ངེས་ཤེས་ཆིག་བརྒྱ་མ། ཁག་གཉིས་པ། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངེས་ཤེས་ཆིག་བརྒྱ་མ། ཁག་གཉིས་པ། ལྡོང་ཡོན་ཏན་རྒྱ་མཚོ།
ངེས་ཤེས་ཆིག་བརྒྱ་མ། ཁག་གཉིས་པ། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-17ལྟ་ཀློག (1465)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

༡༡

རླབས་ཆེན་གྱི་སྐྱེས་བུ་མང་བོ་ཞིག་ཆེས་ཐ་ཤལ་གྱི་མི་བུ་རེས་མེད་པར་བཟོ་འགྲོ།   འདི་ལ་ནག་ཕྱོགས་ཀྱི་དབུ་འཕང་མཐོ་བ་ཟེར་རམ་སྙམ།


༡༢

    ང་ཤེས་རབ་རྒྱ་མཚོ་རེད། ཁོ་བློ་བཟང་སྦྱིན་པ་ཡིན། ཚུལ་ཁྲིམས་ནས་བསྐུར།  ཟ་མ་རྒྱག་ཏུ་འགྲོ། ཆུ་གྲང་མོ་འཐུང་རྒྱུ་མེད། ཟས་སྣུམ་པོ་ཟ་རྒྱུ་མེད་སོགས་བོད་སྐད་མ་ཡིན་ཞེས་བརྗོད་ག་ལ་རུང་ཡང་། བོད་སྐད་རྣམ་དག་མིན་ནོ་ཞེས་ཚིག་ཐག་ཆོད་པོས་བཤད་ཆོག་གོ།།


༡༣

     དལ་འབྱོར་གྱི་ཆོས་བཅོ་བརྒྱད་ལས་ལོག་ལྟ་ཅན་ཡིན་མིན་རང་གིས་རང་ཉིད་ལ་འདྲི་དགོས་ཤིང་། གཞན་དག་ཚང་མིན་ཡུལ་དུས་གནས་བབས་སོགས་ལ་ལྟོས་ནས་ཐག་གཅོད་ཐུབ་པོ།།

 ༡༤

      དཔེ་ཀློག་ཉིན་མོ་དང་། དཔེ་ཀློག་བྱ་འགུལ་སོགས་མང་བོ་ཞིག་འབྲི་ཞིང་བརྗོད་ཀྱིན་འདུག་མོད། བོད་སྐད་རྣལ་མའི་གཤིས་ལ། དཔེ་ཆར་བལྟ་བ། དཔེ་ལྟས་བྱེད་པ། དཔེ་གཟིགས་གནང་བ་ཞེས་སུ་མི་བརྗོད་དམ། ཀློག་ཅེས་པ་ནི། ཡི་གེའི་སྦྱོར་ཀློག  ཨ་ཁུ་ཀློག་འདོན་པ། ཀློག་སློབ་པའི་དགེ་རྒན་སོགས་སུ་སྦྱོར་ན་འཚམ།

 ༡༥
      ཟས་ཐུན་གཅིག་གམ་ཞག་གཅིག་གི་མགྲོན་བདག་བྱས་པ་ལའང་བཀའ་དྲིན་ཞུ་ཞིང་ངོ་སོ་བསྟོད་པར་བྱེད་ན། སྐྱེ་རྒུ་ཡོད་དོ་ཅོག་གཏན་བདེའི་གོ་འཕང་ལ་འགོད་འདོད་ཀྱི་བསམ་སྤྱོད་ཁྱད་པར་བ་ལ་བསྔགས་བརྗོད་དང་གོང་བཀུར་བྱེད་པ་ནི་ཆེས་ཆེར་འོས་ཤིང་རིགས་པ་ཞིག་གོ།།  

 ༡༦
       སློབ་གཉེར་འཕྲོ་བསྐྱུར་བྱས་ཏེ་མཇལ་སྐོར་དུ་འགྲོ་བ་དང་། སྡོམ་ཁྲིམས་སྣང་མེད་དུ་བཞག་སྟེ་སྦྱིན་གཏོང་བྱེད་པ། ཆོས་འཇིག་རྟེན་གཉིས་ཀ་མ་འཁྱོངས་པར་བརྐྱང་ཕྱག་གི་འགྲན་རྩོད་ལ་ཞུགས་པ། ཐད་གཏོང་དང་མགྱོགས་འཕྲིན་གྱི་ནང་དུ་སྟོན་རྒྱུ་དང་། སྐད་འཕྲིན་དང་པོད་འཕྲིན་སོགས་སུ་འགོད་རྒྱུའི་ཆེད་དུ་ཕྱག་མཆོད་འབུལ་བའི་བརྙན་ཐུང་ལེན་པར་བྲེལ་བ་སོགས་ནི།  སྡིག་པ་མ་ཡིན་ན་བཟང་བ་ལས་ངོས་གཙང་བའི་དགེ་བ་ཞིག་ཡིན་ཐབས་མེད་དོ།།

  ༡༧

    སྔོན་ཆད་དཔེ་ཆར་བལྟ་ས་མི་རྙེད་པའི་དཀའ་ཁག་མང་བོ་ཡོད་ལ། ད་སྐབས་དཔེ་ཆར་བལྟ་མི་ཐུབ་པའི་གནད་དོན་ཞིག་འབྱུང་བཞིན་ཡོད། འདི་ལ་འགྱུར་ལྡོག་ཟེར་བ་ལས་ཡར་རྒྱས་ཟེར་ཐབས་མེད་དོ།།
          
 ༡༨
    ཆོས་ཉན་པའི་སྣོད་རུང་ཡིན་མིན་དང་།ཆོས་ཉན་ཆོག་མི་ཆོག་ཅེས་པའི་དོན་ནི་ཁ་ཁ་དང་སོ་སོ་ཡིན་ནོ།།
          
 ༡༩

 དགེ་འདུན་གྱི་སྡེ་དང་སངས་རྒྱས་ཀྱི་བསྟན་པ་གཉིས་གནས་ན་མཉམ་གནས་དང་འཇིག་ན་མཉམ་འཇིག་ཡིན་འདུག་ཨང་།

 ༢༠

 བྱ་བཞག་རླབས་ཆེན་ཞིག་གི་འགོ་རྩོམ་རྒྱུ་དེ་འདྲའི་མི་དཀའ་ཡང་རྒྱུན་སྐྱོང་ཞིང་ལེགས་འགྲུབ་བྱེད་རྒྱུ་ནི་ཧ་ཅང་དཀའ་བས། དགེ་མཚན་ཆེ་ན་ཡང་རང་གི་འཇོན་ནུས་ལས་བརྒལ་བའི་བྱ་བ་མང་བོ་ཞིག་མ་བརྟགས་མ་དཔྱད་པར་བསྒྲུབ་རྒྱུ་ཞེས་ཁས་ལེན་བྱེད་སྔ་མི་རུང་སྟེ། འཇིག་རྟེན་གཏམ་དཔེར་ཡང་། ཆུ་མོའི་ཞེང་ལ་མ་བལྟས་པའི། །ཕོ་གཞོན་རྐྱལ་དེ་སྨྱོ་རྐྱལ་ཡིན།  །ཞེས་ཟེར་བ་ལྟར་རོ།  །

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570664
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།