རྩྭ་ཐང་བུ་མོའི་སློབ་གྲྭའི་ལྷུག་རྩོམ་ཆེད་བཀོད། ཁ་ལ་ཡུག རྩོམ་འབྲི་བ། རིག་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་སློབ་གྲྭའི་ལྷུག་རྩོམ་ཆེད་བཀོད། ཁ་ལ་ཡུག ར
རྩྭ་ཐང་བུ་མོའི་སློབ་གྲྭའི་ལྷུག་རྩོམ་ཆེད་བཀོད། ཁ་ལ་ཡུག རྩོམ་འབྲི་བ། རིག་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-05ལྟ་ཀློག (3895)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཁ་ལ་ཡུག    

རིག་མཚོ།   རེ་བའི་མེ་དཔུང་འཛིན་གྲྭ

      

དགུན་ཁའི་གྲང་ངར་ང་ཚོ་དང་བར་ཐག་ཇེ་རིང་དུ་སོང་བ་དང་མཉམ་དུ། དྲོད་འཇམ་གྱི་རླུང་བུས་ཡུན་རིང་གཉིད་དུ་ཡུར་བའི་རྩྭ་རྩི་ཤིང་རྣམས་ལ་ཕུ་བཏབ་ནས་གཉིད་ལས་བསླངས། ལྕང་སྡོང་དང་སྐྱུར་སྡོང་གིས་མཉེན་ལྕུག་གི་ཡལ་འདབ་ལྷུག་ལྷུག་ཏུ་སྒུལ་བཞིན། དཔྱིད་ཀྱི་དཔལ་མོ་དགའ་བའི་འཛུམ་གྱིས་བསུ། ཡུན་རིང་ལ་གྱེས་པའི་ཁ་ལ་ཡུག་ལྷོ་ཕྱོགས་ནས་ཕྱིར་ང་ཚོའི་ཕ་ཡུལ་དུ་སླེབས་བྱུང་།        

གཟའ་ཉི་མ་ཞིག་གི་སྔ་དྲོར། ང་རང་གྲོགས་མོ་འགའ་དང་མཉམ་དུ་ངེད་ཚང་གི་ལྷས་རའི་ནང་དུ་རྩེད་བཞིན་ཡོད། གློ་བུར་དུ་ངའི་རྣ་ལམ་དུ་བྱིའུས་སྐད་སྙན་སྒྲོག་བཞིན་པ་ཐོས། ངས་མགོ་བོ་ཡར་དགྱེས་ནས་བལྟས་ཚེ། ཕ་གིའི་སྡོང་མགོ་རུ་ཡིད་དུ་འོང་བའི་ཁ་ལ་ཡུག་གཉིས་བབས་འདུག  དེ་གཉིས་ཀྱི་ལུས་ཧྲིལ་བོའི་སྒྲོ་སྤུ་ནི་ནག་ཀྱུག་ཀྱུག་བྱེད་ཅིང་འོད་འཚེར་བ་དང་བྲང་ཁ་གངས་ལྟར་དཀར་བོ་ཡིན། ལྡེམ་མྱུར་ལྡན་པའི་གཤོག་སྒྲོ་བར་མེད་དུ་འགུལ་ཞིང་། སྤྱང་གྲུང་ལྡན་པའི་མིག་ཟུང་གིས་ཕྱོགས་བཞིར་བལྟ་བཞིན་འདུག   

   ང་ཚོས་མྱུར་དུ་རྩེད་མཚམས་བཞག་ནས་དེ་གར་གྲགས་འགུལ་ཅི་ཡང་མེད་པར་ཁ་རོག་གེར་བསྡད་པ་ན་ཅང་མ་འགོར་བར་ཁ་ལ་ཡུག་དེ་གཉིས་འཕུར་སོང་། ང་ཚོས་ཡིད་ཕངས་པའི་ངང་ནས་སླར་ཡང་རྩེད་མོ་རྩེ་མགོ་བརྩམས་པ་ན། ཁ་ལ་ཡུག་དེ་གཉིས་ཡང་བསྐྱར་ཕ་གིའི་གློག་སྐུད་སྟེང་དུ་བབས། ང་ཚོ་མ་གྲོས་རང་མཐུན་གྱིས་ཁ་རོག་གེར་བསྡད་ནས་བལྟས་པ་ན། ཁ་ལ་ཡུག་དེ་གཉིས་ཀྱིས་ངེད་ཚང་གི་ཁང་བའི་བྱ་འདབ་འོག་ཏུ་ཚང་བཟོ་བར་སྟ་གོན་བྱེད་བཞིན་ཡོད།        

   ཁ་ལ་ཡུག་གཅིག་གིས་ཁ་ནང་གི་འདམ་བག་རིལ་རིལ་ཞིག་བཟོས་རྗེས། བྱ་འདབ་འོག་ཏུ་གདུང་མའི་ཐོག་ལ་མཆུ་ཏོས་བསྣུན་ཏེ་བཞག་རྗེས་སྒོར་འཕུར་སོང་བ་དང་། ཁ་ལ་ཡུག་ཅིག་ཤོས་དེས་ཀྱང་གདུང་མའི་ཐོག་ཏུ་འདམ་བག་ཁྱེར་ནས་ཡོང་བ་དང་། ཡང་ཁ་ལ་ཡུག་གཞན་པ་དེ་སྒོར་འཕུར་སོང་། དེ་གཉིས་ཀྱིས་དེ་ལྟར་ཡང་སྐོར་བསྐྱར་སྐོར་བྱས་ཏེ་ཐེངས་མང་པོར་ཕར་འཕུར་ཚུར་འཕུར་བྱས་ནས་དུས་ཡུན་ཇི་ཙམ་འགོར་བ་མ་ཤེས་མོད། འོན་ཀྱང་། དེ་གཉིས་ཀྱི་ཚང་དེ་སྒོར་དབྱིབས་ཕྱེད་ཀ་ལྟ་བུ་ཞིག་བརྩིགས་ཡོད་པར་མ་ཟད། ཚང་གི་སྣེ་གཉིས་ཀ་གདུང་མ་དང་དམ་པོར་སྦྲེལ་ཡོད། 

   ལས་ལ་བརྩོན་པའི་ཁ་ལ་ཡུག་དེ་གཉིས་ཀས་ངལ་གསོ་ཅུང་ཙམ་ཡང་མི་བྱེད་པར། ད་དུང་སྔར་བཞིན་ཡང་སྐོར་བསྐྱར་སྐོར་དུ་ཕར་འཕུར་ཚུར་འཕུར་བྱས་ཏེ།འདམ་བག་སྐྱེལ་ནས་ཚང་བརྩིགས་པས་ཚང་སྒོ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ལ། མཇུག་མཐར་ཚང་སྒོ་ནི་ཁ་ལ་ཡུག་རང་ཉིད་ནང་དུ་འཛུལ་ཐུབ་པ་ཙམ་ལས་བསྐྱུར་མེད།ཚང་བཟོས་ནས་ཡོངས་གྲུབ་བྱས་རྗེས་ཁ་ལ་ཡུག་གཉིས་ཀ་སྔ་གཞུག་བྱས་ནས་འཕུར་སོང་།       

    ཉིན་གཉིས་འགོར་བ་ན། ཁ་ལ་ཡུག་དེ་གཉིས་སླར་ཡང་ངེད་ཚང་གི་ར་སྐོར་ནང་དུ་འགུལ་སྐྱོད་བྱེད་བཞིན་ཡོད་དེ། དེ་གཉིས་ཀྱིས་རྩྭ་དང་བལ་སྤུ། གཤོག་སྒྲོ་བཅས་ཁུར་ནས་རང་གི་ཚང་ནང་དུ་བཏིང་བ་རེད། དེ་གཉིས་ཀྱི་ལས་ཀ་ཡོངས་རྫོགས་ལེགས་གྲུབ་བྱུང་རྗེས། ད་གཟོད་དྲོ་ཞིང་འཇམ་ལ་བདེ་ཞིང་སྐྱིད་པའི་ཚང་ནང་དུ་འཛུལ་བ་དང་། སྐབས་འགར་མགོ་བོ་ཕྱིར་བསྲིངས་ནས་ཅ་ཅོའི་སྐད་སྙན་སྒྲོག་བཞིན་དུ་ང་ཚོ་རྩེད་འཇོར་རོལ་བ་ལ་ལྟད་མོ་ལྟ་བཞིན་མཆིས།       

   ཨ་མས་བཤད་པ་ལྟར་ན། ཁ་ལ་ཡུག་གིས་ཚང་བཟོ་བྱེད་ཀྱི་འདམ་བག་ནི་ཁོ་ཚོ་རང་གི་ཁ་ཆུ་ཁོ་ན་སྤྱད་དེ་བཟོས་པ་རེད་ཟེར། ང་ཡ་མཚན་པའི་ངང་ཡིད་དུ་འོང་བའི་ཚང་དེ་ལ་ཡང་ཡང་བལྟས་ནས། ཁ་ལ་ཡུག་གི་སྙིང་སྟོབས་དང་བརྩོན་སེམས་ལ་རྗེས་སུ་ཡི་རང་མི་བྱེད་ཀ་མེད་བྱུང་། དེ་ནས་བཟུང་ལོ་རེའི་དཔྱིད་ཀ་སླེབས་མ་ཐགངས་ཁ་ལ་ཡུག་དེ་གཉིས་ངེད་ཚང་གི་བྱ་འདབ་འོག་ཏུ་ཚང་བཟོ་རུ་ཡོང་བར་ཉིན་མཚན་དབྱེར་མེད་དུ་རེ་སྒུག་བྱས་ནས་བསྡད་པ་ཡིན་ནོ། །

གསལ་བཤད། ལྷུག་རྩོམ་འདི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་དང་པོ་ཐོབ།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23567620
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།