ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་
ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-27ལྟ་ཀློག (1178)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།


 ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁི་ལིས་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁི་ལིས་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ང་རང་ལོ་གསུམ་ལྷག་འགོར་རྗེས་ཡང་བསྐྱར་མོ་སི་ཁོ་ལ་ཡོང་བ་དང་། ངས་བསྟུད་མར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཐོག་དང་པོར་འཚམས་འདྲིར་ཡོང་བ་དང་ཨུ་རུ་སི་ལ་རྒྱལ་དོན་འཚམས་འདྲི་བྱས་པ་ཡང་ཡིན། ལོ་བཅུའི་རིང་། ཙུང་ཐུང་ཕུའུ་ཅིན་ངེད་གཉིས་ཀྱི་བར་དུ་འབྲེལ་བ་ཟབ་མོ་བཙུགས་ཤིང་། འཐབ་ཇུས་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས།

ད་ཅི་ཙུང་ཐུང་ཕུའུ་ཅིན་ངེད་གཉིས་ཀྱིས་མཛའ་མཐུན་དང་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཐུན་མོང་གི་ལྟ་ཚུལ་གསར་པ་གང་མང་བཏོན། ང་ཚོས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་དང་ཉིས་སྟོང་སུམ་ཅུ་ལོའི་སྔོན་གྱི་ཀྲུང་གོ་ཨུ་རུ་སིའི་དཔལ་འབྱོར་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོའི་འཕེལ་རྒྱས་འཆར་འགོད་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་བཀོད་པར་མ་ཟད་འགྲེམ་སྤེལ་བྱས་ཏེ། དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་འཆར་འགོད་དང་བཀོད་སྒྲིག་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་ངེད་གཉིས་ཀྱིས་ལོ་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བ་དང་། འཛམ་གླིང་གི་ཆགས་སྟངས་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཆེན་པོ་ཡོད་པར་སྙམ། ཕྱོགས་གཉིས་ཀྱིས་ཁྱིམ་མཚེས་མཛའ་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལ་དམིགས་ཏེ་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག ཕྱོགས་གཉིས་ཀྱིས་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་སྒོ་ནས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་ལྟ་ཚུལ་ཡང་དག་པ་བཟུང་ནས། མིའི་རིགས་ཀྱི་ཡར་ཐོན་དང་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས།

ང་ཚོས་གཅིག་གྱུར་སྒོས་བལྟས་ན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མི་གཞུང་བརྗེ་རེས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱིས་ཞིང་ཆེན་དང་ཁུལ་བར་དུ་མཛའ་མཐུན་ཡོང་བར་བྱེད་པ་དང་ལྷག་བསམ་རྣམ་དག་སྒོས་ཁ་གཏད་བརྗེ་རེས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨུ་རུ་སི་བར་གྱི་ལུས་རྩལ་བརྗེ་རེས་ལོ་བཟང་བོར་བསྒྲུབ་ནས། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་ཆ་རྐྱེན་བཟང་བོ་སྐྲུན་དགོས་དགོས་པར་སྙམ།

ཞི་ཅིན་ཕིང་གིས་བསྟན་དོན། ཟླ་སྔོན་མའི་ནང་། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་འགྲེམ་སྤེལ་བྱས། ཝུའུ་ཁི་ལན་ཉམས་ཉེན་གནད་དོན་ཐད་ནས། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་དམིགས་འབེན། རྩ་དོན་བཅས་བརྩི་སྲུང་བྱས་ཏེ།  དངོས་ཡོད་ཀྱི་དྲང་བདེན་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་གྲོས་མོལ་བྱེད་པར་སྐུལ་ལྕག་བྱེད་པ། དོན་དག་རང་སྟེང་གི་བདེན་རྫུན་དྲང་འཁྱོག་གིས་དོན་དག་ཐག་གཅོད་པའི་ལངས་ཕྱོགས་ལྟར། དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་ཕྱོགས་སུ་རྦད་ཆོད་སྒོས་ལངས་ཤིང་གྲོས་མོལ་བྱེད་པའི་ཕྱོགས་སུ་ལངས་པ་དང་། ལོ་རྒྱུས་ཡང་དག་པའི་ཕྱོགས་སུ་ལངས་པ་ཡིན་ཟེར།

བདག་གིས་མུ་མཐུད་དུ་རྣམ་པ་སྣ་ཚོགས་བརྒྱུད་དེ་ཕུའུ་ཅིན་ཙུང་ཐུང་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱེད་པ་སྲུང་འཛིན་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྣེ་ཁྲིད་བྱེད་པར་རེ་སྒུག་བྱས་ཡོད།

ལོ་ཙཱ་བ། བཀྲ་ཤིས་འབུམ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572434
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།