བོད་ཀྱི་པཎྚི་ཏའི་དཀར་ཆག (དགུ་བ) ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྚི་ཏའི་དཀར་ཆག (དགུ་བ) ལྕང་ལུང་པཎྜི་ཏ་ངག་དབང་བློ་བ
བོད་ཀྱི་པཎྚི་ཏའི་དཀར་ཆག (དགུ་བ) ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-20ལྟ་ཀློག (2438)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།

གྲུབ་མཐའ། དགེ་ལུགས་པ།

འཁྲུངས་འདས། ༡༧༧༠-༡༨༤༥

ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྤྱི་ལོ་(༡༧༧༠)ལོར་སོག་པོ་ཚོ་ཆེན་ཞེ་དགུའི་ཡ་གྱལ་སོ་ཉིད་གཡོན་རུའི་ཤོག་ཏུ་ཡབ་ཐའི་ཇི་དོན་འགྲུབ་དང་ཡུམ་བདེ་བ་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ལྕང་སྐྱ་རོལ་བའི་རྡོ་རྗེས་ལྕང་ལུང་བློ་བཟང་དཔལ་འབྱོར་གྱི་ཡང་སྲིད་དུ་ངོས་འཛིན་མཛད། དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་བླ་བྲང་དུ་ཕེབས། མཁན་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་བོའི་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ། བཤེས་གཉེན་ངག་དབང་དཔལ་འབྱོར་ཡོངས་འཛིན་དུ་བསྟེན། དགུང་ལོ་བདུན་ལ་སྐུ་གོང་མའི་གདན་ཁྲིར་ཕེབས། དགུང་ལོ་བཅུ་བཞི་ལ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྕང་སྐྱ་རོལ་པའི་རྡོ་རྗེའི་དྲུང་དུ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་སོགས་གསན། ཤ་མི་བཞེས་པའི་དམ་བཅའ་མཛད། དགུང་ལོ་བཅུ་དགུ་ལ་དགོན་པའི་ལས་དོན་ཆེ་ཕྲ་མཐའ་དག་གི་ཐུགས་འགན་བཞེས། དགུང་ལོ་ཉེར་གཅིག་ལ་ལྷ་སར་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། 

དགུང་ལོ་ཉེར་གཉིས་ལ་༧རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དེའི་ལོར་གོར་ཁའི་དམག་བྱུང་། དབུས་སུ་ལོ་ལྔ་ཙམ་བཞུགས། རང་ཡུལ་དུ་ཕྱིར་ཕེབས་ཁར་༧རྒྱལ་དབང་འཇམ་དཔལ་རྒྱ་མཚོས་ཁོང་ལ་པཎྜི་ཏའི་ཆོ་ལོ་དང་། དབུ་གདུགས། ཐམ་ཀ པཎ་ཞྭ་སོགས་སྐུའི་ཉེར་བྱད་ཆ་ཚང་གནང་། དགུང་ལོ་ཉེར་དགུ་ལ་བྱམས་ཆེན་ལྷ་ཁང་གསར་བཞེངས་དང་འབྲེལ་གོང་མའི་བཀའ་བཞིན་པེ་ཅིན་དུ་ཕེབས། དགུང་ལོ་སོ་བཞི་ལ་སྐུ་འབུམ་བརྒྱུད་བཀྲ་ཤིས་འཁྱིལ་དུ་ཕེབས། གུང་ཐང་བསྟན་པའི་སྒྲོན་མེར་མཇལ་ནས་ཆོས་མང་དུ་གསན།  

དགུང་ལོ་ཞེ་ལྔའི་ཐོག་རང་དགོན་དུ་མཚན་ཉིད་གྲྭ་ཚང་བཙུགས། གོང་མའི་ཞབས་བརྟན་བསྒྲུབ་པར་པེ་ཅིན་དུ་ཐེངས་འགར་ཕེབས། ཁོང་གི་ཕྱག་རྩོམ་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་གྱི་རིམ་པ་ལེགས་བཤད་བདུད་རྩིའི་བསིལ་མངར། གནས་མཆོག་བསོད་ནམས་ཀུན་སྡུད་གླིང་གི་རྟེན་གཙོ་བོ་ཇོ་བོ་མ་ཧཱ་བོ་རྡིའི་དཀར་ཆག་ཆེད་དུ་བརྗོད་པ་དྭངས་གསལ་མེ་ལོང་། བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་བསྙེན་ཐབས་ཀྱི་མན་ངག་གསང་བདག་དགྱེས་ཞལ་བལྟ་བའི་མེ་ལོང་སོགས་པོ་ཏི་དྲུག་ཙམ་ཕྱག་རྩོམ་གནང་།  སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས། དགུང་ལོ་དོན་དྲུག་ལ་ཕེབས་པ་རབ་བྱུང་བཅུ་བཞི་བའི་ཤིང་སྦྲུལ་སྤྱི་ལོ་(༡༨༤༥)ལོར་སྐུ་གཤེགས། 

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 97yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572289
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།