ངེས་ཤེས་ཆིག་བརྒྱ་མ། ཁག་དང་བོ། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངེས་ཤེས་ཆིག་བརྒྱ་མ། ཁག་དང་བོ། ལྡོང་ཡོན་ཏན་རྒྱ་མཚོ།
ངེས་ཤེས་ཆིག་བརྒྱ་མ། ཁག་དང་བོ། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-16ལྟ་ཀློག (1650)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ངེས་ཤེས་ཆིག་བརྒྱ་མ།  

ལྡོང་ཡོན་ཏན་རྒྱ་མཚོ།

   ཁྱོད་ཀྱིས་ཅི་ཙམ་ཕངས་སེམས་དང་རེ་བ་བྱས་ཀྱང་། ཤོར་ཟིན་པའི་དངོས་པོ་དག་ཕྱིར་འོང་དཀའ་བས། དང་ལེན་དང་བློས་གཏོང་གི་སྙིང་སྟོབས་ཤིག་ཡོད་དགོས།


    འགྱུར་ལྡོག་མང་བ་ནི་མི་ལ་ལའི་རང་གཤིས་སམ་སྙིགས་དུས་ཀྱི་རྟགས་མཚན་ཞིག་ཡིན་ན།  དེ་ལ་འཁང་ར་འཁོན་སེམས་འཆང་ཡང་དགོས་ཕན་མེད། དེ་བས། རང་གི་སྒོ་གསུམ་དྲང་བོར་བསྲོངས་ཏེ་བརྟན་བརླིང་གིས་བཞུགས་ཐུབ་ན། མང་བོ་ཞིག་སྔར་གྱི་རང་མལ་ལ་དལ་གྱིས་འཁོར་འོང་།  

     ཉེན་ཁ་བརྒྱུད་མ་མྱོང་བའི་མི་ལ་རླབས་ཆེན་གྱི་བྱས་རྗེས་ཟེར་བ་ཞིག་ཕལ་ཆེར་སྟོན་རྒྱུ་མེད་དེ།  ཐ་ན། ལུས་སྲོག་ལོངས་སྤྱོད་སོགས་ཀྱིས་ཀྱང་བྱ་བཞག་གང་རུང་བསྒྲུབ་ཐུབ་པའི་དཔའ་བོ་དག་ཕེབས་ཤུལ་ན།  རླབས་ཆེན་གྱི་བྱས་རྗེས་མང་བོའི་གཟི་བྱིན་འཚེར་གྱིན་ཡོད།  

 ༤
    འཆི་བ་མི་རྟག་པ་སྒོམ་ཟེར་བ་ནི་འཇིགས་ཤིང་འཁུམས་ནས་སྡོད་པའི་དོན་མ་ཡིན་པར། དུས་ཚོད་སྐར་ཆ་རེ་རེའང་འཕྲོ་བརླག་ཏུ་མ་བཏང་བར་དོན་ལྡན་གྱི་བགྱི་བར་བརྩོན་པ་ཞིག་ལ་བྱའོ།།

 ༥
    ཀུ་རེ་བརྩེ་བའམ་དགོད་ཁ་སློང་བ། ཁ་འཛིང་བྱེད་པའམ་ཆགས་གཏམ་བརྗོད་པ། བསླབ་བྱ་གཏོང་བའམ་སེམས་གཏམ་མོལ་བ། རིགས་ཞེན་སློང་བའམ་སྡུག་གཏམ་བཤད་པ་སོགས་གང་བྱས་ཀྱང་། རང་གི་ཁེ་ཕན་གང་རུང་ལ་དམིགས་ཤིང་ཕ་རོལ་བོ་མགོ་རྨོངས་པར་བྱེད་པའི་ཐབས་ཇུས་ཤིག་ཡིན་ཚེ། དེའི་མཇུག་འབྲས་ནི་འགྱོད་གདུང་དང་མིག་ཆུ་ལས་གཞན་མེད་དོ།།

      རང་ཉིད་ལ་བྱང་ཆ་ཡོད་ཅིང་ཆེད་ལས་ཀྱི་རིགས་དག་དང་འབྲེལ་ནས་གཏམ་བརྗོད་སྤེལ་ན་ལེགས་པ་ལས། མཁས་པ་ཆེ་གེ་མོས་གསུང་གིན་ཡོད་པས་ངས་ཀྱང་ཨུ་ཚུགས་བྱེད་དགོས་སྙམ་པ་ནི། སྟག་མཆོངས་སར་ཝ་མཆོངས་པ་ལས་མ་འདས་པས་ཉེན་ཁར་འཕྲད་སྲིད། དཔེར་ན། སྒྱུ་རྩལ་བ་ཁ་ཅིག་གིས་སློབ་གསོའི་རྣམ་བཞག་འཆད་པ་དང་། རི་ཁྲོད་པ་རེ་འགས་ཁྱིམ་སྐྱོང་གི་ཐབས་ལམ་སྟོན་པ་ལྟ་བུའོ། །འོན་ཀྱང་། སྒྱུ་རྩལ་བའི་ནང་ན་སློབ་གསོ་བ་མེད་པར་བརྗོད་པ་སོགས་ནི་མ་ཡིན་ནོ།།

   རྒྱུད་བཞིའི་དགོངས་པ་དང་སློབ་དཔོན་མཁས་པའི་མན་ངག་ལྟར་བསྡེབས་པའི་བོད་སྨན་གྱིས། བཅོས་དཀའ་བའི་ནད་སངས་དྲག་ཏུ་འགྲོ་ཐུབ་པ་སོགས་ནི། གསོ་རིག་གི་གཟི་བྱིན་དང་ཁྱོད་ཀྱི་འཇོན་ནུས་ཀྱང་ཡིན་མོད། ཚུལ་དེས་ཁྱོད་ཉིད་གྲུབ་དབང་ཡིན་པ་མི་མཚོན་པས། གོས་ཆེན་སེར་བོ་མནབ་ཅིང་ཁྲི་མཐོན་པོར་འདུག་པ། ལུང་བསྟན་ཐོགས་མེད་དུ་འཆད་པ་སོགས་དང་རིང་དུ་གྱེས་ན་ལེགས་སོ།།

 ༨
     སྐད་གྲགས་ཅན་རེ་འགས་དགེ་ཚུལ་སློང་གི་བསླབ་ཁྲིམས་ལ་གནས་བཞིན་དུ་གཟན་ཤམ་ཐབས་རྩེད་ཆས་ལྟར་བཀོལ་བ། སྒྲུང་བར་འཁྲུལ་ཏེ་བུད་མེད་ཀྱི་ཆ་ལུགས་ལ་གནས་པ། ཁྱད་ཆོས་ཤིག་ཏུ་བསམ་སྟེ་ཆོས་འདུལ་བའི་བཅས་ཁྲིམས་སྣང་མེད་དུ་འཇོག་པ་སོགས་ཀྱིས། བསྟན་པར་རྨ་འབྱིན་ཅིང་རང་ཉིད་རྒུད་པའི་དོང་དུ་འཕངས་དང་འཕེན་བཞིན་ཡོད་དོ།།

 ༩
    དྲང་བདེན་བརྗོད་དོ།།གནས་ལུགས་བགྲང་ངོ་།།དོན་དངོས་འཚོལ་ལོོ།།སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་དོ་ལོའི་བསམ་ཚུལ་ཁག་ཅིག་གིས། གྲུབ་མཐའ་དཀྲུགས་ཤིང་རུ་སྡེ་ཕོངས་ལ་སྦྱོར་བ། གང་ཟག་སྒེར་བ་ལ་ལ་མི་གྲལ་ནས་ཕུད་ཅིང་ལས་གནས་ནས་བཤོལ་བ་སོགས་ཀྱང་བྱུང་དང་འབྱུང་གིན་ཡོད་པས། མཚམས་རེར་བསམ་བློ་ནང་དུ་བསྐོར་ཏེ་བག་ཡོད་པ་ལ་གནས་རྒྱུའང་གལ་ཆུང་དོན་ཆུང་ཞིག་མ་ཡིན་ནོ།།

 ༡༠

     དོན་དངོས་ལ་མི་དཔྱོད་པར་དེ་མ་ཐག་འུར་ཆིལ་ལེར་འདྲོག་འགྲོ་བ་ནི། གླེན་པ་དང་ཅོལ་ཆུང་ཡིན་པར་མཚོན་པ་ལས། བསམ་བློ་སྔོན་ཐོན་དང་དུས་ཀྱི་འཁོར་ཕྱོགས་ཤེས་པའི་རྟགས་མཚན་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།།

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23571674
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།