ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-21ལྟ་ཀློག (1431)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།

ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཨུ་རུ་སིའི་རྒྱལ་ས་མོ་སི་ཁི་རུ་འབྱོར་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཁི་ལིས་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཨུ་རུ་སིའི་རྒྱལ་ས་མོ་སི་ཁི་རུ་འབྱོར་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཁི་ལིས་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་ཐོན་ལ་ཉེ་སྐབས་ཁི་ལིས་མུའུ་ལིན་ཕོ་བྲང་གི་དམག་སྤྱིས་རླངས་འཁོར་འབབ་གནས་ནས་བསུ་མ་བྱས། ཙུང་ཐུང་ཕུའུ་ཅིང་གིས་སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕྱག་འཇུ་གནང་ནས་མཉམ་པར་བླངས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་ཨུའི་འབྲེལ་བ་དང་དེ་བཞིན་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ཐད་ནས་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་གིས་གདན་དྲངས་པ་ལྟར་དུ། སླར་ཡང་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱེད་ཐུབ་པར་ང་རང་ངོས་ནས་དགའ་བ་ཚད་མེད་སྐྱེས། ལོ་བཅུའི་སྔོན་ལ། ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཐོག་དང་པོར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱས་ལ། རྣམ་པ་དེ་ད་ལྟའང་ད་དུང་བརྗེད་མེད་ཡིན། ལོ་ངོ་བཅུའི་རིང་ལ། ངས་ཙུང་ཐུང་ཕུའུ་ཅིང་བར་དམ་ཟབ་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། ངས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་མུ་མཐུད་དུ་འཁུར་བའི་དུས་ཡུན་ཡིན་ནའང་འདྲ། ཡང་ན་དུས་ཡུན་རིང་བོ་མ་འགོར་བའི་སྔོན་ལ། ང་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་སྐབས་གང་ཡིན་རུང་། ཙུང་ཐུང་ཁྱེད་ཀྱིས་ཀུན་གྱི་སྔོན་ལ་ང་ལ་གློག་འཕྲིན་གྱི་ལམ་ནས་རྟེན་འབྲེལ་ཞུས་བར་བརྟེན། ངས་བཀའ་དྲིན་ཆེ་ཞུས་པ་ཡིན། སང་ལོར་ཨུ་རུ་སིས་ཙུང་ཐུང་འདེམས་བསྐོ་བྱ་རྒྱུ་རེད། ཁྱེད་ཀྱི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཨུ་རུ་སིའི་འཕེལ་རྒྱས་དང་དར་རྒྱས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས། ཨུ་རུ་སི་མི་དམངས་ཀྱིས་མུ་མཐུད་དུ་ཁྱེད་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་ནས་ད་ལྟའི་བར་དུ་ལོ་རྒྱུས་ཀྱི་གཏན་ཚིགས་ངེས་ཅན་ལྡན། ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པའི་ཀྲུང་ཨུའི་འབྲེལ་བས། རང་སོ་སོའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་དང་ཕྱི་ཕྱོགས་སྲིད་ཇུས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོས་སྔར་ནས་བཟུང་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་ཡོང་བར་བྱ་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་མོ་གཞིར་བཟུང་ནས་འཐབ་ཇུས་ཀྱི་གདམ་ག་བྱས་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པའི་ཁ་ཕྱོགས་ཆེན་པོར་འགྱུར་ལྡོག་འབྱུང་མི་སྲིད། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རྩེ་གཅིག་ཏུ་འབད་དེ། ཚང་མས་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཚང་མས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་གི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་ནན་གྱིས་གསུངས།

ཕུའུ་ཅིང་གིས་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་གིས་བསྟུད་མུར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་བར་སླར་ཡང་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། ཕུའུ་ཅིང་གིས་འདས་ཟིན་པའི་ལོ་བཅུའི་རིང་ལ། ཀྲུང་གོའི་ཕྱོགས་སོ་སོའི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། དེས་ཀྲུང་གོའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་དགེ་མཚན་ར་སྤྲོད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོས་མུ་མཐུད་དར་རྒྱས་གོང་འཕེལ་བརྩོན་ལེན་དང་གཏན་འཁེལ་བྱས་ཟིན་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་ཚང་མ་བདེ་བླག་ངང་མངོན་འགྱུར་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཏུ། ཨུ་ཀྲུང་འབྲེལ་བའི་ཁྱབ་ཁོངས་སོ་སོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀའི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་། ཞི་ཅིན་ཕིང་གིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ཞི་བདེ་དང་ཚུལ་མཐུན་གྱི་འབོད་སྒྲ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་མང་ཆེ་བས་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་འཛིན་བཞིན་ཡོད་པ་ལས། མེ་སྟེང་སྣུམ་ལྡུག་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། གདོང་གཏུག་ཚང་མ་གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། ཅང་མ་འགོར་བའི་སྔོན་ལ། ཀྲུང་གོ་ཕྱོགས་ཀྱིས་ཆེད་མངགས་ལངས་ཕྱོགས་ཀྱི་ཡིག་ཆ་སྤེལ་ཏེ། ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། འཇམ་འཐབ་ཀྱི་བསམ་བློར་ངོ་རྒོལ་བྱེད་པ། ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ཐད་ནས་འབོད་སྐུལ་བཏང་ཡོད། ང་ཚོས་བལྟས་ན་དཀའ་ངལ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་ཞི་བདེ་ལ་བར་སྟོང་བསྐྱུར་དགོས་པ་དང་། འགལ་བ་ཅི་ཙམ་རྣོ་ངར་ཆེ་ན་དེ་ཙམ་གྱིས་ཕན་ཚུན་བར་གྱི་བསམ་ཚུལ་བརྗེ་རེས་འདོར་མི་རུང་།  ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ངོས་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པར་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས།

ཕུའུ་ཅིང་གིས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་དྲང་བདེན་དང་གཟུར་གནས། དོ་མཉམ་བཅས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་བསྟན་པར་ཨུ་རུ་སུ་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ངོས་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་དགོས་པའི་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཡིག་ཆར་ཞིབ་འཇུག་ནན་ཏན་བྱས་ནས། ཞི་བའི་གྲོས་མོལ་ལ་རྣམ་འགྱུར་ལྷོད་མོ་འཛིན་གྱིན་ཡོད་པས། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུས་པ་ཡིན་ཞེས་བསྟན།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་སང་ཉིན་སླར་ཡང་གྲོས་མོལ་གནང་ནས། མ་འོངས་པའི་དུས་སྐབས་ཤིག་རིང་གི་ཀྲུང་ཨུའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ལ་འཆར་གཞི་གསར་པ་བཟོ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574054
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།