུ་བ་སོགས་བྱེད་མི་དགོས་ཏེ། ཁྱོད་ཀྱིས་གཟབ་ནན་ངང་གཟིགས་དང་། ཕལ་ཆེར་ཞིག་ཕ་རོལ་བོའི་མིག་གིས་བལྟ་སྟངས་དང་བཞིན་གྱི་རྣམ་འགྱུར་ལས་མངོན་འོང་། 

༢༥

    བདེ་སྐྱིད་ཅེས་པ་བཙལ་ནས་རྙེེད་རྒྱུ་ཡོད་པ་ཞིག་ཡིན་ཡང་། བརྩད་ནས་འཕྲོག་རྒྱུ་ཡོད་པ་ཞིག་ཡིན་མི་སྲིད། དེའི་ཕྱིར། བདེ་སྐྱིད་དང་ཞི་བདེའི་ཆེད་དུ་དམག་འཁྲུག་བརྒྱག་དགོས་པར་བརྗོད་པ་ནི། སྲིད་དོན་པ་དག་གི་ཁ་གཡང་དང་གཡོ་འཕྲུལ་ཞིག་ཅི་ལ་མིན། 
 ༢༦
       ཡུན་རིང་འདྲིས་ཤིང་གོམས་པར་གྱུར་ན་གཅན་གཟན་རི་སྐྱེས་དང་འདབ་ཆགས་སྒོ་ཕྱུགས་དག་གིས་ཀྱང་སྙིང་ཉེ་ཉེ་བྱེད་མོད། མི་མང་བོ་ཞིག་གིས་ཡུན་རིང་འགྲོགས་ཏེ་ནང་རྒྱུས་ལོན་རྗེས་ཚུར་རྒོལ་བྱེད་འོང་། སྐབས་ལ་རེར་བཟང་ངན་དང་མཆོག་དམན་གྱི་ཚད་ཐིག་ཀྱང་འཇོག་རྐྱང་མ་རེད། 
 ༢༧
       རང་ཉིད་ཀྱིས་རྫུན་བཤད་མྱོང་བ་དང་བྱ་བ་མ་རུང་བ་ཡང་བསྒྲུབས་མྱོང་བ། རྣམ་གཡེང་དང་རོལ་རྩེད་ལ་དགའ་བ་སོགས་སྐྱོན་ཆ་མང་བའི་ཚུལ་ལ་སོམས་དང་། ཕ་རོལ་བོའི་སྐྱོན་ཆ་འགའ་ཞིག་ལ་བཟོད་སྒོམ་དང་གུ་ཡངས་བྱེད་ཐུབ། བཟོད་སྒོམ་དང་གུ་ཡངས་ཀྱི་ཟིལ་ཤུགས་དེས། ནམ་ཞིག་ཕ་རོལ་བོ་ཡང་ལེགས་ལམ་དུ་ཞུགས་སྲིད། 
 ༢༨
    ལག་འཇུ་བྱེད་པ་དང་འཛུམ་དཀར་སྟོན་པ། གུས་ལན་སློག་པ་དང་ཐོད་པ་གཏུགས་པ། ལེགས་སོ་བརྗོད་པ་དང་བཟང་བརྡ་སྟོན་པ་སོགས་ཀྱིས་ཀྱང་ཚོར་བདེ་སྟེར་ཞིང་བར་ཐག་ཇེ་ཉེར་གཏོང་མོད། ནང་སེམས་ཀྱི་ཁ་དོག་འདྲེས་ཤིང་གཞན་གྱི་དགེ་མཚན་ཁས་ལེན་པའི་བློ་སྤོབས་ཡོད་ན། མཐུན་སྒྲིལ་གྱི་གོང་བུ་གཅིག་ཏུ་འགྱུར་འགྲོ།
 ༢༩
       ས་ཆེན་ཡོམ་ཡོམ་སྒུལ་བའི་སྐྱེས་ཆེན་ཞིག་གིས། དལ་ལྷོད་ངང་གད་བདར་བ་ཞིག་ལ་འཚོ་བའི་གླེང་མོལ་བྱས་པས། གད་བདར་བ་དེ་དང་དེའི་རིགས་དག་སྤྲོ་དགའ་ཆེན་པོས་རང་རང་གི་བྱ་བར་ཞུགས་སྐད། དེའི་ཕྱིར། ཅི་ཙམ་མཐོ་རུ་ཕྱིན་ཡང་ཐོག་མའི་རྐང་རྗེས་དཔར་སའི་ས་གཞི་དང་དེའི་བཀའ་དྲིན་བརྗེད་མི་རུང་། 
 ༣༠

       རང་གིས་རང་ལ་ཡིད་ཆེས་ཡོད་པའི་མིས། ཉམ་ཆུང་རླབས་ཆེན་དུ་བསྒྱུར་ནུས་པ་དང་། དཀྱུས་མ་ངོ་མཚར་ཅན་དུའང་བསྒྱུར་ཐུབ་པས། རང་ཉིད་ཀྱི་འཇོན་ནུས་དང་བློ་སྤོབས་ལ་མཐོང་ཆུང་དང་ཁྱད་གསོད་གཏན་ནས་བྱེད་མི་རུང་ངོ་།  །

མུ་འགོད།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 64va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23571341
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།