ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པ་སྤེལ་བའི་གནས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པ་སྤེལ་བའི་གནས་ཚུ
ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པ་སྤེལ་བའི་གནས་ཚུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-04ལྟ་ཀློག (2376)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 ༄༅། །གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པ་སྤེལ་བའི་གནས་ཚུལ་རགས་བསྡུས།


             དེ་རིང་སྟེ་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་བཞི་པའི་ཚེས་གཅིག་སྟེ་རེས་གཟའ་སྤེན་པའི་ཉིན་ངེད་སློབ་གྲྭའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་གཟེངས་བསྟོད་བྱེད་སྒོ་ཡིག་གཟུགས་ཐོན་མིའི་བྲིས་རིས་སྒྱུ་རྩལ་གླིང་དུ་སྤེལ། ཚོགས་ཐོག་ཏུ་དགེ་སློབ་ལྔ་བརྒྱ་ལྷག་ཅིག་ཟབ་ཞུགས་བགྱིས་པ་དང་། ཐོག་མར་མདོ་འཛིན་པའི་གཏམ་དུ་བྱེད་སྒོ་འདི་ཉིད་སྤེལ་བའི་དམིགས་ཡུལ་དང་རྒྱུ་མཚན་སོགས་གསལ་བཤད་ཞིབ་རྒྱས་སུ་བགྱིས་ཤིང་རིམ་བཞིན་བྱེད་སྒོ་དངོས་སུ་ཞུགས་པ་འདི་ལྟར་ལགས།   ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་རྣམས་ལ་སྔར་སྲོལ་བཞིན་གྱི་དཔྱད་འདེམ་གོ་རིམ་བརྒྱུད་པ་དང་། དེ་དག་ལས་ཨང་དང་པོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། བཞི་པ་བཞི་དང་རྟིང་སྐུལ་བཅུ།  

   དེ་ལས་གཞན་དུ་ཐེངས་སྔོན་མ་དག་དང་མི་འདྲ་བའི་ཆ་ལ་ད་རེས་དུས་ནམ་རྒྱུན་རྩོམ་འབྲིར་འདུན་པ་རྩེ་གཅིག་ཏུ་གཞོལ་བ་དང་། རྩོམ་ཡིག་བྲིས་པའི་སྤུས་ཚད་དང་གྲངས་ཀ་སློབ་གྲོགས་གཞན་ལས་དམིགས་བསལ་གྱིས་བརྒལ་བ་སྟེ། ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་སུ་ཨང་རིམ་མ་ཟིན་པའི་སློབ་གྲོགས་ཉི་ཤུ་ལྷག་ལ་རྩོམ་འབྲིའི་ཡར་སྐུལ་གྱི་གཟེངས་སྐྱེས་སྤྲད།དེར་མཐུད་ཐེངས་འདིའི་འགྲན་སྡུར་ཁྲོད་རྟིང་སྐུལ་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་རྣམ་པར་གཟེངས་སྐྱེས་སྤྲད་པ་སྟེ། དངོས་སྟོབས་རིག་པའི་འཛིན་གྲྭའི་སློབ་གྲོགས་གུ་རུ་མཚོའི་བརྩམས་ཆོས་རྟ་ནོར་ལུག་གསུམ་ཞེས་དང་། སློབ་གྲོགས་ཆོས་དབྱིངས་ལྷ་མོའི་བརྩམས་ཆོས་བཞུད་སྔ་བའི་ཁྱེད་ཉིད་ལྷག་ཏུ་དྲན་ཞེས་པ། གླིང་དཀར་ནེའུ་ཆུང་འཛིན་གྲྭའི་སློབ་གྲོགས་འཕགས་མོ་སྒྲོལ་མའི་བརྩམས་ཆོས་ང་དང་མེ་ཏོག་གངས་ལྷའི་གཏམ་རྒྱུད་ཅེས་དང་སློབ་གྲོགས་བསམ་འགྲུབ་སྒྲོལ་མའི་བརྩམས་ཆོས་ང་ཡི་དཔེ་དེབ་ཀློག་སྟངས་ཞེས་པ། སློབ་གྲོགས་གཡུ་སྒྲོན་གྱི་བརྩམས་ཆོས་དབྱར་གནང་དང་ངའི་འཚོ་བ་ཞེས་དང་སློབ་གྲོགས་གཡང་འཛོམས་སྐྱིད་ཀྱི་བརྩམས་ཆོས་མོན་ཡུལ་རྡོར་གཅོད་ཅེས་པ།  སློབ་གྲོགས་ཚེ་རིང་ལྷ་མོའི་བརྩམས་ཆོས་སྐད་ཡིག་གི་རིན་ཐང་དང་ནུས་པ། ལྷག་བསམ་པད་དཀར་འཛིན་གྲྭའི་སློབ་གྲོགས་བསོད་ནམས་སྒྲོལ་མའི་བརྩམས་ཆོས་ཨ་ཕའི་ལྷད་མེད་ཀྱི་ལྷག་བསམ་ཞེས་དང་། རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་ཚེ་འཚམས་ཀྱི་བརྩམས་ཆོས་ཞིམ་མངར་ལྡན་པའི་བརྩེ་བ་ཞེས་དང་སློབ་གྲོགས་སྣང་སེམས་ལྷ་མོའི་བརྩམས་ཆོས་བརྗེད་དཀའ་བའི་འདས་དོན་བཅས་སུ་སོ་སོར་རྟིང་སྐུལ་བྱ་དགའ་ཐོབ་པ་དང་། 

   བྱ་དགའི་གཟེངས་སྐྱེས་སུ་མཁས་དབང་མཁྱེན་རབ་འོད་གསལ་གྱི་སུམ་རྟགས་འགྲེལ་བ་པོད་གཅིག་གི་བདག་ཉིད་ཅན་དང་རྒྱལ་རབས་གསལ་བའི་མེ་ལོང་པོད་གཅིག་གི་བདག་ཉིད་ཅན། དཔལ་སྟག་རི་རི་བོ་རྩེ་ལྔ་པོད་གཅིག་གི་བདག་ཉིད་ཅན། ཨ་མའི་སློབ་གསོ་པོད་གཅིག་གི་བདག་ཉིད་ཅན། ཕྱིང་ལྭ་དཀར་པོ་དང་མཁའ་འགྲོ་མའི་ཐང་ཆུ་སོ་སོར་པོད་གཅིག་གི་བདག་ཉིད་ཅན་དང་གཟི་བརྗིད་དཔང་ཡིག་བཅས་ཏེ་ཁྱོན་དམངས་སྒོར་བརྒྱ་དང་ལྔ་བཅུ་ལྷག་རི་བའི་བྱ་དགའ་བསྩལ།   དེར་མཐུད་ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་རྩོམ་པ་པོར་བྱ་དགའ་བསྩལ་བ་འདི་ལྟར་ལགས་ཏེ། དངོས་སྟོབས་རིག་པའི་འཛིན་གྲྭའི་སློབ་གྲོགས་རྨད་བྱུང་མཚན་ལྡན་གྱི་བརྩམས་ཆོས་ཕ་ཡུལ་དང་ངའི་འཚོ་བ་ཞེས་དང་། ལྔ་རིག་ལྷག་བརྩོན་འཛིན་གྲྭའི་སློབ་གྲོགས་མེ་མཚོའི་བརྩམས་ཆོས་མ་ཡུམ་དུས་ཆེན་ཞེས་པ། ལྷག་བསམ་པད་དཀར་འཛིན་གྲྭའི་སློབ་གྲོགས་རྡོ་རྗེ་སྒྲོལ་མའི་བརྩམས་ཆོས་དཔེ་ཁུག་བཅས་སུ་སོ་སོར་ཨང་གསུམ་པའི་བྱ་དགའི་གཟེངས་སྐྱེས་སྤྲད་པ་སྟེ། བྱ་དགའི་གཟེངས་སྐྱེས་སུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཧོར་གླིང་གཡུལ་འགྱེད་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་དང་། སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་དཔལ་སྟག་རི་རི་བོ་རྩེ་ལྔ་དང་ཨ་མའི་སློབ་གསོ་ཞེས་པ་སོ་སོར་པོད་གཅིག་གི་བདག་ཉིད་ཅན། འཇུ་སྐལ་བཟང་གི་ལྷུག་རྩོམ་པོད་གཅིག་གི་བདག་ཉིད་ཅན། བོད་ཀྱི་དེང་རབས་སྒྲུང་ཐུང་ཕྱོགས་སྒྲིག་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན། གྱི་ལིང་འཇིགས་མེད་ཀྱི་སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ་ཞེས་དང་ལྷུག་རྩོམ་མྱུར་ལམ་ཞེས་པ་སོ་སོར་པོད་གཅིག་གི་བདག་ཉན། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་བརྩམས་ཆོས་ཝ་ནག་ལུང་པ་ཞེས་པ་པོད་གཅིག་གི་བདག་ཉིད་ཅན། དམའ་འབྲིང་སློབ་མའི་ལྷུག་རྩོམ་ཕྱོགས་བསྡུས་དེབ་ལང་ཚོའི་འགྱུར་ཁུགས་ཞེས་པ་པོད་གཅིག་གི་བདག་ཉིད་ཅན་དང་གཟི་བརྗིད་དཔང་ཡིག་བཅས་ཏེ་ཁྱོན་དམངས་སྒོར་སུམ་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ།           

    དེར་མཐུད་ཨང་བཞི་པ་ཐོབ་པའི་རྩོམ་པ་པོར་བྱ་དགའ་བསྩལ་བ་ལགས་ཏེ།དངོས་སྟོབས་རིག་པའི་འཛིན་གྲྭའི་སློབ་གྲོགས་བསོད་ནམས་སྒྲོལ་མའི་བརྩམས་ཆོས་ཁྱིམ་དུ་ཡོད་པའི་ངའི་དགེ་རྒན་ཞེས་དང་། དངོས་སྟོབས་རིག་པའི་འཛིན་གྲྭའི་སློབ་གྲོགས་དར་མཚོའི་བརྩམས་ཆོས་ངའི་ཨ་མ་ཞེས་པ།གླིང་དཀར་ནེའུ་ཆུང་འཛིན་གྲྭའི་སློབ་གྲོགས་ལྡོམ་པོ་སྐྱིད་ཀྱི་བརྩམས་ཆོས་སྔོན་ཆད་ཀྱི་མ་ཡུམ་སློབ་གྲྭ་དང་ད་ལྟའི་ངའི་མིག་མདུན་གྱི་མ་ཡུམ་སློབ་གྲྭ་ཞེས་པ། རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་པདྨ་མཚོ་སྐྱིད་ཀྱི་བརྩམས་ཆོས་བརྗེད་དཀའ་བའི་སློབ་ཆུང་གི་འཚོ་བ་བཅས་སུ་སོ་སོར་ཨང་བཞི་པའི་བྱ་དགའ་ཐོབ་པ་དང་། བྱ་དགའི་གཟེངས་སྐྱེས་སུ་སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་དཔལ་སྟག་རི་རི་བོ་རྩེ་ལྔ་ཞེས་དང་ཨ་མའི་སློབ་གསོ་ཞེས་པ་སོ་སོར་པོད་གཅིག་གི་བདག་ཉིད་ཅན་དང་། རྩོམ་པ་པོ་བཀྲ་བྷ་ལགས་ཀྱི་བརྩམས་ཆོས་སྒྲུང་གཏམ་ལ་འཇུག་པའི་སྒོ་ཞེས་དང་རླུང་ཞེས་པ་སོ་སོར་པོད་གཅིག་གི་བདག་ཉིད་ཅན། འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ་ཞེས་པ་པོད་གཅིག་གི་བདག་ཉིད་ཅན། མཁར་གྲོང་གི་རྨི་ལམ་སྐྱ་བོ་ཞེས་པ་པོད་གཅིག་གི་བདག་ཉིད་ཅན། གཟི་བརྗིད་དཔང་ཡིག་བཅས་དམངས་སྒོར་ཉིས་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ།           

     དེར་མཐུད་ཐེངས་འདིའི་འགྲན་སྡུར་ཁྲོད་གླིང་དཀར་ནེའུ་ཆུང་འཛིན་གྲྭའི་སློབ་གྲོགས་སྨོན་ལམ་མཚོའི་བརྩམས་ཆོས་བརྗེད་དཀའ་བའི་དགུན་གནང་གི་འཚོ་བ་ཞེས་དང་། རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་ཡི་དམ་མཚོའི་བརྩམས་ཆོས་ཕ་ཡུལ་ཞེས་པ་སོ་སོར་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། བྱ་དགའི་གཟེངས་སྐྱེས་སུ་སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་དཔལ་སྟག་རི་རི་བོ་རྩེ་ལྔ་དང་ཨ་མའི་སློབ་གསོ་ཞེས་པ་སོ་སོར་པོད་གཅིག་གི་བདག་ཉིད་ཅན། ཤེས་བྱ་ཀུན་ཁྱབ་པོད་སྟོད་སྨད་གསུམ་གྱི་བདག་ཉིད་ཅན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཧོར་གླིང་གཡུལ་འགྱེད་ཅེས་པ་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན། དེབ་ཐེར་སྔོན་པོ་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན། བོད་ཀྱི་དེང་རབས་ལྷུག་རྩོམ་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་དང་གཟི་བརྗིད་དཔང་ཡིག་བཅས་དམངས་སྒོར་བཞི་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ།            

     དེར་མཐུད་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས་ཟུང་སྒྲོག་འདོན་བགྱིས་པ་སྟེ། གླིང་དཀར་ནེའུ་ཆུང་འཛིན་གྲྭའི་སློབ་གྲོགས་སྨོན་ལམ་མཚོའི་བརྩམས་ཆོས་བརྗེད་དཀའ་བའི་དགུན་གནང་གི་འཚོ་བ་ཞེས་པ་རང་སློབ་གྲྭའི་སྐད་ཡིག་དགེ་རྒན་ཀུན་བཟང་ལྷ་མོ་དང་དབྱིན་ཡིག་དགེ་རྒན་ཀུན་བཟང་སྐྱིད་གཉིས་ཀྱིས་སྒྲོག་འདོན་བགྱིས་པ་དང་། རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་ཡི་དམ་མཚོའི་བརྩམས་ཆོས་ཕ་ཡུལ་ཞེས་པ་རང་སློབ་གྲྭའི་སྐད་ཡིག་དགེ་རྒན་ཚེ་རིང་མཚོ་ལགས་ཀྱིས་སྒྲོག་འདོན་བགྱིས།     དེར་མཐུད་ཐེངས་འདིའི་འགྲན་སྡུར་ཁྲོད་མཐར་ཕྱིན་སྐབས་བཅུ་པ་སྟེ་རེ་བའི་མེ་དཔུང་འཛིན་གྲྭའི་མི་སྒེར་སྒེར་དེབ་བརྩམས་ཆོས་“ཡིག་འབྲུའི་དྲིན་གཟོའི་” ་རྩོམ་པ་པོ་སློབ་གྲོགས་རིག་མཚོའི་བརྩམས་ཆོས་ཁ་ལ་ཡུག་ཅེས་པར་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། བྱ་དགའི་གཟེངས་སྐྱེས་སུ་སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་དཔལ་སྟག་རི་རི་བོ་རྩེ་ལྔ་དང་ཨ་མའི་སློབ་གསོ་ཞེས་པ་སོ་སོར་པོད་གཅིག་གི་བདག་ཉིད་ཅན། མདོ་སྨད་ཆོས་འབྱུང་པོད་གཅིག་གི་བདག་ཉིད་ཅན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་པོད་གསུམ་གྱི་བདག་ཉིད་ཅན། ཨ་རིག་དགེ་བཤེས་ཆེན་མོའི་གསུང་འབུམ་པོད་གཅིག་གི་བདག་ཉིད་ཅན། རྒྱ་གར་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ཞེས་པ་པོད་གཅིག་གི་བདག་ཉིད་ཅན། སྲིབ་ལུང་ནང་གི་ཉི་འོད་ཅེས་པ་པོད་གཅིག་གི་བདག་ཉིད་ཅན་དང་གཟི་བརྗིད་དཔང་ཡིག་བཅས་དམངས་སྒོར་ལྔ་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ་བ་དང་། དེར་མཐུད་ཨང་དང་པོ་ཐོབ་པའི་བརྩམས་ཆོས་སྒྲོག་འདོན་བགྱིས་པ་སྟེ། རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་ཙ་གུའི་རིག་མཚོའི་བརྩམས་ཆོས་ཁ་ལ་ཡུག་ཅེས་པ་རང་སློབ་གྲྭའི་སྐད་ཡིག་དགེ་རྒན་ལྷ་མོ་མཚོ་ལགས་ཀྱིས་སྒྲོག་འདོན་བགྱིས།  

   སློབ་གྲོགས་སོ་སོས་རང་རང་རྣམ་དཔྱོད་དང་ཤེས་བརྩོན་ཟུང་སྦྲེལ་གྱིས་གྲུབ་པའི་བརྩམས་ཆོས་རེ་རེ་དགེ་རྒན་རྣམ་པའི་སྙན་མོ་ངག་ཏུ་བླངས་ཚེ་བརྩམས་ཆོས་ཀྱི་བརྗོད་བྱ་རྗོད་བྱེད་གང་ཅིའི་བྲོ་བར་ཁ་དོག་གཞན་ཞིག་བསྣན་འདུག་པའི་ཚོར་ཤེས་དམིགས་བསལ་བ་ཡང་སྟེར་བར་བྱེད་པ་ཞིག་ཏུ་སྣང་།   དེར་མཐུད་ཐེངས་འདིར་དམིགས་བསལ་མི་ཉི་ཤུ་ལྷག་ལ་རྩོམ་རིག་ཡར་སྐུལ་གཟེངས་སྐྱེས་སྤྲད་པ་འདི་ལྟར་ལགས་ཏེ། དབྱངས་གསལ་བླ་སྲོག་འཛིན་གྲྭའི་སློབ་གྲོགས་རིག་མཚོ་དང་དངོས་སྟོབས་རིག་པའི་འཛིན་གྲྭའི་སློབ་གྲོགས་ཀུན་འགྲིག་དང་གཡང་སྐྱིད། སློབ་གྲོགས་ཆོས་མཚོ་དང་དཀོན་མཆོག་སྒྲོལ་མ། འཕྲོག་བྱེད་དཀར་མོའི་འཛིན་གྲྭའི་སློབ་གྲོགས་ཇི་སྙེད་མཚོ་དང་མཁའ་ལྷ། གངས་རིའི་སྐར་རྒྱན་འཛིན་གྲྭའི་སློབ་གྲོགས་ཏཱ་རེ་སྒྲོལ་མ་དང་ལྔ་རིག་ལྷག་བརྩོན་འཛིན་གྲྭའི་སློབ་གྲོགས་བསོད་ནམས་སྐྱིད། གླིང་དཀར་ནེའུ་ཆུང་འཛིན་གྲྭའི་སློབ་གྲོགས་དཔལ་ཚེ་དང་ནོར་བུ་མཚོ། རིག་པའི་ལྷ་མོ་དང་མཁར་མཚོ། འཇིགས་བྱེད་སྒྲོལ་མ། ལྷག་བསམ་པད་དཀར་འཛིན་གྲྭའི་སློབ་གྲོགས་ཏཱ་རེ་སྒྲོལ་མ་དང་ཐུབ་བསྟན་དབང་མོ། རིན་ཆེན་མཁའ་འགྲོ་དང་ལྷ་མོ་མཚོ། རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་ནོར་བུ་དབང་མོ་དང་བཀྲ་ཤིས་མཚོ་བཅས་སུ་སོ་སོར་རྩོམ་འབྲིའི་ཡར་སྐུལ་གྱི་གཟེངས་སྐྱེས་སུ་རྒན་རྒྱ་གྲོལ་ལགས་ཀྱི་བོད་རིག་པའི་དཔྱད་རྩོམ་ཕྱོགས་སྒྲིག་པོད་གཅིག་གི་བདག་ཉིད་ཅན་དང་གཟི་བརྗིད་དཔང་ཡིག་བཅས་བསྩལ།       དེར་མཐུད་སློབ་གཙོ་སོག་རུའི་འབྲུག་འབུམ་རྒྱལ་གྱིས་ཐེངས་འདིའི་བྱེད་སྒོ་དང་འབྲེལ་བའི་གཏམ་བཤད་བྱས་པ་དང་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་དང་མཉམ་པར་བསྒྲོན་པ། རང་སློབ་གྲྭའི་དབྱིན་ཡིག་དགེ་རྒན་ཀུན་བཟང་སྐྱིད་ཀྱིས་དམངས་གླུ་སྙན་མོ་བླངས་ཏེ་བྱེད་སྒོའི་གོ་རིམ་ཡོངས་སུ་མཇུག་བསྒྲིལ་བར་བྱས་པ་ལགས་སོ།།

གསར་འགོད་པ། གཡོན་གཞིས་ནོར་སྟོབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23569539
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།