སློབ་གླིང་གསར་འགྱུར། དབྱིན་ཡིག་ངག་རྩལ་འགྲན་སྡུར་ཆེན་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། དབྱིན་ཡིག་ངག་རྩལ་འགྲན་སྡུར་ཆེན་མོ།
སློབ་གླིང་གསར་འགྱུར། དབྱིན་ཡིག་ངག་རྩལ་འགྲན་སྡུར་ཆེན་མོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-10ལྟ་ཀློག (1617)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

དབྱིན་ཡིག་ངག་རྩལ་འགྲན་སྡུར་ཆེན་མོ།  

  ༢༠༢༣ལོའི་སྤྱི་ཟླ་༤ཚེས་༡༠ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་མཉམ་འབྲེལ་སྒོས་ལོ་རེ་འཆར་ཅན་ལྟར་སྤེལ་བའི་དབྱིན་ཡིག་ངག་རྩལ་འགྲན་སྡུར་ཆེན་མོ་སྐབས་དགུ་བ་སྒྲ་སྒྱུར་གཙུག་ལག་གླིང་དུ་གཟབ་རྒྱས་ངང་སྤེལ་ཞིང་།  འགྲན་སྡུར་བྱ་འགུལ་འདི་ལ་དབྱིན་གླུ་དང་། དབྱིན་སྐད་ཀྱི་གཏམ་བཤད།   དབྱིན་སྐད་ཀྱི་བཞད་གར། དབྱིན་སྐད་གྱེར་འདོན་སོགས་ཀྱི་འགྲན་སྡུར་ཡོད་ཅིང་། འདི་ལ་བརྟེན་ནས་མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱི་སློབ་མ་རྣམས་ཀྱི་དབྱིན་སྐད་ཀྱི་སྨྲ་ལྕེ་དང་སྤོབས་པ། ཕན་ཚུན་གྱི་མིག་དཔེ་སོགས་ལ་སློབ་སྦྱོང་གི་སྐུལ་སློང་བྱེད་ཀྱིན་ཡོད།  དཔྱད་འདེམས་དགེ་རྒན་རྣམ་པས་ཀྱང་འགྲན་ཞུགས་སློབ་མ་རེ་རེའི་སྨྲ་ལྕེ་དང་སྒྲ་གདངས། ནང་དོན།  ཉམས་འགྱུར་སོགས་ཕྱོགས་མང་བོ་ཞིག་ལ་གཞིགས་ནས་འདྲ་མཉམ་དང་དྲང་བདེན།  གཟབ་ནན་གྱི་ངང་ནས་དཔྱད་འཇོག་གི་སྐར་མ་གནང་བར་མ་ཟད། འགྲན་ཞུགས་སློབ་མ་སོ་སོས་རང་རང་གི་དབྱིན་སྐད་ཀྱི་བྱང་ཚད་རྣམ་པ་མི་འདྲ་བའི་འཁྲབ་སྟོན་སྣ་ཚོགས་ཀྱི་ལམ་ནས་འདོན་སྤེལ་གནང་། མཇུག་ཏུ་དཔྱད་འདེམས་དགེ་རྒན་རྣམ་པས་དབྱིན་སྐད་ཀྱི་ལམ་ནས་སྤྱི་སྡོམ་གྱི་གཏམ་བཤད་གནང་བར་མ་ཟད། དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་སློབ་གྲྭ་གཉིས་ཀྱིས་མཉམ་དུ་སྤེལ་བའི་དབྱིན་སྐད་འགྲན་སྡུར་གྱི་དམིགས་ཡུལ་དང་འབྲེལ་ནས་གཞན་སྐད་ཤེས་པའི་དགེ་མཚན་ཕྱོགས་ནས་གསུང་བཤད་གནང་། 
ཐེངས་འདིའི་དབྱིན་ཡིག་ངག་རྩལ་འགྲན་སྡུར་ལ། 

གཏམ་བཤད་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན། མཐོ་གཉིས་གཉིས་པའི་བློ་བཟང་འཇམ་དཔལ།    ཨང་གཉིས་པ་ཐོབ་མཁན།  མཐོ་གཉིས་དང་བོའི་ནོར་བུ་ཚེ་བརྟན།  

གླུ་དབྱངས་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན།  མཐར་ཕྱིན་དང་བོའི་བསོད་ནམས་དོན་གྲུབ།    མཐར་ཕྱིན་དང་བོའི་བསོད་ནམས་འབྱུང་གནས།    ཨང་གཉིས་པ་ཐོབ་མཁན་མཐོ་གཅིག་དང་བོའི་ལྷ་མོ་སྐྱབས།   འཕྲིན་ལས་རྡོ་རྗེ།    

གྱེར་འདོན་འགྲན་སྡུར་ཁྲོད།   ཨང་དང་བོ་ཐོབ་མཁན་མཐར་ཕྱིན་དང་བོའི་རྣམ་རྒྱལ་བཀྲ་ཤིས།   མཐར་ཕྱིན་དང་བོའི་མཁས་འཇུག  ཨང་གཉིས་པ་ཐོབ་མཁན་རྩྭ་ཐང་བུ་མོའི་སློབ་གྲྭའི་ཇི་སྙེད་མཚོ།    སྒྲོལ་མ་སྐྱིད།    

བཞད་གར་འགྲན་སྡུར་ཁྲོད། ཨང་དང་བོ་ཐོབ་མཁན་མཐོ་གཉིས་གཉིས་པའི་སྐྱིད་དགའ་བཀྲ་ཤིས།  གུ་རུ་འོད་ཟེར།  སྐལ་བཟང་བློ་གྲོས།    རྣམ་རྒྱལ་ཚེ་རིང་།   བསྟན་འཛིན་ཚེ་རིང་།   ཨང་གཉིས་པ་ཐོབ་མཁན་མཐར་ཕྱིན་གཉིས་པའི་དབང་སྟོབས།     བསོད་ཕུན།   རྟ་མགྲིན་ཚེ་རིང་།  ཀིརྟི་ཚེ་རིང་།   དགེ་འདུན་ལྷུན་གྲུབ་བཅས་ཡིན་ནོ། ། 

ཕུལ་བྱུང་འཛིན་གྲྭ།  མཐར་ཕྱིན་དང་བོ་བཅས་ལ་ཐོབ་ནས་གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་ཏེ་མཇུག་བསྡུས་སོ།།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23577599
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།